གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོ་བ་བརྡ་ལོག་སྦེ་ གོ་མི་ཚུ་ལུ་ དོགས་པ་སེལ་ཡོདཔ།

༢༢/༦/༢༠༡༣   ༉ ཁ་ཙ་ ཕུན་ཚོགས་གླིང་ལུ་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་མ་འཚོགས་པའི་ཧེ་མར་ ཆརཔ་ཤུགས་སྦེ་ རྐྱབ་ཡོད་རུང་ དེ་ལུ་ འཚེར་སྣང་མེད་པར་ མི་སེར་ཚུ་གིས་ ཉི་གདུགས་བཀབ་སྟེ་ ཞལ་འཛོམས་ནང་ འོང་ཞིནམ་ལས་ མཇུག་མ་བསྡུ་ཚུན་ཚོད་ བཅའ་མར་གཏོགས་མི་དེ་ དོན་སྨིན་ཅན་ཅིག་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ ཕུན་ཚོགས་གླིང་གི་ མི་ཚུ་དང་ ཕྱད་པའི་བསྒང་།


དེ་ཡང་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ཀར་ན་བྷ་དུར་ རའེ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ གསལ་བཤད་ཚུ་ ལྷོ་མཚམས་པའི་ ཁ་སྐད་ནང་ གསུངས་ནི་དེ་གིས་ ཧེ་མ་ གོ་བ་བརྡ་ལོག་སྦེ་ གོ་མི་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ཅི་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ གཞུང་ལོག་བཙག་འཐུ་འབད་ནི་གི་ དུས་ཚོད་རན་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ རང་སོའི་ཐོབ་དབང་ལག་ལེན་འཐབ་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ འགན་ཁུར་དེ་ གདོང་ཁར་ལྷོད་དེ་ཡོད་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་དེ་ ཚོགས་པ་གསརཔ་ལུ་ སྤྲོད་དགོཔ་ཁག་ཆེཝ་སྦེ་ མནོ་དོ་ཡོདཔ་རུང་ འཇིགས་མེད་འཕྲིན་ལས་ཀྱིས་ རྩེདམོ་རྩེ་ནི་ཨིན་པ་ཅིན་ རྩེདམོ་རྩེ་མི་ གསརཔ་ཚུ་ལུ་ རྩེད་བཅུག་དོ་བཟུམ་ཨིན་རུང་ ད་ལྟོ་ གཞུང་སྐྱོང་ནི་གི་ ཕྱག་ལཱ་དེ་ རྩེདམོ་མེན་པར་ རང་གི་མི་ཚེ་དང་ མ་འོངས་པའི་དོན་ལུ་ བློ་ཐག་བཅད་ནི་དེ་ཨིན་ཟེར་བཤད་ཅི།
སྤྱིར་བཏང་བཙག་འཐུའི་དོན་ལས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ཀྱིས་ དོ་འགྲན་འབད་དོ་ཡོདཔ་ཨིན་རུང་ འགོ་ཐོག་བཙག་འཐུ་ནང་ ཕུན་ཚོགས་གླིང་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་ འདས་པའི་གཞུང་གི་ གྲུབ་འབྲས་དང་ ཁས་བླངས་གསལ་བསྒྲགས་ དེ་ལས་ མི་རྩིས་ཀྱི་སྐོར་ལས་ མི་སེར་ཚུ་ལུ་ དོགས་སེལ་འབད་ཡི།
མ་གཞི་ མི་རྩིས་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ག་ར་གིས་ མ་ཤེསཔ་མེད་རུང་ མི་རྩིས་ནང་ ཐོ་བཀོད་འབད་ནི་དང་ ངོ་སྤྲོད་ལག་ཁྱེར་གྱི་ སྐྱིད་སྡུག་གནང་ནི་དེ་ གཞུང་གི་ལག་པར་མེད་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ བཤད་ཡོདཔ་ད་ ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ ངོ་སྤྲོད་ལག་ཁྱེར་མེད་མི་ མི་སེར་ཚུ་ འགྲོ་འགྲུལ་འབད་ནི་དང་ སློབ་སྦྱོང་འབད་ནིའི་དོན་ལས་ ལཱ་འཇམ་ཏོང་ཏོ་བཟོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ ལོ་ངོ་༢ ཀྱི་རིང་ མི་རྩིས་ཚོགས་ཆུང་ཟེར་ སྡེ་ཚན་བཟོ་ཞིནམ་ལས་ མི་རྩིས་མེད་མི་ དག་པ་ཅིག་གི་ཐོ་ཚུ་ རྩིས་སྤྲོད་འབད་དེ་ ལཱ་འབད་ཚར་ཡོདཔ་ལས་ དེ་ཚུ་ཐོབ་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གི་ གྲུབ་འབྲས་སྦོམ་ཤོས་ཅིག་ རྒྱལ་ཁབ་གཞན་བཟུམ་སྦེ་མེན་པར་ རྒྱལ་ཁབ་འདི་ནང་ ཞི་བདེ་དང་ དགའ་སྐྱིད་ཀྱི་ངང་ལུ་ གནས་མི་དེ་ཨིནམ་བཞིན་དུ་ གལ་སྲིད་ རྒྱལ་ཁབ་ནང་ དགའ་སྐྱིད་དང་ ཞི་བདེ་མེད་པ་ཅིན་ སྣུམ་འཁོར་བོ་ལེ་རོ་དང་ པ་ཝཱར་ཊེ་ལར་ལ་སོགས་པ་ཚུ་ ག་ཅི་འབད་ནི་ཟེར་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དེ་ ལོག་སྟེ་ར་ གཞུང་སྐྱོང་ནི་གི་ གོ་སྐབས་གནང་པ་ཅིན་ དང་པ་ར་ ཕུན་ཚོགས་གླིང་གི་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སེལ་ཞིནམ་ལས་ ད་ལྟོ་ ས་མཚམས་ཀྱི་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་༡,༠༠༠ ལྷགཔ་ཅིག་ཡོད་མི་ཚུ་ཡང་ དེ་ནང་ སྡོད་མི་དགོ་ཟེར་ བཤད་པའི་ཁར་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཚུ་ཡང་ ཡར་སེང་རྐྱབ་འོང་ཟེར་ཨིན་པས།
དེ་སྦེ་སླབ་ད་ ཚོགས་རྒྱན་དགོ་ནིའི་དོན་ལས་མེན་པར་ དེ་ཚུ་ གཞུང་གི་འགན་ཁུར་ཨིནམ་ལས་བརྟེན་ སླབ་ཨིན་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པའི་གནས་ཚུལ།

ཕུན་ཚོགས་གླིང་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment