གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༧/༦/༢༠༡༣   འཆར་གཞི་༡༠ པ་ གྲུབ་འབྲས་ཅན་སྦེ་ མཇུག་བསྡུ་དོ་ཡོདཔ།
༉ སྤྱིར་བཏང་བཙག་འཐུའི་ནང་ འབྲེལ་གཏོགས་འབད་དེ་ གཞུང་གསརཔ་སྐྱོང་ནིའི་དོན་ལུ་ དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་གཉིས་ཀྱི་བར་ན་ གཅིག་གིས་གཅིག་ལུ་ དམའ་ཕབ་དང་ སྐྱོན་བརྗོད་ ཁ་ཉེས་ཚུ་བཀལ་ཐོག་ལས་ འུར་བྱེལ་སྦོམ་ལང་སྟེ་ཡོདཔ་ཨིན་རུང་ ད་རིས་ཀྱི་ བདུན་མཐའ་འདི་ འདས་པའི་ལོ་༥ གི་ དྲན་སྣང་གལ་གནད་ཅན་སྦེ་ མཇུག་བསྡུ་ནི་ཨིན་མས།


དེ་ཡང་ གོང་འཕེལ་འཆར་གཞི་ཚུ་གི་གྲས་ལས་ འཆར་དངུལ་གྱི་ཐད་ལུ་ དམིགས་གཏད་སྦོམ་ཤོས་ཅིག་ཨིན་པའི་ཁར་ དམངས་གཙོའི་རིང་ལུུགས་ཐོག་ བཙག་འཐུ་གྲུབ་མི་ གཞུང་དང་པ་གིས་ འགོ་འདྲེན་འཐབ་མི་ ལོ་ལྔའི་འཆར་གཞི་༡༠ པ་འདི་ ལོ་༥ གི་རྒྱབ་ལས་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་རྫོགསཔ་ཨིན།
འཆར་གཞི་༡༠ པའི་ནང་ འཆར་དངུལ་བསྡོམས་ཀྱིས་ དངུལ་ཀྲམ་དུང་ཕྱུར་༡༤༨ ཡོད་མི་དེ་ འཆར་གཞི་༩ པའི་འཆར་དངུལ་ལས་ ཧ་ལམ་ལོག་ལྟབ་དེ་ཅིག་ (དངུལ་ཀྲམ་དུང་ཕྱུར་༧༤) ཨིནམ་ད་ འཆར་དངུལ་དེ་ རྒྱུན་སྐྱོང་ཟད་འགྲོ་ དཔེར་ན་ རྒྱ་ཆེཝ་སྦེ་ ཡར་འཕར་སོང་མི་ གཞི་རྟེན་ཞབས་ཏོག་ འཁོར་ལམ་དང་ གློང་མེ་བཀྲམ་སྤེལ་ འགྲུལ་འཕྲིན་གྱི་ སྦྲེལ་མཐུད་ལ་སོགས་པ་ཚུ་ནང་ ལག་ལེན་འཐབ་ནུག།
འཆར་གཞི་༡༠ པའི་འཆར་དངུལ་གྱི་ ཟད་རྩིས་ཚུ་ ཁ་བསྡམ་པའི་བསྒང་ཡོདཔ་མ་ཚད་ སྤྱི་ཟླ་༦ པའི་ཚེས་༢༥ ཚུན་ཚོད་ འབྲུག་གི་གོང་འཕེལ་མཉམ་རོགས་ གལ་ཆེ་དྲགས་ཅན་ཅིག་ཨིན་མི་ རྒྱ་གར་གཞུང་ལས་ མ་དངུལ་གྲོགས་རམ་ ལྷག་ལུས་དངུལ་ཀྲམ་དུང་ཕྱུང་༤ དེ་ཅིག་ མ་ཐོབ་པར་ཡོདཔ་ད་ གྲོགས་རམ་མ་དངུལ་དེ་ གོང་འཕེལ་ལས་འགུལ་ཆུང་བ་ དཔེར་ན་ འཐུང་ཆུ་བཀྲམ་སྤེལ་དང་ ཞིང་ལམ་ དེ་ལས་ གཞུང་ལམ་གསརཔ་སེལ་ནི་དང་ ཤེས་རིག་གཙུག་སྡེའི་ ལས་འགུལ་དང་འབྲེལ་བའི་ རོགས་རམ་གྱི་དོན་ལུ་ཨིན་མས།
གོང་འཕེལ་ལས་འགུལ་ཆུང་བའི་ ལས་འགུལ་དང་འབྲེལ་བའི་ ལས་སྣ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ཚུགསཔ་ བཟོ་ཐབས་ལུ་ དངུལ་རྩིས་ལྷན་ཁག་གིས་ སྔ་གོང་ལས་ མ་དངུལ་ཚུ་ འཚོལ་ཡོདཔ་བཞིན་དུ་ མ་དངུལ་ལྷག་ལུས་བརྒྱ་ཆ་༡༠ དེ་ འཆར་གཞི་༡༠ པའི་ནང་ ལས་སྣ་དེ་ཚུ་གི་དོན་ལུ་ དངུལ་ཀྲམ་དུང་ཕྱུར་༣༤ གྲོགས་རམ་བྱིན་ནི་གི་ ཁས་བླངས་འབད་མི་ རྒྱ་གར་ལས་ འཛིན་གྲོལ་འབད་ནི་ལུ་ སྒུགཔ་ཨིན་མས།
འཆར་གཞི་༡༠ པ་འདི་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡོདཔ་བཞིན་དུ་ དེ་གི་གྲུབ་འབྲས་ཚུ་ཡང་ མངོན་གསལ་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན་རུང་ གོང་འཕེལ་ལས་སྣ་ལྷག་ལུས་འབད་དགོཔ་ཚུ་ ཤུལ་མའི་བདུན་ཕྲག་དག་པ་ཅིག་གི་ཤུལ་ལུ་ གཞུང་གསརཔ་བཙག་འཐུ་གྲུབ་ཞིནམ་ལས་ ཤེས་རྟོགས་འབྱུང་ཚུགས།
འཆར་གཞི་དང་འཁྲིལ་བ་ཅིན་ འཆར་གཞི་༡༡ པ་འདི་ འཆར་གཞི་༡༠ པ་མཇུག་བསྡུཝ་ཅིག་ སྤྱི་ཟླ་༧ པའི་ཚེས་༡ ལས་ འགོ་བཙུགས་དགོཔ་ཨིན་རུང་ སྤྱིར་བཏང་བཙག་འཐུ་དེ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་པའི་ཤུལ་ལུ་ དེ་འཕྲོ་ལས་ གཞུང་སྐྱོང་གསརཔ་ གཞི་བཙུགས་འབད་མི་ཚུགས་ནི་ཨིནམ་ལས་ འཆར་གཞི་༡༡ པ་ གསུང་གྲོས་གནང་སྟེ་ གཏན་འཁེལ་བཟོ་ཚུགས་ཚུགས་ལུ་ དུས་ཡུན་ཟླཝ་༡ དེ་ཅིག་ འགོར་ནི་ཨིན་མས།
འདི་འབདཝ་ད་ ད་རེས་ནངས་པ་ འགོ་འདྲེན་འཐབ་བཞིན་དུ་ཡོད་མི་ སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་སྐབས་ འཆར་གཞི་༡༡ པ་དང་ མ་དངུལ་གྱི་ ལོ་རྒྱུས་ཐོན་མི་ལུ་ ལྟ་བ་ཅིན་ སྲིད་དོན་པ་ལ་ལུ་ཅིག་གིས་ འཆར་དངུལ་གྲ་སྒྲིག་ཡོདཔ་བཟུམ་དང་ གྲོགས་རམ་མ་དངུལ་ཡང་ ཐོབ་དགོཔ་བཟུམ་ཅིག་སྦེ་ སླབ་དོ་ཡོདཔ་ལས་ དེ་གིས་ སྲིད་དོན་པ་ལ་ལུ་ འཆར་གཞིའི་སྐོར་ལས་ ག་ནི་ཡང་ མ་ཤེསཔ་བཟུམ་ གསལ་སྟོན་འབདཝ་ཨིན་མས།
མ་གཞི་ འཆར་གཞི་༡༡ པའི་མ་དངུལ་སྐོར་ལས་ གོང་འཕེལ་མཉམ་རོགས་ཚུ་དང་ གྲོས་བསྟུན་འབད་ཡོད་རུང་ གཞུང་གསརཔ་གཞི་བཙུགས་མ་འབད་ཚུན་ཚོད་ མ་དངུལ་འཚོལ་ཐབས་མེདཔ་ད་ གྲོགས་རམ་བྱིན་མི་ཚུ་གིས་ཡང་ བཙག་འཐུ་གྲུབ་པའི་ ཁྲིམས་མཐུན་གྱི་ གཞུང་གཞི་བཙུགས་འབད་ཞིནམ་ལས་རྐྱངམ་གཅིག་ གྲོགས་རམ་གྱི་ ཁས་ལེན་འབདཝ་ཨིན་མས།
དེ་ཡང་ གྲོགས་རམ་མ་དངུལ་ཚུ་ ག་དེམ་ཅིག་ བྱིན་འོང་ག་ ངེས་པ་མེདཔ་ཨིན་རུང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ རྒྱལ་ཁབ་ནང་གི་ མཐའ་ཟུར་སློབ་གྲྭ་ཚུ་ནང་ བཟའ་འཐུང་བཀྲམ་སྤེལ་དེ་ སྤྱི་ལོ་༢༠༡༨ ཚུན་ འཕྲོ་མཐུད་དེ་ར་ འབད་ནི་སྦེ་ གྲོས་ཐག་བཅད་མི་དེ་གིས་ འབྲུག་ལུ་ ལྷན་ཐབས་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment