གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་རབ་གྲྭ་ཚང་ཁག་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས།

༢༧/༦/༢༠༡༣   ༉ ད་རིས་ལས་འགོ་བཙུགས་ཏེ་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པ་ འགོ་འདྲེན་འཐབ་ནི་ཨིན་པས།


ཞལ་འཛོམས་ནང་ གནད་དོན་གཙོ་བོ་ར་ ནང་པ་སངས་རྒྱས་པའི་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་འབད་ནིའི་དོན་ལུ་ ཐབས་ལམ་ག་དེ་སྦེ་ར་ བཏོན་དགོཔ་འདུག་གའི་སྐོར་ལས་ གསུང་གྲོས་ཚུ་ གནང་ནི་ཨིན་པས།
ནངས་པར་ མཇུག་བསྡུ་ནི་ཨིན་མི་ཞལ་འཛོམས་དེ་ནང་ རབ་སྡེ་ཁག་༡༧ གྱི་ བླམ་གནས་བརྟན་ཚུ་གིས་ འབྲེལ་གཏོགས་འབད་ནི་ཨིནམ་ད་ ད་རིས་ཞལ་འཛོམས་ འགོ་འབྱེད་རྟེན་འབྲེལ་དེ་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་གིས་ མཛད་གནང་ནི་ཨིན་པས།
མ་གཞི་ རྫོང་ཁག་༢༠ ནང་ རབ་སྡེ་༢༠ ཡོདཔ་ཨིན་རུང་ ཐིམ་ཕུ་དང་ སྤུ་ན་ཁ་གི་གྲྭ་ཚང་དེ་ གཞུང་ལྟེ་བའི་འོག་ལུ་དང་ བུམ་ཐང་རབ་སྡེ་དེ་ ཀྲོང་གསར་རབ་སྡེའི་འོག་ལུ་འབད་ནི་དེ་གིས་ རབ་སྡེ་གྲྭ་ཚང་༡༧ ལས་མེད་ཟེར་ རབ་སྡེ་ཁག་གི་ཁྲི་འཛིན་ བསམ་གྲུབ་ལྗོངས་མཁར་གྱི་བླམ་གནས་བརྟན་ བསོད་ནམས་བསྟན་འཛིན་གྱིས་ སླབ་ཨིན་པས།
བླམ་གནས་བརྟན་ བསོད་ནམས་བསྟན་འཛིན་གྱིས་ བཤད་མིའི་ནང་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་དེ་ཡང་ དཔེ་འབད་བ་ཅིན་ རྫོང་བདག་དང་ དྲང་དཔོན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་ འགོ་འདྲེན་འཐབ་སྲོལ་ཡོད་མི་དེ་དང་ ཅོག་ར་འཐད་ཟེར་ཨིན་པས།
བླམ་གནས་བརྟན་ཚུ་གིས་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལུ་ ཁོང་རའི་ བསམ་འཆར་ཚུ་ བརྗེ་སོར་ཐོག་ལས་ གྲོས་བསྡུར་འབད་ནི་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ཨིན་པས།
ནངས་པར་ ཞལ་འཛོམས་མཇུག་བསྡུའི་སྐབས་ལུ་ སྐུ་མགྲོན་གཙོ་བོ་སྦེ་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་ འབྱོན་གནང་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment