གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་རྨས་སྐྱེས་ཅིག་གི་ མགུ་ཏོ་ཐོབ་ཡོདཔ།

༡༩/༦/༢༠༡༣   ༉ ཁ་ཙ་ ཉིན་མའི་ཆུ་ཚོད་༡༡ དེ་ཅིག་ཁར་ ཐིམ་ཕུ་ཨོ་ལ་ཁ་ལས་ ཨ་ལུ་རྨས་སྐྱེས་ཅིག་གི་ མགུ་ཏོ་ཐོབ་ཡོདཔ་ཨིན་པས།
ཨོ་ལ་ཁ་ལུ་སྡོད་མི་ ཧ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་རྨས་སྐྱེས་ཀྱི་གཟུགས་དེ་ རོ་ཁྱི་ཚུ་གིས་ བཟའ་བཟའཝ་བཟུམ་ཅིག་ འདུག་ཟེར་ཨིན་པས།



ས་གནས་ནང་ སྡོད་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ ཨ་ལུའི་མགུ་ཏོ་དེ་ སྒྲོམ་ཅིག་ནང་ བཙུགས་ཞིནམ་ལས་ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་ནིའི་དོན་ལུ་ བདག་འཛིན་འཐབ་སྟེ་ཡོད་ཟེར་ཨིན་པས།
ལྕང་ཇི་ཇི་གི་ ཁྲིམས་སྲུང་འགག་པ་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཁ་ཙ་ གཞུང་གི་ངལ་གསོ་འབད་ནི་དེ་གིས་ ཁྲོམ་སྡེའི་ཡིག་ཚང་ལུ་ སྙན་ཞུ་འབད་མ་ཚུགས་རུང་ ད་རིས་ སྙན་ཞུ་འབད་ཞིནམ་ལས་ རྩིས་སྤྲོད་འབད་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment