གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡོག་ནང་ལས་ བཏོན་བཏང་མི་ལུ་ དྲང་བདེན་མ་ཐོབ་པའི་མཐོ་གཏུགས།

༢༢/༦/༢༠༡༣   ༉ སྐྱེས་ལོ་༣༥ ལང་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ལོ་༢༠༡༠ ལུ་ ཁོ་ར་ འབྲུག་གོང་འཕེལ་དངུལ་ཁང་ནང་ དངུལ་གཉེར་སྦེ་ ལཱ་འབད་སྡོད་པའི་སྐབས་ དངུལ་ཀྲམ་༤༠,༠༠༠ སྒེར་སྤྱོད་འབད་བའི་ ཉེས་འཛུགས་ལུ་བརྟེན་ གཡོག་ནང་ལས་ བཏོན་བཏང་མི་དེ་ལུ་ དྲང་བདེན་མ་ཐོབ་ཟེར་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།


པདྨ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྤྱི་ལོ་༢༠༡༠ ལུ་ པདྨ་དགའ་ཚལ་རྫོང་ཁག་ནང་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ དངུལ་གཉེར་སྦེ་ སྡོད་པའི་སྐབས་ལུ་ ཚོང་མགྲོན་པ་ ཡུར་སྐྱིད་ཀྱི་ རྩིས་དེབ་ནང་ལས་ ཏི་རུ་སྒེར་སྤྱོད་འབད་བའི་ ཉེས་འཛུགས་ལུ་བརྟེན་ ཡིག་ཚང་གིས་ ཁོ་རའི་ ཐོབ་ལམ་ཚུ་བྱིན་པའི་ཤུལ་ལས་ དགོངས་ཞུ་འབད་བཅུག་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏི་རུ་སྒེར་སྤྱོད་འབད་འབདཝ་མེདཔ་ལས་ རྫོང་ཁག་ཁྲིམས་འདུན་ལུ་བཙུགས་ཏེ་ རྩོད་བཤེར་འབད་ཡོད་རུང་ དྲང་བདེན་མ་ཐོབ་ཟེར་ སླབ་ཨིན་པས།
རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོད་རུང་ ཁྲིམས་འདུན་གྱིས་ རྩོད་རྩ་ཁོ་རའི་ཁ་ཐུག་ལས་ར་ ར་ཁུངས་ཚུ་ དག་གསལ་སྦེ་ བཀལ་ནི་མེད་པའི་ཁར་ ཁྲིམས་འདུན་ལུ་ བདེན་འཛིན་རུང་བའི་ སྒྲུབ་བྱེད་ཅིག་ ག་ནི་ཡང་ བཏོན་མ་ཚུགསཔ་ལས་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་༢༠༠༡ ཅན་མའི་ དོན་ཚན་༣༢.༡ པའི་ ག་པ་ལྟར་ ཕྱིར་འབུད་འབད་དེ་ བསྟར་སྤྱོད་འབད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཨིན་རུང་ རྩོད་རྩ་གི་ དགོངས་ཞུའི་ཐོབ་ལམ་ཐད་ཁར་ ཁོ་གིས་ ཡིག་ཚང་གི་ བྱ་སྒོའི་ལམ་ལུགས་ལས་ འགལ་བ་ཙམ་མ་གཏོགས་ ཉེས་ལས་འཐབ་སྟེ་ ཏི་རུ་ལོག་སྤྱོད་འབད་ཡོད་པའི་ མངོན་རྟགས་མེདཔ་ལས་ ཐོབ་ལམ་ཚུ་ འཐོབ་དགོཔ་སྦེ་ འཁོད་ཡོདཔ་ཨིན་པས།
དེ་མ་ཚད་ པདྨ་རྒྱལ་མཚན་གྱིས་ ཏི་རུ་དེ་ ཚོང་མགྲོན་པ་ ཡུར་སྐྱིད་ཀྱི་དོན་ལུ་བཏོན་ཡོད་རུང་ ཁོ་གིས་ བྲིས་ལྷག་མ་ཤེས་མི་ལུ་བརྟེན་ ཏི་རུ་བཏོན་པའི་སྐབས་ འཛིན་སྐྱོང་པ་དང་ ཡང་ཅིན་ དེའི་ངོ་ཚབ་ཀྱི་ ལག་བྲིས་ལེན་དགོ་མི་དེ་ རྩོད་རྩ་གིས་ མ་ལེན་པའི་ཁར་ ཉིན་བསྟར་བཞིན་དུ་ ཏི་རུའི་རྩིས་ཁྲ་ཚུ་ ཕྱི་རུ་འཛིན་སྐྱོང་འགོ་དཔོན་ལས་ ལག་བྲིས་ལེན་ཏེ་ བཞག་དགོཔ་ཨིན་པས།
དེ་ཡང་ རྩོད་རྩ་གིས་མ་འབདཝ་ལས་ འཛོལ་བ་ཁོ་ལུ་ཡོདཔ་ལས་ དངུལ་ཀྲམ་༤༠,༠༠༠ པོ་དེ་ སྐྱེད་བརྒྱ་ཆ་༡༥ རྩིས་རྐྱབ་སྟེ་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ ཚང་འགྲིགས་འབད་དེ་ ཉམས་རྒུད་པ་ལུ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཨིན་རུང་ རྩོད་རྩ་གིས་ འཁྲུན་ཆོད་དེ་ལུ་ ཁེ་རྒུད་མ་བཏུབ་པར་ ད་རུང་ ཁོ་གིས་ ཆེ་མཐོའི་ཁྲིམས་འདུན་ལུ་ ཏི་རུ་དེ་ ལོག་སྤྲོད་མ་དགོ་པའི་ཁར་ ཁོ་ར་ ལཱ་གཡོག་ནང་ ལོག་འཛུལ་ནི་ཡོདཔ་ཅིག་ མཛད་གནང་དགོ་པའི་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱིས་ སྐྱེད་སྤྲོད་དགོཔ་སྦེ་ཡོད་མི་དེ་ ཡང་ཆག་གནང་ཡོད་རུང་ གཞན་མིའི་འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ་ལས་ དེ་ལུ་ཡང་ རྩོད་རྩ་གིས་འབད་བ་ཅིན་ བསམ་པ་མ་རྫོགས་ཟེར་ཨིན་པས།
དངུལ་ཀྲམ་༤༠,༠༠༠ པོ་དེ་ རྩོད་རྩ་གིས་འབད་བ་ཅིན་ ཉམས་རྒུདཔ་ཡུར་སྐྱིད་ཀྱིས་ མོ་རའི་རྩི་ཁྲ་ནང་ལས་བཏོན་ཏེ་ དངུལ་ཀྲམ་༡༥,༠༠༠ གི་རྩིས་ མོ་རའི་རྨགཔ་ ཤ་བ་ལ་གི་རྩིས་ཁྲ་ནང་ བསྐྱིན་འགྲུལ་བཏབ་ནི་ཡོད་ཟེར་ མོ་དང་ རྩོད་རྩ་འཛོམས་ཐོག་ལས་ རྨགཔ་གི་རྩིས་ཁྲ་ནང་ བཙུགས་ཡོདཔ་ད་ ལྷག་ལུས་དངུལ་ཀྲམ་༢༥,༠༠༠ པོ་དེ་ མོ་ར་གིས་ འབག་སོང་ཡི་ཟེར་ཨིན་པས།
རྩོད་རྩ་གིས་ གནད་དོན་དེ་གི་སྐོར་ལས་ དུས་ཅི་གི་ ལོ་འགོ་བཙུགས་ཁམས་ལུ་ ད་རུང་ མངོན་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་བཞིན་དུ་ སྙན་གསན་ལན་ཐེངས་གསུམ་ འགོ་འདྲེན་འཐབ་ཡོདཔ་ལས་ ཁོ་རའི་ རེ་བ་ཟེར་རུང་ ཏི་རུ་དེ་ ལོག་སྤྲོད་མ་དགོཔ་ཅིག་དང་ ཁོ་ར་ ལཱ་གཡོག་ནང་ ལོག་འཛུལ་ནི་ཡོདཔ་ཅིག་ མཛད་གནང་བའི་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།
ཁོ་ར་ ས་ཁོངས་ཅིག་ནང་ལྷོདཔ་ད་ དྲང་བདེན་འཐོབ་ནི་གི་ རེ་བ་ཡོདཔ་ལས་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ མ་ལེནམ་ལས་ ཁོ་ར་ གཡོག་ནང་སྡོད་པའི་སྐབས་ ཁོ་རའི་ ཨ་པ་དང་གནས་ཚང་གི་ མིང་ཐོ་ཁར་ བསྐྱིན་འགྲུལ་ལེན་ཡོད་མི་ཚུ་ཡང་ ལོག་བཏབ་མ་ཚུགསཔ་ལས་ ཁོ་རའི་ཡིག་ཚང་གིས་ ད་རུང་ རྫོང་ཁག་ནང་ ཞུ་ཡིག་བཙུགས་བཞག་ནུག་ཟེར་ཨིན་པས།
གནད་དོན་དེ་ནང་ རྩོད་རྩ་གིས་འབད་བ་ཅིན་ ལས་བྱེདཔ་དག་པ་ཅིག་གིས་ཡང་ ཁོ་བཟུམ་མའི་ འཛོལ་བ་འབད་ཡོད་རུང་ ཁོང་ལུ་ ཉེས་བྱ་ག་ནི་ཡང་ མ་བཀལཝ་ལས་ ཁེ་རྒུད་མ་བཏུབ་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment