གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་༢,༦༦༨ དེ་ཅིག་གིས་ ཡིག་ཆ་བསྐྱར་གསོ་མ་འབད་བར་ཡོདཔ།

༢༤/༦/༢༠༡༣   ༉ རྒྱལ་ཁབ་ནང་ སྣུམ་འཁོར་ཇོ་བདག་ཚུ་གིས་ རང་སོའི་སྣུམ་འཁོར་གྱི་ ཡིག་ཆ་ཚུ་ བསྐྱར་གསོ་འབད་དེ་ དུས་མཐུན་ཐོག་ བཞག་དགོཔ་ཨིན་རུང་ ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བར་བཞག་མི་ཡང་ ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ད་རེས་ཁམས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་བར་ ལུས་ཏེ་ཡོད་མི་ཚུ་གིས་ རངསོའི་ཉེ་འདབས་ལུ་ཡོད་པའི་ དབང་འཛིན་གྱི་ ཡིག་ཚང་ཚུ་ནང་ འགྱོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།



དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ཡིག་ཆ་ཚུ་ བསྐྱར་གསོ་མ་འབད་མི་ སྣུམ་འཁོར་༢,༦༦༨ ལྷགཔ་ཅིག་ ཡོདཔ་བཞིན་དུ་ གལ་སྲིད་ སྣུམ་འཁོར་གྱི་ ཐོ་བཀོད་ཡིག་ཆ་ཚུ་ ཚར་གཅིག་ཆ་མེད་བཏང་པ་ཅིན་ མི་དེ་གི་མིང་ཐོ་ལུ་ ཤུལ་ལས་ སྣུམ་འཁོར་ཐོ་བཀོད་འབད་ནིའི་ གོ་སྐབས་མེད་ཟེར་ ད་རེས་ཁམས་ དབང་འཛིན་གྱིས་ གསལ་བསྒྲགས་འབད་མིའི་ནང་ བཀོད་ནུག།
ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ རྡོ་ཕུག་འབྲུག་པ་གིས་ སླབ་མིའི་ནང་ ད་རེས་ བསྐྱར་གསོ་མ་འབད་བར་བཞག་མི་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ དུས་ཡུན་ཟླ་ངོ་༦ དང་༧ ལས་འགོ་བཙུགས་ ལོ་༢ ལང་མི་ཚུ་ཨིནམ་སྦེ་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་འཛིན་གྱིས་ ན་ཧིང་གི་ལོ་ནང་ཡང་ གནད་དོན་དེ་གི་སྐོར་ལས་ གསལ་བསྒྲགས་འབད་མི་ལུ་བརྟེན་ ཧ་ལམ་ བརྒྱ་ཆ་༥༠ དེ་ཅིག་གིས་ བསྐྱར་གསོ་འབད་ཡི་ཟེར་ཨིནམ་ད་ མ་གཞི་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་བཏང་ཆོག་པའི་ལག་ཁྱེར་དང་ སྣུམ་འཁོར་ཐོ་བཀོད་ཡིག་ཆ་ སྐྱར་གསོ་འབད་ནི་ ཕྱིས་མི་ཚུ་ལུ་ ཉིནམ་རེ་ལུ་ ཉེས་བྱ་དངུལ་ཀྲམ་༡༠༠ རེ་ ཕོགཔ་ཨིན་རུང་ ད་རེས་དངུལ་ཀྲམ་༡༠ རེ་མ་གཏོགས་ མི་ཕོག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཐོ་བཀོད་ཡིག་ཆ་ཚུ་ བསྐྱར་གསོ་འབད་མ་ཚུགས་པའི་གནད་དོན་ཚུ་དང་ ངོས་ལེན་འབད་ནི་ལུ་ འོས་འབབ་དང་ ལྡནམ་སྦེ་ཐོན་པ་ཅིན་ དུམ་གྲ་རེ་ འཐུས་མར་ཕབ་དང་ ག་ནི་ཡང་ སྤྲོད་མ་དགོཔ་སྦེ་ བཟོ་བྱིནམ་ཨིན་ཟེར་ རྡོ་ཕུག་གིས་ སླབ་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ སྣུམ་འཁོར་གྱི་ ཐོ་བཀོད་ཡིག་ཆ་དང་ གཞན་མི་ཡིག་ཆའི་རིགས་ཚུ་ བསྐྱར་གསོའི་དོན་ལུ་ དུས་ཡུན་མ་འདྲ་བའི་ གདམ་ཁ་ཚུ་ ཡོདཔ་ཨིན་རུང་ མི་ཚུ་གིས་ ལོ་བསྟར་བཞིན་དུ་མ་གཏོགས་ དུས་ཡུན་རིངམོ་གི་དོན་ལུ་ བསྐྱར་གསོ་མི་འབད་བས་ཟེར་ཨིན་པས།
དེ་ཡང་ སྣུམ་འཁོར་ཇོ་བདག་ཚུ་གིས་ སྟབས་གཅིག་ཁར་ བསྐྱར་གསོའི་འཐུས་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ སྤྲོད་མ་ཚུགས་མི་དང་ རེ་ཚེ་སྐབས་ ཉོ་བཙོང་འཐབ་དགོཔ་ དེ་ལས་ ཐུག་རྐྱེན་བྱུང་སྟེ་ ལག་ལེན་འཐབ་མ་བཏུབ་ ཐལ་མི་ལུ་བརྟེན་ ཨིན་མས་ཟེར་ རྡོ་ཕུག་གིས་ སླབ་ཨིན་པས།
སྣུམ་འཁོར་ཇོ་བདག་ཚུ་ལུ་ ལོ་༥ རེ་ཚུན་ སྟབས་གཅིག་ཁར་ བསྐྱར་གསོ་འབད་ནིའི་ གདམ་ཁ་ཡོདཔ་ལས་ ཁོང་གིས་ ལོ་༣ རེ་གི་དོན་ལུ་ བསྐྱར་གསོ་སྟབས་གཅིག་ཁར་འབད་རུང་ དབང་འཛིན་ལུ་ བྱ་སྟབས་བདེ་དྲགས་ འགྱོ་ནི་མས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ད་ལྟོ་ཚུན་ལུ་ དབང་འཛིན་གྱི་ཐོ་ཡིག་ནང་ སྣུམ་འཁོར་༦༧,༧༦༩ དེ་ཅིག་ཐོ་བཀོད་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment