གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༨ ཀྱི་ཤུལ་ལས་ ཀིངསི་ཀ་ལབ་ལོག་འགོ་འདྲེན་འཐབ་ནི།

༢༢/༦/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ འབྲུག་ཕུཊ་བཱོལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ཨོ་རྒྱན་དབང་ཕྱུག་དང་ འོད་ཟེར་ལས་སྡེའི་གཙོ་འཛིན་འགོ་དཔོན་ ཀུན་བཟང་དབང་འདུས་༢ ཀྱི་བར་ན་ ཀིངསི་ཀ་ལབ་ཀྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།


འབྲུག་ཕུཊ་བཱོལ་ཚོགས་པ་གིས་ ལོ་༨ ཀྱི་ཤུལ་ལས་ དུས་ཅི་ ཀིངསི་ཀ་ལབ་ ལོག་འགོ་འདྲེན་འཐབ་དགོ་མི་དེ་ ལྕང་གླིང་མི་ཐང་ནང་ རྒྱལ་སྤྱི་ཕུཊ་བཱོལ་རྩེད་ཐང་བཟུམ་སྦེ་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་ གྱིབ་ཀྱི་རྩ་གདན་གུ་ལུ་ ཐིམ་ཕུ་ཕུཊ་བཱོལ་ལིག་དང་ རྒྱ་གར་སི་ཀིམ་སྡེ་ཚན་དང་ མཐུན་འབྲེལ་གྱི་ ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པ་དང་ འོད་ཟེར་ལས་སྡེ་༢ ཀྱི་བར་ན་ མཐུན་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་དགོ་མི་དེ་ཡང་ འབྲུག་རྒྱལ་ཁབ་ནང་ སྒེར་སྡེའི་ཁ་ཐུག་ལས་ དེ་བཟུམ་མའི་ ཕུཊ་བཱོལ་འགྲན་བསྡུར་འགོ་འདྲེན་འཐབ་ཚུགས་པ་ཅིན་ མ་འོངས་པ་ལུ་ གཞན་སྒེར་སྡེ་ཚུ་གིས་ སྤྲོ་བ་ལེན་ཐབས་དང་ འབྲུག་པའི་ ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་གིས་ དོ་འགྲན་འབད་ཚུགས་ནིའི་དོན་ལུ་ཨིན་པས།
འབྲུག་པའི་ཕུཊ་བཱོལ་རྩེད་འགྲན་པ་ཚུ་གིས་ ཕྱི་རྒྱལ་གྱི་ རྩེད་འགྲན་པ་ཚུ་དང་ དོ་འགྲན་འབད་ནིའི་ ཡོན་ཏན་དང་ རིག་རྩལ་ ཉམས་མྱོང་ དེ་ལས་ སྤོབས་འཐོབ་བཅུག་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ ཕུཊ་བཱོལ་ལུ་སྤྲོ་བ་ཡོད་མི་ འབྲུག་མི་ཚུ་ལུ་ ལྟདམོ་ལྟ་ནིའི་གོ་སྐབས་ སྤྲོད་ཐབས་ལུ་ཨིན་ཟེར་ བསོད་ནམས་འཇིགས་མེད་ཀྱིས་ སླབ་ཨིན་པས།
ཀིངསི་ཀ་ལབ་ཀྱི་དོན་ལུ་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ཕྱིའི་རྒྱལ་ཁབ་ཚུ་དང་ མཐུན་ལམ་གོང་འཕེལ་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༠ ལས་ སྤྱི་ཟླ་༩ པའི་ཚེས་༩ ཚུན་ རྒྱལ་ཁབ་ཀྱི་ ཕུཊ༌བཱོལ་སྡེ་ཚན་ཚུ་གི་བར་ན་ འགྲན་བསྡུར་འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment