གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཅན་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་ནང་ དོ་འགྲན་འབད་ནིའི་གོ་སྐབས།

༢༡/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ དམ་ཅན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་བཏངམ་ལས་ འབྲུག་གོང་འཕེལ་དངུལ་ཁང་སྡེ་ཚན་དེ་ མཐའ་བཅད་འོག་མའི་ནང་ ལྷོད་མི་ཚུགས་ནི་ཨིན་མི་ལུ་ སེམས་ཐག་ཆོད་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གི་ རྩེད་འགྲན་པ་ཅིག་གིས་ ཚག་གཏད་པའི་བསྒང་།


སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་པའི་སྐབས་ འབྲུག་གོང་འཕེལ་དངུལ་ཁང་གི་ རྩེད་འགྲན་འབད་མི་ཚུ་གིས་ བཀག་རེག་ཚུ་ རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ སྐོར་ཐེངས་༥ འི ནང་ སྐུགས་༡༤ ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ ཐོབ་མ་ཚུགས་མི་ལུ་ལྟ་སྟེ་ ལྟདམོ་ལྟ་མི་བརྒྱ་ལས་བཅད་ འཛོམས་མི་ཚུ་གི་མཐོང་སྣང་ལུ་ དོ་འགྲན་འབད་དགོཔ་སྦོམ་འབྱུང་ནི་ཨིནམ་སྦེ་ དོགས་པ་ཆགས་ནུག།
དམ་ཅན་སྡེ་ཚན་ནང་ རིག་རྩལ་དང་ ཉམས་མྱོང་ལེགས་ཤོམ་ དེ་ལས་ ལག་རྩལ་སྒྲིང་སྒྲིང་ཡོདཔ་ཨིནམ་ཤེས་ཏེ་འབད་རུང་ འབྲུག་གོང་འཕེལ་དངུལ་ཁང་གི་ མདའ་རྩེདཔ་ཚུ་ ག་དེམ་ཅིག་ལེགས་ཤོམ་ཡོདཔ་ཨིན་ན་ རྩེད་འགྲན་བལྟ་ནིའི་དོན་ལུ་ འོང་མི་ སྐྱེས་ལོ་༤༥ ལང་མི་ ཤེས་རབ་ཀྱིས་འབད་བ་ཅིན་ དམ་ཅན་གྱིས་ བྱང་ཕྱད་སྡེ་ཚན་དེ་ ཉིན་མའི་ལྟོ་མ་བཟའཝ་ལས་ ཕམ་གཏང་འོང་མནོ་སྡོད་ཅི་ཟེར་ ཨིན་པས།
ཨིན་རུང་ སྒེར་གྱི་ལཱ་འབད་མི་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ དམ་ཅན་གྱིས་ འབྲུག་གོང་འཕེལ་དངུལ་ཁང་ལས་ རྒྱལ་ཁ་འཐོབ་ཚུགས་ནི་བཟུམ་ར་ མི་མཐོང་པས་ཟེར་སླབ་མི་དེ་ཡང་ ཉིན་མ་ལྟོའི་དུས་ཚོད་ནང་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྐུགས་༡༧ ཐོབ་ད་ དམ་ཅན་གྱིས་ སྐུགས་༡༤ ལས་བརྒལ་ ཐོབ་མ་ཚུགས་ནི་དེ་གིས་ཨིན་པས།
དེ་འབདཝ་ད་ ཉི་མའི་ལྟོ་བཟའ་ཞིནམ་ལས་ ལོག་འགོ་བཙུགས་པའི་སྐོར་ཐེངས་ནང་ དམ་ཅན་གྱིས་ བཀག་རེག་༩ ཕོག་མི་དེ་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༥ ལས་བརྒལ་བཏོག་མ་ཚུགསཔ་ལས་ སྐུགས་༢༢ ལུ་ལྷོད་ཡོདཔ་བཞིན་དུ་ གཞན་མི་ སྐོར་ཐེངས་ནང་ བཀག་རེག་༧ ཕོག་མི་ལས་ སྐུགས་༤ ཐོབ་སྟེ་ སྐུགས་དང་པ་ཆོད་བཏངམ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༡༧ ལུ་ར་ ལུས་སོཔ་ཨིན་པས།
ལོག་རྩེད་འགྲན་འགོ་བཙུགས་པའི་ སྐོར་ཐེངས་དེ་ནང་ར་ བཀག་རེག་༨ ཕོག་སྟེ་ སྐུགས་༡༠ རྩིས་བའི་ཤུལ་ལས་ སྐོར་ཐེངས་༣ ནང་ སྐུགས་༢༠ ཐོབ་ད་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༢ དང་ སྐོར་ཐེངས་མཇུག་གི་༢ པའི་ནང་ འབྲུག་གོང་འཕེལ་དངུལ་ཁང་གིས་ བཀག་རེག་༧ ཕོག་མི་དེ་ བཀག་རེག་༣ ལས་བརྒལ་བཏོག་བཏངམ་མ་ཚུགསཔ་ལས་ སྐུགས་༡༠ བརྩི་ནི་ཐོབ་ཅི།
དམ་ཅན་སྡེ་ཚན་གྱིས་ དོབ་སྦྱེལ་༢ དང་ བཀག་རེག་༥ ཕོག་ཡོདཔ་ལས་ སྐུགས་༡༤ རྩིས་རྐྱབ་ད་ སྐུགས་ཆོད་ནི་ལས་ལྷག་སོཔ་ལས་ སྐུགས་༢ པམ་ ཕྱི་རུའི་དུས་ཚོད་ནང་ ཆོད་བཏངམ་ལས་ འབྲུག་གོང་འཕེལ་དངུལ་ཁང་གིས་ སྐུགས་༡༠ ལས་བརྒལ་ཐོབ་མ་ཚུགས་པར་ཕམ་ཡོདཔ་ཨིན།
འོག་གི་ འབའ་སྐྱོར་ནང་ གི་རིན་ཊིམ་དང་ འབྲུག་ཚོང་ལས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གི་རིན་ཊིམ་གྱིས་ སྐུགས་༡  ཆོད་ཡོད་རུང་ སྐུགས་༢ པ་དེ་ སྡེ་ཚན་ག་གིས་ ཆོད་མ་ཚུགསཔ་ལས་ གི་རིན་ཊིམ་གྱིས་ སྐུགས་༡༣ དང་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༤ ད་རིས་ འཕྲོ་མཐུད་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment