གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོངས་འབྲེལ་ནང་ གནས་ཚུལ་ཁྱབ་སྤེལ་གྱིས་ མི་མང་ལུ་ གསོ་བའི་ཞབས་ཏོག་གི་ཚ་གྱང་།

༢༨/༦/༢༠༡༣   ༉ གཞལམ་བསྒང་གི་ གསོ་བའི་ལས་བྱེདཔ་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ཅིག་ནང་ ཨ་ལུ་སྐྱེས་ནད་ཤུགས་ཅན་སྦེ་རྐྱབ་མི་ ཨམ་སྲུའི་པར་ཅིག་ བཙུགས་ཐོག་ལས་ ཁྱབ་སྤེལ་འབད་མི་གིས་ མི་མང་གྲོང་གསེབ་ཚུ་ནང་སྡོད་མི་ཚུ་ལུ་ གསོ་བའི་ཞབས་ཏོག་མཐུན་རྐྱེན་གྱི་ ཚ་གྱང་ལང་དགོ་པའི་ གཞི་གནས་ལུ་ གྱུར་ཡོདཔ་ཨིན་པས།


མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ཚུ་ནང་ མི་མང་གིས་ གཞུང་གསརཔ་ག་འབད་རུང་ གྲོང་གསེབ་ནང་གི་ གསོ་བའི་གནས་སྟངས་ལེགས་བཅོས་འབད་ནིའི་ནང་ བརྩོན་ཤུགས་ཐེབས་ཅིག་ར་བསྐྱེད་དགོཔ་སྦེ་ སླབ་མི་ལེ་ཤ་ཐོན་ཡོདཔ་ཨིན་རུང་ བུ་ལི་དགོན་པ་ལས་ ནདཔ་དེ་འཐུ་འབག་མི་ གསོ་བའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ པར་དེ་ སྤྱི་ལོ་༢༠༡༡ ལུ་བཏབ་བཏབ་ཨིནམ་ད་ འདས་པའི་ལོ་༢ ཀྱི་ནང་འཁོད་ལུ་ ས་གནས་ཀྱི་ གསོ་བའི་ཞབས་ཏོག་དང་ མཐུན་རྐྱེན་གནས་སྟངས་ནང་ ལེགས་འགྱུར་སོང་ཡོདཔ་སྦེ་ སླབ་ཨིན་པས།
ད་རེས་འབདཝ་ད་ ཨ་ལུ་ཆགས་མིའི་གྲས་ལས་ བརྒྱ་ཆ་༨༠ གིས་ གསོ་བའི་སྨན་ཁང་ནང་ལུ་སྦེ་ ཨ་ལུ་སྐྱེསཝ་ཨིན་ཟེར་ བུ་ལི་ གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་བྱེདཔ་ བི་ཇའེ་ཀུ་མཱར་ ཐ་པ་གིས་བཤདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་ཁར་ ཨ་ལུ་ཆགས་མི་ ཨམ་སྲུ་ཚུ་གི་གནས་སྟངས་ དུས་མཐུན་བཞག་ཐོག་ལས་ ཨ་ལུ་སྐྱེས་བར་ ཡེ་སྦིས་ལབ་རྩ་སྨན་ཁང་ནང་བཏང་ནི་གི་དོན་ལུ་ གསོ་བའི་སྣུམ་འཁོར་ གྲ་སྒྲིག་བཞག་ཐོག་ལས་ ཨ་ལུ་དང་ ཨའི་༢ ཆ་ར་གི་ ཉེན་སྲུང་ལུ་ གཙོ་བོར་སྟོནམ་ཨིན་ཟེར་ཨིན་པས།
འཚབ་དོལ་གནས་སྟངས་ཚུ་གི་དོན་ལུ་ ཁོ་གིས་སླབ་མིའི་ནང་ བུ་ལི་གཞི་རྟེན་སྨན་ཁང་ནང་ མཐུན་རྐྱེན་རྒྱ་བསྐྱེད་ཐོག་ ཨ་ལུ་སྐྱེས་ནི་གི་ ཁང་མིག་སོ་སོ་ཅིག་ཡང་ བཞག་སྟེ་ཡོད་ཟེར་ཨིནམ་ད་ བུ་ལི་གཞི་བརྟེན་སྨན་ཁང་གིས་ བུ་ལི་དང་ དཀྱིལ་ལི་མཁར་ རྟ་ལི་ བུ་ལི་དགོན་པའི་ གཡུས་ཚན་ཚུ་ལུ་ ཞབས་ཏོག་མཁོ་སྤྲོད་འབདཝ་ཨིན་པས།
ཨིན་རུང་ ལོ་རྒྱུས་ཤེས་གསལ་བྱུང་མི་དང་འཁྲིལཝ་ད་ ལྷན་ཁག་གི་ ཨམ་སྲུ་ཚུ་གིས་ ཨ་ལུའི་སྨན་ཁང་ནང་བསྟེན་ཐོག་ལས་ སྐྱེས་དགོ་པའི་ གོ་བ་བརྡ་སྤྲོད་འབད་ཡོད་རུང་ རྫོང་ཁག་སྨན་ཁང་ནང་ མི་སྟོབས་ལངམ་མེད་ནི་དེ་གིས་ ཨ་ལུ་སྐྱེས་ནད་འཛིན་སྐྱོང་ནང་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།
ཡེ་སྦིས་ལབ་རྩ་ སྨན་ཁང་གི་ གསོ་བའི་འགོ་དཔོན་ ཌོག་ཊར་བསོད་ནམས་སྐལ་བཟང་གིས་སླབ་མིའི་ནང་ ཨ་ལུའི་སྐྱེས་ནད་ཀྱི་ནདཔ་ཚུ་ སྨན་ཁང་ནང་ལྷོདཔ་ད་ དགེ་ལེགས་ཕུག་དང་ ཐིམ་ཕུ་གི་ ཨ་ལུའི་སྨན་བཅོས་མཁས་མཆོག་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ དབྱེ་ཞིབ་འབདཝ་ཨིན་ཟེར་ཨིན་པས།
སྨན་ཁང་ནང་ ཨཱལ་ཊ་སའུན་གི་ འཕྲུལ་ཆས་མེདཔ་ལས་ འཕྲུལ་ཆས་ལག་ལེན་དགོཔ་ཡོད་མིའི་ནདཔ་ཚུ་ དགེ་ལེགས་ཕུག་སྨན་ཁང་ནང་བཏང་དོ་ཟེར་ཨིནམ་ད་ སྨན་ཁང་དེ་ནང་ སྣུམ་འཁོར་ནང་ མར་ཁུ་བླུགས་ནི་གི་ མ་དངུལ་མ་ལང་པའི་དཀའ་ངལ་ཡང་ བྱུང་དོ་ཟེར་ཨིན་པས།
གཞལམ་སྒང་ པཱན་སྦང་ལུ་འབད་བ་ཅིན་ སྨན་ཁང་གི་སྦོ་ལོགས་ཁའི་གཡུས་ཚན་ཚུ་ནང་ ཨ་ལུ་སྐྱེས་ནི་དེ་ མང་ཤོས་སྨན་ཁང་ནང་བསྟེན་ཐོག་ལས་འབདཝ་ཨིན་རུང་ ཐག་རིང་སའི་ས་གནས་ཚུ་གི་མི་སེར་ཚུ་ ད་ལྟོའི་བར་ན་ཡང་ ཁྱིམ་ནང་སྦེ་ སྐྱེས་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment