གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནཱན་ད་ལཱལ་རའི་གིས་གཙོ་འཛིན་གྱི་ངོ་ཚབ་སྦེ་ བསམ་རྩེ་ལུ་ ཁས་བླངས་གསལ་བསྒྲགས།

༢༨/༦/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ བསམ་རྩེ་རྫོང་ཁག་གི་ མི་སེར་ཚུ་དང་ཕྱད་པ་ ལྷོད་མ་ཚུགས་ཏེ་འབད་རུང་ ཁོ་གི་ངོ་ཚབ་སྦེ་ ནཱན་ད་ལཱལ་རའི་གིས་ རྫོང་ཁག་ནང་གི་ འདེམས་ཁོངས་༤ པོ་ཆ་ར་ནང་ འགྱོ་ནིའི་དོན་ལས་ རྩ་འགེངས་དོ་ཡོདཔ་ཨིན་པས།
ནན་ད་ལཱལ་རའི་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་བསྒང་།


གསར་སྤང་རྫོང་ཁག་ ཤོམ་སྤང་ཁའི་འདེམས་ངོ་ ནཱན་ད་ལཱལ་གྱིས་ བསམ་རྩེ་རྫོང་ཁག་ནང་ འོང་དགོ་མི་དེ་ཡང་ ཁོ་རའི་ གཙོ་འཛིན་གྱི་ ངོ་ཚབ་སྦེ་ ཚོགས་པའི་ལྟ་བ་དང་ གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ཚུ་ མི་སེར་ལུ་ གོ་བ་སྤྲོད་ཚུགས་ནིའི་དོན་ལས་ འོང་ཡི་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ལུ་ སྐྱོན་བརྗོད་འབདཝ་མས་ཟེར་བའི་ ཉེས་འཛུགས་བཀལ་དོ་ཡོདཔ་ཨིན་རུང་ ནཱན་ད་ལཱལ་གྱིས་ འབད་བ་ཅིན་ ཁོ་ར་བསམ་རྩེ་ལུ་འོང་དགོ་མི་དེ་ ཚོགས་པ་གཞན་གྱི་སྐོར་ལས་ སྐྱོན་བརྗོད་འབད་བ་ རྩ་ལས་ མེན་ཟེར་ཨིན་པས།
ཁོ་གིས་ འགོ་ཐོག་བཙག་འཐུ་གི་དོན་ལས་ བསམ་རྩེ་ལུ་འོང་བའི་སྐབས་ འདེམས་ཁོངས་༡ ནང་རྐྱངམ་གཅིག་ ལྷོད་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ ཁོ་གིས་ བསམ་རྩེ་ལུ་འོང་མི་དེ་ ཐེངས་༢ པ་ཨིན་པས།
བཀྲ་ཤིས་ཆོས་གླིང་རྒེད་འོག་ གདང་གླིང་གཡུས་ཚན་གྱི་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ མི་༥༠ དེ་ཅིག་ཡོདཔ་ད་ ཞལ་འཛོམས་འབད་བའི་སྐབས་ སྲིད་ཚོགས་ཀྱིས་ ཚོང་འབྲེལ་ཆུང་བ་དང་ གཡུས་ཁའི་ཚོང་ཁང་ཆུང་བ་ཚུ་གི་ ཚོང་ཁྲལ་མེདཔ་བཟོ་ནི་ཟེར་ཨིན་པས།
ནཱན་ད་ལཱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་ཆུང་བའི་ ཚོང་ཁྲལ་མེདཔ་བཟོ་དགོ་མི་དེ་ཡང་ ཚོང་པ་ཚུ་ ཚོང་ལས་བརྟེན་པའི་ འོང་འབབ་དུམ་གྲ་ཅིག་ འཐོབ་མི་ལས་ ཕྱད་ཀ་ག་ར་ ཁྲལ་བཏབ་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་འབདཝ་ད་ ད་ལྟོ་ཚུན་ཚོད་ཀྱི་རིང་ མི་སེར་ཚུ་ལས་ ཚོང་ཁྲལ་བསྡུ་ལེན་འབད་མི་དེ་ཡང་ གཞུང་གི་ འོང་འབབ་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་དགོ་མི་དེ་ ཁོང་ལུ་ དབང་ཚད་དགོ་ནིའི་དོན་ལས་མེན་པ་ རང་གི་ འགན་ཁུར་འབག་སྟེ་ ལཱ་འབད་ཚུགས་ནིའི་དོན་ལས་ ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ ས་གནས་ནང་ བསྐུལ་བསྒྲགས་འབད་ཚར་བའི་ཤུལ་ལུ་ ཁོ་ས་གནས་ནང་གི་ མི་སེར་ཚུ་ ལྷུ་ནིའི་དོན་ལས་འོངམ་མེན་རུང་ མི་སེར་གྱི་ ཚོགས་རྒྱན་དེ་ བསམ་རྩེ་རྫོང་ཁག་ནང་ བཙུགས་ནི་མ་གཏོགས་ གསར་སྤང་ལུ་ བཙུགས་པ་འགྱོ་ནི་མེན་ཟེར་ཨིན་པས།
རྒྱབ་སྐྱོར་པ་གཞན་མི་ཅིག་གིས་ འབད་བ་ཅིན་ ནཱན་ད་ལཱལ་གྱིས་ ཁོ་རའི་འདེམས་ཁོངས་ཀྱི་ དོན་ལས་ཚ་གྱང་ལང་སྟེ་ ལཱ་འབད་ནི་མ་གཏོགས་ བསམ་རྩེ་གི་དོན་ལས་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ཨིན་པས།
ནཱན་ད་ལཱལ་གྱིས་འབད་བ་ཅིན་ ཁོ་ར་འབྲུག་པའི་མི་ཁུངས་ཅིག་འབད་ནི་དེ་གིས་ རྒྱལ་ཁབ་ནང་ ཕར་ཚུར་འགྲོ་འགྲུལ་འབད་ཆོགཔ་ཨིན་རུང་ ད་རིས་ཀྱི་ཐད་ཁར་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ ངོས་ལེན་འགོ་དཔོན་ཚུ་ལས་ གནང་བ་ཞུ་ཞིནམ་ལས་ འོངམ་ཨིན་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ བཀྲིས་ཆོས་གླིང་འདེམས་ཁོངས་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།
སྐྱེས་ལོ་༥༠ ལང་མི་ ཤི་བཱ་པར་སཱད་གིས་ སླབ་མིའི་ནང་ ཚོགས་པ་༢ པོ་ཆ་ར་ ལེགས་ཤོམ་འདུག་ཟེར་ཨིནམ་ལས་  ཚོགས་རྒྱན་གྱི་ སེམས་ཐག་བཅད་ནི་ལུ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༣༡ ལང་མི་ ལཱལ་བྷ་དུར་རའི་ཁོ་ར་ ལྟ་བཤལ་ལམ་སྟོན་པ་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་ གཞི་རྩ་ དེ་ལས་ ཁས་བླངས་གསལ་བསྒྲགས་ལུ་ དམའ་ཕབ་རྐྱབ་མི་དེ་ སེམས་དང་མ་ལྡན་ཟེར་ཨིནམ་ད་ ཁོ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་མ་གཏོགས་ གདམ་ཁ་གཞན་ ག་ཅི་ཡང་ མིན་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment