གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༥ གི་ཤུལ་ལས་ ད་རུང་ མའུ་མཁོ་ལ་ཟམ་ བཟོ་སྐྲུན་འབད་ནིའི་ཁས་བླངས།

༢༢/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དགེ་ལེགས་ཕུག་གི་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ད་རུང་ ལོག་སྟེ་ར་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ མའུ་མཁོ་ལ་ཟམ་དེ་ བཟོ་སྐྲུན་འབད་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དགེ་ལེགས་ཕུག་གི་ མི་སེར་ཚུ་ལུ་ མའུ་ཁོ་ལ་ཟམ་ བཟོ་སྐྲུན་འབད་ནི་གི་ ཁས་བླངས་འབད་བའི་བསྒང་།


ཁས་བླངས་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་དོན་ལུ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་དགོ་པའི་ བསྐུལ་མ་འབད་བའི་སྐབས་ དགེ་ལེགས་ཕུག་ འབྲུག་ཨོ་ལིམ་པིག་ཚོགས་པའི་ཁང་ ལྟེམ་ལྟེམ་སྦེ་གང་མི་ འདེམས་ཁོངས་འོག་གི་ མི་སེར་༦༠༠ ལྷགཔ་ཅིག་ལུ་ སླབ་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་གིས་ སླབ་མིའི་ནང་ མ་གཞི་ ལས་འགུལ་དེ་གི་སྐོར་ལས་ ལོ་༥ འི་འཆར་གཞི་༡༠ པའི་ནང་ མ་ཚུད་དེ་འབད་རུང་ ཆུ་བརྒལ་འགྱོ་དགོ་པའི་ རྒེད་འོག་༥ གི་ མི་སེར་ཚུ་གི་ སྐྱིད་སྡུག་ཧ་གོ་སྟེ་ ཕྱིའི་རྒྱལ་ཁབ་ཚུ་དང་ ངོ་རྐྱང་ཚུ་ལས་ མ་དངུལ་འཚོལ་ནིའི་དཔའ་བཅམ་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།
ང་བཅས་ཀྱིས་ མ་དངུལ་ཚུ་ ག་དེ་སྦེ་འཚོལ་རུང་ འཚོལ་མ་ཐོབ་རུང་་ ད་ལས་ཕར་ ངེས་བརྟན་འཐོབ་ཚུགསཔ་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
ཟམ་དེ་རྐྱབ་ནིའི་སྐོར་ལས་ འབྲུག་ཕུན་སུམ་ཚོགས་པའི་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ འཐུས་མི་བགྲེསཔ་ པེ་རེམ་ ཀུ་མར་གྱིས་ཡང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་བསྐུལ་བསྒྲགས་སྐབས་ ཁས་བླངས་འབད་བའི་ཤུལ་ལུ་ མིང་ཡང་ པེ་རེམ་མཁོ་ལ་ཟེར་ མི་སེར་ཚུ་གིས་ བཏགས་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་གཞུང་ལམ་དེ་ སེལ་བའི་བསྒང་ཡོདཔ་ལས་ ཟམ་དེ་ཡང་ རྐྱབ་ནིའི་འཆར་གཞི་ཡོད་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པས།
ཟམ་དེ་བསྒྲུབ་པའི་བསྒང་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ མང་ཤོས་ར་ ཆུ་གཟར་སྒང་དང་ ཨུམ་གླིང་ དེ་ལས་ རྟ་རས་ཐང་རྒེད་འོག་༣ གྱི་ མི་སེར་བརྒྱ་ལས་བཅད་མི་ཚུ་ ཟམ་མེད་མི་ལུ་བརྟེན་ ཉེན་ཁ་འབག་སྟེ་ གྲུ་ཆུང་ནང་ ཆུ་བརྒལ་དགོ་པའི་དཀའ་ངལ་བྱུང་མི་དེ་ བསལ་ཚུགས་ནི་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment