གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་འཛོམས་ ཤར་ཕྱོགས་པའི་ ཁ་སྐད་ནང་འབད་ཡོདཔ།

༢༡/༦/༢༠༡༣   ༉ རྒྱལ་ཁབ་ནང་འཁོད་ལུ་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་ལེ་ཤ་ཅིག་ལུ་ སྤྱིར་བཏང་གྲོས་འཛོམས་སྐབས་ རྫོང་ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ཁར་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ རྒྱལ་ཡོངས་སྐད་ཡིག་ ཧ་མ་གོ་བའི་ དཀའ་ངལ་བྱུང་པའི་ ནམ་དུས་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ སྲིད་ཚོགས་གཉིས་ཆ་རའི་ འདེམས་ངོ་ཚུ་གིས་ ཤར་ཕྱོགས་པའི་ཁ་ནང་ གསལ་བཤད་འབདཝ་ཨིན་པས།

ཁ་ཙ་ མི་སེར་ཚུ་གིས་ བདེ་བ་ཐང་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་པའི་ཤུལ་ལུ་ རང་སོའི་ཁྱིམ་ནང་ ལོག་འགྱོ་བའི་བསྒང་།

དེ་ཡང་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ ཨྱོན་རྡོ་རྗེ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ མིང་པོ་འབྲུག་པ་གིས་ བདེ་བ་ཐང་འཇིགས་མེད་རྣམ་རྒྱལ་བཟོ་རིག་སློབ་གྲྭ་ནང་ འགོ་འདྲེན་འཐབ་མི་ སྤྱིར་བཏང་གྲོས་འཛོམས་ནང་ དུས་ཡུན་སྐར་མ་༢༠ རེ་ ཤར་ཕྱོགས་པའི་ཁ་སྐད་ནང་ གསལ་བཤད་འབད་ནུག།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ ནོར་བུ་དབང་འཛོམས་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ དཔལ་བཟང་དབང་འདུས་༢ ཀྱིས་ སྤྱིར་བཏང་གྲོས་འཛོམས་མི་འབད་ནི་སྦེ་ ཐག་བཅད་དགོ་མི་དེ་ཡང་ རྒྱལ་ཡོངས་སྐད་ཡིག་གི་ དཀའ་ངལ་ལུ་བརྟེན་ཨིན་པས།
ཁོང་༢ ཀྱིས་འབད་བ་ཅིན་ ཁོང་གི་ ཁས་བླངས་གསལ་བསྒྲགས་ཚུ་ རྫོང་ཁ་ནང་ གསལ་བཤད་འབདཝ་ད་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ཅིག་གིས་ ཧ་མ་གོཝ་ལས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་ནི་གི་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
ཤར་ཕྱོགས་པའི་ ཁ་སྐད་ནང་ བསྐུལ་བསྒྲགས་འབད་མི་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཨོ་རོང་ལུ་ སྤྱིར་བཏང་གྲོས་འཛོམས་དང་པ་འབད་བའི་སྐབས་ ཁོང་གིས་ རྫོང་ཁ་ནང་ གསལ་བཤད་འབད་བའི་ཤུལ་ལས་ སྒོམ་དར་ལུ་ ཤར་ཕྱོགསཔ་ནང་འབདཝ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ ཆོག་མི་ཆོག་སྐོར་ལས་ ག་ནི་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ ང་བཅས་ལུ་ བཀོད་རྒྱ་བྱིན་མི་ ལམ་ལུགས་དང་འཁྲིལ་ཏེ་ར་ ང་བཅས་ཀྱིས་ ངོས་ལེན་འབད་དོ་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རྫོང་ཁ་ཧ་མ་གོ་མི་ལུ་བརྟེན་ ཤར་ཕྱོགས་པའི་ ཁ་སྐད་ནང་ གསལ་བཤད་འབད་བ་གིས་ གནོད་པ་ཅིག་ མི་མཐོང་པས་ཟེར་ ཨྱོན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཨིན་རུང་ བསམ་གྲུབ་ལྗོངས་མཁར་བཙག་འཐུ་འགོ་དཔོན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཨོ་རོང་ལས་ སྤྱིར་བཏང་གྲོས་འཛོམས་འགོ་མ་བཙུགས་པའི་ཧེ་མར་ ཁོང་གི་ ཁ་ཐུག་ལས་ འདེམས་ངོ་ཚུ་ལུ་ འབད་ཆོག་མི་ཆོག་སྐོར་ གསལ་བཤད་འབད་ཡི་ཟེར་ཨིན་པས། དེ་འབདཝ་ད་ གྲོས་འཛོམས་ཚར་རེ་འབད་བའི་སྐབས་ ཁོང་ལུ་ དྲན་གསོ་འབད་ནི་ བརྗེད་སོ་ནུག་ཟེར་ བཙག་འཐུ་འགོ་དཔོན་ཅིག་གིས་ སླབ་ཨིན་པས།
བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ སྤྱིར་བཏང་བཙག་འཐུ་དེ་ ད་རིས་ ཕུན་ཚོགས་ཐང་རྒེད་འོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment