གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་ལས་ རུ་པི་དུང་ཕྱུར་༣ ནང་ཁྲལ་སླར་ལོག་ཐོབ་ཡོདཔ།

༢༨/༦/༢༠༡༣   ༉ འབྲེལ་ཡོད་གཞུང་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱ་གར་ལས་ འཆར་གཞི་༡༠ པའི་མ་དངུལ་གྲོགས་རམ་ལྷག་ལུས་ དངུལ་ཀྲམ་དུང་ཕྱུར་༤.༢ དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཐོབ་མི་ཐོབ་གཏན་འཁེལ་བཟོ་དགོཔ་ཡོད་རུང་ འབྲུག་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ རྒྱ་གར་གྱི་ རུ་པི་དུང་ཕྱུར་༣ སྤྱི་ལོ་༢༠༡༠-༢༠༡༡ ལོ་གི་ ནང་ཁྲལ་སླར་ལོག་ཐོབ་ཡོདཔ་ཨིན་པས།


དེ་ཡང་ འབྲུག་གིས་ རྒྱལ་ཁབ་ནང་ ནང་འདྲེན་འབད་བའི་ ཅ་ཆས་ཚུ་ལུ་ ནང་ཁྲལ་སྤྲོད་མི་དེ་ རྒྱ་གར་གཞུང་གིས་ སླར་ལོག་སྤྲོད་མི་ མ་དངུལ་ལུ་ སླབ་ཨིན་པས།
ད་ལྟོ་ཡོད་མི་ ཚོང་འབྲེལ་གྱི་ བྱ་སྒོ་ནང་ འབྲུག་མི་ནང་འདྲེན་པ་ཚུ་གིས་ རྒྱ་གར་ལས་ བཟོ་སྤྲུན་འབད་བའི་ ཅ་ཆས་ཀྱི་རིགས་ཚུ་ལུ་ གནས་གོང་གུ་ ནང་ཁྲལ་བརྒྱ་ཆ་༤ ལས་༢༠ གི་བར་ན་ ནང་ཁྲལ་སྤྲོད་དགོཔ་ཨིན་པས།
ནང་ཁྲལ་ཕོག་མི་ ཅ་ཆས་ཚུ་གི་གྲངས་སུ་ འཕྲུལ་ཁང་དང་ འཕྲུལ་ཆས་ བཟོ་སྐྲུན་རྒྱུ་ཆས་ དེ་ལས་ བཟོ་སྐྲུན་འབད་བའི་ ཅ་ཆས་ལ་སོགས་པ་ཚུ་ ཚུད་དོ་ཡོདཔ་ད་ ནང་ཁྲལ་མང་ཤོས་ར་ བཟོ་སྐྲུན་འབད་བའི་ ཅ་ཆས་ཚུ་ལུ་ བཀལཝ་ཨིན་པས།
ཅ་ཆས་ཚུ་ འཕྲུལ་ཁང་ཚུ་ལས་ ཐད་ཀར་དུ་ ཉོ་མི་ལུ་སྤྲོད་མི་ ནང་ཁྲལ་བརྒྱ་ཆ་༡༠༠ ལོག་ཐོབ་མ་ཚད་ ཁྲོམ་ཁ་ལས་ ཉོ་མི་ཚུ་ལུ་ བརྒྱ་ཆ་༤༠ རྐྱངམ་གཅིག་ ལོག་ཐོབ་ཨིན་པས།
གནས་སྐབས་གཞུང་གི་ གྲོས་དཔོན་༡ ཨིན་མི་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་ ཡོངས་ཁྱབ་མདོ་ཆེན་ དྲགོས་ཀརྨ་ཨུ་ར་གིས་ སླབ་མིའི་ནང་ རྒྱ་གར་གྱི་ གཞུང་ཚབ་ལས་ཁང་དང་ ཕྱི་འབྲེལ་ལྷན་ཁག་(བྱང་ཕྱོགས)གི་ མཉམ་འབྲེལ་དྲུང་ཆེན་གྱིས་ རྒྱབ་སྐྱོར་གང་དྲག་འབད་ཐོག་ལས་ རུ་པི་དུང་ཕྱུར་༣ ལོག་ཐོབ་མི་དེ་གིས་ རྩིས་ཁ་བསྡམ་པའི་ ནམ་དུས་ལུ་ འཆར་དངུལ་གྱི་ རྩིས་ཆད་ཐོན་མི་དང་ འདྲ་མཉམ་ཨིནམ་མ་ཚད་ རྒྱ་གར་གྱི་ རུ་པིའི་དགོས་མཁོ་བསྒྲུབ་འབད་ནི་ལུ་ཡང་ ཕན་ཁྱད་ལེ་ཤ་ཡོད་ཟེར་ཨིན་པས།
དེ་སྦེ་ ནང་ཁྲལ་སླར་ལོག་གནང་མི་ལུ་ འབྲུག་པའི་མི་སེར་དང་ གཞུང་གི་ཁ་ཐུག་ལས་ རྒྱ་གར་གཞུང་དང་ དམིགས་བསལ་དུ་ བསྟན་རྒྱས་ལྷན་ཁག་ལུ་ བཀྲིན་དགའ་ཚོར་སྦོམ་ཡོད་ཟེར་ དྲགོས་ཀརྨ་ཨུ་ར་གིས་ བཤདཔ་ཨིན་པས།
མ་དངུལ་དེ་གིས་ འཆར་དངུལ་གྱི་ རྩིས་ཆད་ཐོན་མི་དེ་ མེདཔ་བཟོ་བའི་ཁར་ རུ་པིའི་ཐོག་ལུ་ ཐོབ་ནི་དེ་གིས་ རུ་པིའི་བུ་ལོན་སྤྲོད་ཚུགས་ནི་ཨིནམ་མ་ཚད་ གསུམ་པ་འབདཝ་ད་ རྒྱ་གར་ལས་ ནང་འདྲེན་གྱི་ མཁོ་འདོད་ཚུ་ བསྒྲུབ་ནི་ལུ་ ཁྱད་ཕན་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ཨིན་རུང་ དངུལ་རྩིས་དྲུང་ཆེན་ བླམ་རྡོ་རྗེ་གིས་ སླབ་མིའི་ནང་ འོང་འབབ་མ་དངུལ་དེ་ལས་ ཆ་ཤས་ཅིག་ གཞུང་གི་ཟད་འགྲོའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་རུང་ གློག་མེ་ལས་འགུལ་དང་ སྒེར་སྡེའི་བསྐྱིན་འགྲུལ་ཚུ་གི་དོན་ལུ་ ལག་ལེན་མི་འཐབ་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment