གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་སུམ་ཚོགས་པའི་ འདྲ་མཉམ་དང་དྲང་བདེན་ལུ་ འགྱུར་བ་མེདཔ།

༢༠/༦/༢༠༡༣   ༉ ཁ་ཙ་ཉིན་མ་ རྩི་རང་འགྲམ་ཕུ་ལུ་ སྨོན་ལམ་ཆེན་མོའི་ཚོགས་ཁང་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དེ་ཁར་འཛོམས་མི་༦༠༠ ལྷགཔ་ཅིག་ལུ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་སྐྱོང་གི་གནས་ཡུན་རིང་ འབྲུག་ཕུན་སུམ་ཚོགས་པ་འདི་ ཁྱེད་ཀྱི་གཞུང་མེནམ་བཟུམ་ཚོར་ཡི་ག? ཁྱེད་ཕུད་རྡོག་གཅིག་ བཀོག་བཞག་ཡི་ག?ཟེར་བའི་ དྲི་བཀོད་འབད་ཡི།
ཁ་ཙ་ རྩི་རང་འགྲམ་ཕུ་ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ མི་མང་བསྐུལ་བསྒྲགས་འབད་བའི་བསྒང་།


ཚོགས་པ་གིས་ ཨ་རྟག་ར་ འདྲ་མཉམ་དང་དྲང་བདེན་གྱི་ལྟ་བ་ལུ་ གཞི་བཞག་སྟེ་ ཕྱག་ཞུ་ནི་ཨིན་ཟེར་ སླབ་ཨིན་པས།
དེ་སྦེ་ཨིན་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་ཕྱུགཔོ་ཚུ་གི་མཐའ་དོན་རྐྱངམ་གཅིག་ལྟ་སྟེ་ ཉམ་ཆུང་ཚུ་ སྤྱང་ཀ་སྦེ་ར་ ལུས་བཅུགཔ་མས་ཟེར་ ཁ་ཉེས་བཀལ་མི་ལུ་བརྟེན་ཨིན་ཟེར་ དོགས་སེལ་འབད་ཡི།
ཚོགས་པའི་གཙོ་འཛིན་གྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་མངམ་ཐོན་མི་ལུ་བརྟེན་ ག་ཅི་བཟུམ་ཡང་ སླབ་མི་འཐོན་སྲིད་ནི་ཨིནམ་ལས་ དེ་ལུ་ རྣམ་ཅོག་རྐྱངམ་གཅིག་གིས་ ཉན་ནི་མེན་པར་ སེམས་ཀྱི་གདིང་ལས་ར་ དབྱེ་ཞིབ་འབད་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གནང་མི་ ནོར་བུ་དང་འདྲ་བའི་ཚོགས་རྒྱན་དེ་ བཙུགས་གནང་ཟེར་ སླབ་ཨིན་པས།
གཙོ་འཛིན་གྱིས་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ ས་གནས་ཁག་ཚུ་ནང་ ད་ཚུན་ ཚོགས་པའི་ཁས་བླངས་གྲུབ་མི་ཚུ་དང་ ད་ལས་ཕར་གྱི་ ཁས་བླངས་གསལ་བསྒྲགས་ཚུ་ གསལ་བཤད་འབད་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་གིས་ མི་སེར་དམངས་གཙོ་ཚོགས་པ་གིས་ ལོ་༥ འི་འཆར་གཞི་༡༠ པ་དེ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ བརྩམས་བརྩམ་མེན་ཟེར་སླབ་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ འཆར་གཞི་ཚུ་ག་ར་ མི་སེར་གྱི་དགོས་མཁོ་དང་འཁྲིལ་ ལོག་བརྩམས་ཡོད་པའི་ཁར་ ལོ་༥ འི་འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་ཚུ་ ཧེ་མ་ལས་ གྲ་སྒྲིག་ཡོད་ཟེར་ སླབ་དོ་ཡོད་མི་དེ་ཡང་ མི་བདེན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མ་དངུལ་ཚུ་ ཧེ་མ་ལས་ གྲ་སྒྲིག་ཡོད་པ་ཅིན་ གཞུང་གི་དོན་ལུ་ ཚོགས་པ་༢ ཡང་ མི་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ གློག་མེ་བཀྲམ་སྤེལ་གྱི་ལཱ་ཚུ་ འབྲུག་གློག་མེ་ལས་འཛིན་གྱིས་འབད་བའི་ཁར་ འགྲུལ་འཕྲིན་གྱི་ཞབས་ཏོག་ཚུ་ཡང་ འབྲུག་བརྒྱུད་འཕྲིན་གྱིས་འབད་འབདཝ་ཨིན་ཟེར་ བཀོད་མི་དེ་ཡང་ མི་བདེན་ཟེར་ཨིནམ་ད་ དེ་ལུ་ གཞུང་གིས་ གློག་ཐག་སྤྲིང་ནིའི་དོན་ལུ་ འབྲུག་གློག་མེ་ལས་འཛིན་ལུ་ ཕྱི་ཁ་ལས་འཚོལ་མི་ མ་དངུལ་ས་ཡ་༨༡༧ བཏང་ཡོདཔ་ད་ དེ་བཟུམ་སྦེ་ འབྲུག་འགྲུལ་འཕྲིན་དང་ བཀྲིས་འགྲུལ་འཕྲིན་༢ ལུ་ མ་དངུལ་ས་ཡ་ལས་བཅད་དེ་ བྱིན་ཡི་ཟེར་ཨིན་པས།
མི་རྩིས་ཀྱི་ཐད་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚ་གྱང་སྦོམ་འབག་སྟེ་ ལོ་༢ ཀྱི་དོན་ལུ་ དམིགས་བསལ་གྱི་ཚོགས་པ་བཟོ་སྟེ་ འཐོབ་དགོ་པའི་རིམ་པ་དང་འཁྲིལ་ཏེ་ དབྱེ་ཞིབ་མཐིལ་ཕྱིན་འབད་ཞིནམ་ལས་ ཐོ་ཚུ་ མི་དབང་མངའ་ཞབས་ཀྱི་ སྐུ་མདུན་ལུ་ཕུལ་ཡོདཔ་ལས་ མི་རྩིས་ཀྱི་སྐྱིད་སྡུག་གནང་ནི་དེ་ མི་དབང་མཆོག་གི་ ཐུགས་ཀྱི་ཚ་གྱང་སྦོམ་ཤོས་ཅིག་ཡང་ ཨིནམ་བཞིན་དུ་ མི་དབང་མཆོག་གི་ ཁེ་དབང་ཨིནམ་མ་ཚད་ མི་དབང་མཆོག་གིས་ ས་གནས་ཁག་དག་པ་ཅིག་ནང་ གནང་ནི་འགོ་བཙུགས་ཡོད་མི་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ མ་ཤེས་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཞི་གཡོགཔ་དང་ དམག་སྡེའི་དངུལ་ཕོགས་སེང་ནི་ཟེར་ སླབ་མིའི་ཐད་ཁར་ དྲག་ཁག་༣ གྱི་དམག་མི་ཚུ་ མི་དབང་མངའ་བདག་རིན་པོ་ཆེའི་འོག་ལུ་ཨིནམ་ལས་ གཞུང་ལུ་དབང་ཚད་མེད་ཟེར་ཨིནམ་ད་ ཞི་གཡོག་པའི་དངུལ་ཕོགས་ ཡར་སེང་འབད་ནིའི་ཐད་ཁར་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཡང་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་འོག་ཚུ་ནང་ འཕྲུལ་གླང་རེ་བྱིན་ནི་ཨིན་ཟེར་མི་དེ་ ལག་ལེན་འཐབ་པའི་སྐབས་ སྟབས་མ་བདེཝ་འཐོན་ནི་ཨིནམ་མ་ཚད་ འབྲུག་ལུ་དགོ་པའི་ གནམ་གྲུ་ལེགས་ཤོམ་ཚུ་ཉོ་དགོ་པ་ཅིན་ ཐད་ཀར་དུ་ ཁག་ཆེ་བའི་ སློབ་གྲྭ་རྐྱབ་ནི་དང་ ཡང་ཅིན་ ཟམ་སྦོམ་རྐྱབ་ནི་ལ་སོགས་པ་ཚུ་ བཀག་བཞག་དགོཔ་འཐོན་འོང་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ལྟ་བ་གཙོ་ཅན་གཅིགཔོ་དེ་ རྒྱལ་ཁབ་ཀྱི་ རང་དབང་དང་ ཞི་བདེ་ དེ་ལས་ རང་དགོ་རང་འདྲོང་བཟོ་ནི་ བསྟན་པའི་ཞབས་ཏོག་ཞུ་ནི་ རང་ལུགས་ཀྱི་ལམ་སྲོལ་བདག་འཛིན་འཐབ་ནི་དེ་ ཨིན་ཟེར་ཨིན་པས།
གཙོ་འཛིན་གྱིས་ སླབ་མིའི་ནང་ ད་ཚུན་ འབྲུག་ཕུན་སུམ་ཚོགས་པ་གིས་ རྩ་འགེངས་ཏེ་ ཁས་བླངས་ཚུ་ མང་ཤོས་ར་གྲུབ་ཡོདཔ་ད་ ད་རུང་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ མི་རེ་༢ ཀྱི་མཐའ་དོན་ལུ་མ་བལྟ་བར་ འདྲ་མཉམ་གྱི་ཐོག་ལས་ ག་ར་ལུ་ཕན་ཐོགས་པའི་ཁས་བླངས་ཚུ་ཡོདཔ་ལས་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་བདག་དབང་དེ་ ལག་ལེན་འཐབ་པའི་སྐབས་ རང་དོན་ལུ་མ་བལྟ་བར་ རྒྱལ་ཁབ་ལུ་ཤ་ཚ་སྟེ་ ཚོགས་རྒྱན་བཙུགས་གནང་ཟེར་ དཀྱིལ་འཁོར་ཐང་མནྜལ་སྒང་འདེམས་ཁོངས་ཀྱི་དོན་ལུ་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་གི་ བསྐུལ་བསྒྲགས་འབད་བའི་སྐབས་ སླབ་ཡོདཔ་ཨིན་པས།
ཁ་ཙ་དྲོ་པ་ གཙོ་འཛིན་གྱིས་ རྩི་རང་སྟོད་ལུ་ གསེར་གྱི་ཐང་རྩི་རང་སྟོད་འདེམས་ཁོངས་ཀྱི་ མི་སེར་༣༠༠ ལྷགཔ་ཅིག་ལུ་ རྩི་རང་སྟོད་ལུ་སྦེ་ཕྱད་ཞིནམ་ལས་ བསྐུལ་བསྒྲགས་འབད་ཡོདཔ་ད་ ད་རིས་ གསར་སྤང་རྫོང་ཁག་ནང་ འབད་ནི་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment