གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ འབྲུག་གི་སྡེ་ཚན་ལུ་ གཱོལ་༡༦ བཙུགས་ཡོདཔ།

༢༩/༦/༢༠༡༣   ཉིནམ་དང་པའི་ནང་ ཐའི་ལེནཌི་གིས་ འབྲུག་ལུ་ གཱོལ་༢༩-༡ བཙུགས་ཏེ་ ཕམ་བཏང་ནུག།
༉ ཀོ་རི་ཡའི་ས་གནས་ ཨིན་ཅི་འོན་ལུ་ ཨེ་ཤི་ཡཱན་ནང་རྩེད་དང་ འཐབ་རྩལ་འགྲན་བསྡུར་ཐེངས་༤ པ་ རྩེད་འགྲན་འབད་བའི་བསྒང་ཡོད་མི་དེ་ནང་ ཁ་ཙ་ འབྲུག་གི་ཕུཊ་སཱལ་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་དེ་ མ་ལེ་ཤི་ཡ་སྡེ་ཚན་གྱིས་ གཱོལ་༡༦ བཙུགས་ཐོག་ལས་ ཕམ་བཏང་ཡོདཔ་ད་ འབྲུག་གི་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགས་པས།
ཁ་ཙ་ འབྲུག་(ཁེན་འཇར་དཀརཔོ)དང་ མ་ལེ་ཤི་ཡ་སྡེ་ཚན་གྱི་བར་ན་ རྩེན་འགྲན་འབད་བའི་བསྒང་།


སྤྱི་ཟླ་༦ པའི་ཚེས་༢༥ ལུ་ རྩེད་འགྲན་འགོ་འབྱེད་སྐབས་ ཐའི་ལེནཌི་སྡེ་ཚན་གྱིས་ འབྲུག་གི་སྡེ་ཚན་ལུ་ གཱོལ་༢༩ བཙུགས་ཡོད་རུང་ འབྲུག་གིས་ གཱོལ་༡ མ་གཏོགས་ བཙུགས་མ་ཚུགས་པས།
ཕུཊ་སཱལ་རྩེད་འགྲན་ཟེར་མི་དེ་ གཱོལ་བཟུང་མི་རྩིས་ཏེ་ རྩེད་འགྲན་པ་༥ རེ་འབད་མི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ཨིན་པས།
སྡེ་ཚན་༣ རེ་འབད་མི་ དབྱེ་སྡེ་༧ ཡོད་མི་ལས་ འབྲུག་འདི་ ཐའི་ལེནཌི་དང་ མ་ལེ་ཤི་ཡའི་ སྡེ་ཚན་ནང་ ཚུད་ཡོདཔ་ད་ ཨེ་ཤི་ཡཱན་ནང་རྩེད་དང་ འཐབ་རྩལ་འགྲན་བསྡུར་ཐེངས་༤ པ་དེ་ སང་ཕོད་ ཨིན་ཅི་འོན་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ཨེ་ཤི་ཡའི་རྩེད་འགྲན་ཐེངས་༡༧ པའི་དོན་ལུ་ བརྟག་དཔྱད་རྩེད་འགྲན་ཅིག་ཨིན་པས།
བརྟག་དཔྱད་རྩེད་འགྲན་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment