གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡར་སྐྱེད་སྡེ་ཚན་གྱིས་ མཐའ་བཅད་འོག་མའི་ནང་ གི་རིན་ཊིམ་དང་ རྩེད་འགྲན་འབད་ནི།

༢༤/༦/༢༠༡༣   ༉ ཁ་ཙ་ ཡར་སྐྱེད་དང་ ཆ་རོགས་ལེགས་ཤོམ་སྡེ་ཚན་༢ ཀྱི་བར་ན་ འཕྲོ་མཐུད་རྩེད་འགྲན་འབདཝ་ད་ ཡར་སྐྱེད་ཀྱིས་ སྐུགས་༢ པམ་དེ་ཡང་ཆོད་དེ་ མཐའ་བཅད་འོག་མའི་ནང་ལྷོད་ཅི།
སྐུགས་དང་པ་ ཡར་སྐྱེད་སྡེ་ཚན་གྱིས་ཆོདཔ་ད་ བྱང་ཕྱད་ཀྱིས་སྐུགས་༦ ལས་བརྒལ་ ཐོབ་མ་ཚུགས་པའི་ཁར་ སྐུགས་༢ པ་ཆོད་པའི་སྐབས་ལུ་ཡང་ ཆ་རོགས་ལེགས་ཤོམ་གྱིས་ སྐུགས་༡༦ མ་གཏོགས་ ཐོབ་མ་ཚུགསཔ་ལས་ ཕམ་སོ་ཡི།

ཕམ་སོ་མི་ ཆ་རོགས་ལེགས་ཤོམ་མདའ་རྩེདཔ་ཚུ་གིས་ མདའ་འཆམ་རྐྱབ་སྟེ་ ཏའི་འཐེན་པའི་བསྒང་།


དེ་བཟུམ་སྦེ་ ཨེ་མ་རྫིང་ ཌའི་གཱོན་དང་ ཀེ་ཊི་སི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཀེ་ཊི་སི་གིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ ཆོད་བཏངམ་ལས་ གཞན་མི་སྡེ་ཚན་ཕམ་བཏང་ཡི།
ནངས་པ་ དམ་ཆེན་དང་ ཀེ་ཊི་སི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་ཨིནམ་ད་ དམ་ཆེན་གྱིས་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ འབྲུག་གོང་འཕེལ་དངུལ་ཁང་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ གི་རིན་ཊིམ་དང་ ཡར་སྐྱེད་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ མི་དབང་འབྲུག་རྒྱལ་༤ པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ ཁྲི་མངའ་གསོལ་གྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ དམ་ཆེན་དང་ གི་རིན་ཊིམ་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབདཝ་ད་ དམ་ཆེན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དུས་ཅི་ཡང་ དམ་ཆེན་དང་ གི་རིན་ཊིམ་སྡེ་ཚན་༢ ཀྱིས་ མཐའ་བཅད་རྩེད་འགྲན་འབད་ནི་བཟུམ་ཅིག་མཐོངམ་མས་ཟེར་ ལྟདམོ་ལྟ་མི་དང་ རྩེད་འགྲན་འབད་མི་ སྡེ་ཚན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment