གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་༨ ཀྱི་བར་ན་ མཐའ་བཅད་ཆུང་བའི་རྩེད་འགྲན་ ད་རིས་ལས་ འགོ་བཙུགས་ནི།

༢༠/༦/༢༠༡༣   ༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཁྲི་མངའ་གསོལ་གྱི་རྒྱལ་རྟགས་ཀྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་འབད་མི་དེ་ ད་རིས་ལས་ སྡེ་ཚན་༨ ཀྱི་བར་ན་ མཐའ་བཅད་ ཆུང་བའི་རྩེད་འགྲན་འབད་ནི་ འགོ་བཙུགས་ནི་ཨིན་པས།
ལྕང་གླང་མི་ཐང་གི་རྒྱལ་ཡོངས་བདའ་རྩེད་འགྲན་བསྡུར་འབད་ས་ཕྱི་མི་ ལྟ་བཤལཔ་ཚུ་གིས་སྤྲོ་སྣང་གི་ཐོག་ལས་ ལྟདམོ་ལྟ་བའི་བསྒང་།


དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༡ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༦ པའི་ཚེས་༡༨ ཚུན་ སྡེ་ཚན་༢༩ གིས་ འགྲན་བསྡུར་འབད་མི་ལས་ མདའ་རྩེདཔ་ལེགས་ཤོམ་ཡོད་མི་སྡེ་ཚན་༨ ཀྱིས་ མཐའ་བཅད་ཆུང་བའི་ རྩེད་འགྲན་ནང་ ལྷོད་ཡོདཔ་ཨིན།
སྤྱི་ཟླ་༦ པའི་ཚེས་༡༨ ལུ་ སྡེ་ཚན་ཀ་པའི་ནང་ ཀེ་ཊི་སི་དང་ སྤུ་ན་གཙང་ཆུ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཀེ་ཊི་སི་གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ མཐའ་བཅད་ཆུང་བའི་ནང་ ལྷོད་དོ་བཟུམ་སྦེ་ སྡེ་ཚན་ཁ་པའི་ནང་ དབང་འདུས་ སྤུ་ན་ཁ་དང་ ཡར་རྒྱས་སྡེ་ཚན་༢ ཀྱི་བར་ན་རྩེད་འགྲན་འབདཝ་ད་ ཡར་རྒྱས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན།
ད་རིས་ མཐའ་བཅད་ཆུང་བའི་དོན་ལུ་ སྡེ་ཚན་ཀ་པ་ལས་ འབྲུག་གོང་འཕེལ་དངུལ་ཁང་དང་ དམ་ཅན་སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་འབད་ནི་དང་ སྡེ་ཚན་ཁ་པ་ལས་ ལྟ་བཤལ་མཐུན་འབྲེལ་དང་ གི་རིན་ཊིམ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ ཨེ་མ་རྫིང་ ཌའི་གཱོན་དང་ ཀེ་ཊི་སི་༢ ཀྱི་བར་ན་ མཐའ་བཅད་ཆུང་བའི་རྩེད་འགྲན་དེ་ སྡེ་ཚན་ཀ་པ་ལས་ཨིནམ་ད་ ཆ་རོགས་ལེགས་ཤོམ་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་ རྩེད་འགྲན་དེ་ སྡེ་ཚན་ཁ་པ་ལས་ ཨིན་པས།
སྡེ་ཚན་ཀ་པའི་ མཐའ་བཅད་འོག་མའི་རྩེད་འགྲན་དེ་ སྤྱི་ཟླ་༦ པའི་ཚེས་༢༥ དང་༢༦ ལུ་འབད་ནི་དང་ སྤྱི་ཟླ་༦ པའི་ཚེས་༢༧ དང་༢༨ ལུ་ སྡེ་ཚན་ཁ་པའི་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་ཨིནམ་མ་ཚད་ མཐའ་བཅད་ཀྱི་རྩེད་འགྲན་དེ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
དམ་ཅན་སྡེ་ཚན་ལས་ རྡོ་རྗེ་རྒྱལ་མཚན་གྱིས་ ཉིནམ་གཅིག་ལུ་ བཀག་རེག་༡༦ ཕོག་མི་ལུ་ ཉིནམ་༡ གི་བཀག་རེག་མཐོ་ཤོས་ཀྱི་ གསོལ་རས་འཐོབ་ནི་དང་འདྲཝ་སྦེ་ མཐའ་བཅད་འོག་མ་ཚུན་ དོབ་སྦྱེལ་ མཐོ་ཤོས་དང་ བཀག་རེག་མཐོ་ཤོས་ དེ་ལས་ མདའ་རྩེདཔ་དྲག་ཤོས་ཀྱི་ གསོལ་རས་ཚུ་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ གསོལ་རས་དང་ རྟགས་མ་ཚུ་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment