གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་པར་བསྐུལ་བསྒྲགས་འབད་ནི་ལུ་ངོས་ལེན།

༢༠/༦/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་དང་འབྲེལ་ གཡུས་སྒོའི་མི་སེར་ཚུ་གི་ བྱ་སྟབས་བདེ་ཧིང་ལུ་དམིགས་ཏེ་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ངོ་ཚུ་ལུ་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ཚུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་པར་ བསྐུལ་བསྒྲགས་ལས་རིམ་ཚུ་ རང་སོའི་སྒེར་གྱི་ཐོག་ལས་ འབད་ནི་ལུ་ངོས་ལེན་འབདཝ་ཨིན་པས།


ཁ་ཙ་ བཙག་འཐུ་ལྷན་ཚོགས་ཀྱི་ཡོངས་འབྲེལ་ནང་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྤྱིར་བཏང་གྲོས་འཛོམས་དེ་ གཙོ་བོ་ར་ འདས་པའི་ སྤྱི་ཚོགས་དང་པའི་བཙག་འཐུའི་སྐབས་ སྲིད་ཚོགས་ཚུ་གིས་ བསྐུལ་བསྒྲགས་ཚུ་ རང་སོའི་སྒེར་གྱི་ཐོག་ལས་ འགོ་འདྲེན་འཐབ་མི་ལུ་བརྟེན་ ཟད་འགྲོ་མང་རབས་ཅིག་གནས་ཡོདཔ་མ་ཚད་ གཅིག་གིས་གཅིག་ལུ་ ཉོགས་བཀོད་ལེ་ཤ་བཀོད་ཡོདཔ་ལས་ དེ་ཚུ་ མི་འབྱུང་ནི་གི་ཐབས་ཤེས་ལུ་ འདེམས་ངོ་༢ ཀྱིས་ མཉམ་གཅིག་འབད་ མི་སེར་ཚུ་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་འབྱུང་ཐབས་ལུ་ ལྷན་ཚོགས་ཀྱིས་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ འགོ་འདྲེན་འཐབ་འཐབ་ཨིན་ཟེར་ཨིན་པས།
ད་རེས་ བསྐུལ་བསྒྲགས་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འདེམས་ངོ་དག་པ་ཅིག་གིས་ སྤྱིར་བཏང་གྲོས་འཛོམས་ནང་བཅའ་མར་མ་གཏོགས་མི་དང་ གནད་དོན་ལ་ལུའི་ནང་ སྲིད་ཚོགས་༢ ཆ་རའི་འདེམས་ངོ་ཚུ་གིས་ གྲོས་འཛོམས་ལས་རིམ་མ་དགོཔ་སྦེ་ སྒེར་གྱི་བསྐུལ་བསྒྲགས་ལས་རིམ་ལུ་ གདམ་ཁ་རྐྱབ་མི་ ཐོན་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱི་བཏང་གྲོས་འཛོམས་ནང་ འབྲེལ་གཏོས་མ་འབད་བར་ སྒེར་གྱི་བསྐུལ་བསྒྲགས་ལུ་ གདམ་ཁ་རྐྱབ་པ་ཅིན་ འབྲེལ་ཡོད་ངོས་ལེན་འགོ་དཔོན་ཚུ་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མི་གཏོགས་ཟེར་བའི་ ཞུ་ཡིག་དང་གཅིག་ཁར་ ཡིག་ཐོག་ངག་བརྗོད་ནང་ སྒོ་བཤལ་གྱི་བསྐུལ་བསྒྲགས་དེ་ ཁྲིམས་དང་བསྟུན་ཏེ་ ལག་ལེན་འཐབ་ནི་དང་ ཚུལ་མིན་གྱི་སྙན་ཞུ་ཚུ་མེདཔ་སྦེ་ འགོ་འདྲེན་འཐབ་ནི་ ཤུལ་ལས་ བྱ་སྟབས་མ་བདེཝ་དང་ གྲུབ་འབྲས་ལེགས་ཤོམ་མ་འབྱུང་པ་ཅིན་ ག་ལུ་ཡང་ ཁ་མི་བཏང་ཟེར་བའི་ གནད་དོན་ཚུ་ ཚུལ་མཐུན་བཀོད་དགོ་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ རྒྱལ་ཡོངས་ལྟ་རྟོག་པ་དང་ བརྡ་བརྒྱུད་ཚུ་གིས་ཡང་ སྒེར་ཐོག་བསྐུལ་བསྒྲགས་ཀྱི་ གནད་དོན་ཚུ་ནང་ ལྟ་རྟོག་སྒྲིང་སྒྲིང་བཞག་དགོཔ་མ་ཚད་ ཚུལ་མིན་གྱི་ གནད་དོན་ཚུ་དང་འབྲེལ་བའི་ སྙན་ཞུ་དང་ ཉོགས་བཀོད་ཚུ་ནང་ཡང་ ལྟ་རྟོག་འབད་དགོ་ཟེར་བཀོད་ནུག།
གསལ་བསྒྲགས་དེ་དང་འཁྲིལཝ་ད་ འབྲེལ་ཡོད་བཙག་འཐུ་འགོ་དཔོན་དང་ ངོས་ལེན་འགོ་དཔོན་ཚུ་གིས་ ས་གནས་གཞུང་གི་  རྒཔོ་དང་ དམང་མི་ ཁྲོམ་སྡེའི་འཐུས་མི་ལ་སོགས་པ་ཚུ་ ཚོགས་རྒྱན་གྱི་ཉིནམ་ལུ་ རང་སོའི་ཚོགས་རྒྱན་བཙུགས་པར་ འོང་ནི་མ་གཏོགས་ སྤྱིར་བཏང་གྲོས་འཛོམས་ཚུ་ནང་ འབྲེལ་གཏོགས་མེདཔ་སྦེ་ བཞག་དགོཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment