གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གེ་ཟ་སྲིབ་ཀྱིས་ ཁེ་སང་བཟོ་རུང་ སྤྱ་སྲུང་ནི་ལུ་ གདོང་ལེན།

༢༡/༦/༢༠༡༣   ༉ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ལ་ལུ་ཅིག་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་སྲུང་ནི་དེ་ ལཱ་ཁག་རྐྱབ་དོ་ཡོད་རུང་ མོང་སྒར་རྫོང་ཁག་ ཁྲི་ལྡང་སྦིས་གཡུས་ཚན་གྱི་ མི་སེར་ལ་ལུ་ཅིག་གིས་ གེ་ཟའི་ཐོན་སྐྱེད་ཚུ་ འཐོན་ནི་འགོ་བཙུགས་ཡོདཔ་ཨིན་པས།
སྤྱ་ཚུ་འདྲོག་བཅུག་ནིའི་དོན་ལུ་ གེ་ཟའི་ཞིང་ནང་ སྟག་རྫུས་མ་བཞག་པའི་མཐོང་སྣང་།


དེ་ཡང་ སོ་ནམ་པ་ཚུ་གིས་གྲས་ལས་ཅིག་ སྐྱེས་ལོ་༤༦ ལང་མི་ བསམ་གཏན་རྡོ་རྗེ་ཨིནམ་ད་ ཁོ་གིས་ ཁྲི་ལྡང་སྦིས་གཡུས་ཚན་གྱི་མཇུག་ལུ་ བུམ་ཐང་དང་ བཀྲིས་སྒང་གི་ གཞུང་ལམ་གྱི་ཟུར་ཁར་ བྱང་ས་ཆུང་ཀུ་ཅིག་བཟོ་སྟེ་ གེ་ཟའི་སྲིབ་གསརཔ་བཙོང་དོ་ཡོད་མི་དེ་ཡང་ སྣུམ་འཁོར་གྱི་ སྐད་གོ་བའི་སྐབས་ལུ་ སེམས་དགའ་སྟེ་ སྲིབ་བཙོང་ནིའི་དོན་ལུ་ གྲ་སྒྲིག་འབད་སར་མཐོངམ་ཨིན་པས།
ཁྲི་ལྡང་སྦིས་གཡུས་ཚན་དེ་ གླིང་མེད་ཐང་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོདཔ་ད་ དུས་ཅི་ བསམ་གཏན་རྡོ་རྗེ་གིས་ གེ་ཟའི་སྲིབ་གསརཔ་བཙོང་ཚུགས་མི་དེ་ གཡུས་མི་ཚུ་གི་གྲས་ལས་ འགོ་དང་པ་ཨིནམ་ད་ ཁོ་གིས་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ གེ་ཟའི་སྲིབ་ཚུ་ ཆུ་ཤོག་ནང་འདེགས་ཏེ་ སྒམ་རྐྱབ་ཚར་བའི་ཤུལ་ལུ་ དྲོ་མཛར་བཟའ་སྦེ་ འཁོར་ལམ་གྱི་ཟུར་ཁར་ ཐོན་སྡོདཔ་ཨིན་པས།
ཁོ་གིས་ གེ་ཟའི་སྲིབ་གསརཔ་བཙོང་སྟེ་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༢༠༠༠ དེ་ཅིག་ཐོབ་ཚུགས་མི་གིས་ ཁོ་རའི་ཨ་ལུ་ཚུ་ སློབ་གྲྭ་ནང་ གཏང་ནིའི་དོན་ལུ་ ཟད་འགྲོ་ལང་བའི་ཁར་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ཡང་ དཀའ་ངལ་ཚུ་མེད་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁོ་གིས་ སྲིབ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༢༠ རེ་ཐོབ་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཚན་གྱི་ མི་སེར་ཚུ་གིས་ གེ་ཟའི་སྲིབ་ལུ་བརྟེན་ ལོ་རེ་ནང་ དངུལ་ཀྲམ་༧༠,༠༠༠ དེ་ཅིག་ འོང་འབབ་བཟོ་ཚུགས་ཡོདཔ་བཞིན་དུ་ ཁོ་གིས་ འཁོར་ལམ་གྱི་ཟུར་ཁར་སྡོད་དེ་ ཚོང་འབྲེལ་འགོ་བཙུགས་ཏེ་ ལོ་དག་པ་ཅིག་སོང་ཡི་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ གཞུང་ལམ་གྱི་ཟུར་ཁར་སྡོད་དེ་ བཙོང་ནི་གནས་སྐབས་མེད་མི་ལུ་བརྟེན་ མ་དངུལ་གྱི་ འོང་འབབ་བཟོ་ནི་ལུ་ ལཱ་ཁག་ཡོད་ཟེར་ཨིན་པས།
ཁྲི་ལྡང་སྦིས་གཡུས་ཚན་དེ་ ནགས་ཚལ་གྱིས་མཐའ་སྐོར་ཏེ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་གི་གྲས་ལས་ སྤྱ་གིས་ གནོད་པ་སྦོམ་བཀལ་དོ་ཡོདཔ་ལས་ སྤྱ་སྲུང་ནིའི་དོན་ལུ་ ཉིན་བསྟར་གྱི་གླ་ཆ་ དངུལ་ཀྲམ་༡༠༠ སྤྲོད་ཐོག་ལས་ ལས་མི་འཚོལ་ཏེ་ ཟླཝ་༢ ལྷགཔ་ཅིག་ བཞག་དགོཔ་ཐོན་དོ་ཡོདཔ་ལས་ སྤྱ་ཚུ་དང་གཅིག་ཁར་ གདོང་ལེན་སྦོམ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༤༥ ལང་མི་ རིན་ཆེན་སྒྲོལ་མ་གིས་ཡང་ ད་རེས་ནངས་པ་ མོ་རའི་གེ་ཟ་ཚུ་ སྲིབ་བརྡུང་ནི་རན་ཡོདཔ་ལས་ མོ་གིས་འབད་རུང་ སྲིབ་ལུ་བརྟེན་ འོང་འབབ་བཟོ་ཚུགས་པའི་རེ་བ་བསྐྱེད་དེ་ ཉིན་མ་སྤྱ་ཚུ་སྲུང་དོ་ཡོདཔ་ད་ སྤྱ་སྡེ་ཚན་༡ ནང་ སྤྱ་༢༠ དང་༣༠ དེ་རེ་ འོང་དོ་ཡོདཔ་ཨིན་པས།
སྤྱ་ཚུ་སྲུང་ནིའི་དོན་ལུ་ ཐབས་ཤེས་གནས་སྐབས་ཚུ་བཏོན་དོ་ཡོདཔ་ཨིན་རུང་ ཞིང་ཅིག་ནང་ལས་ བདའ་བཏང་བའི་སྐབས་ལུ་ གཞན་མིའི་ནང་ འཛུལ་སྡོད་དོ་ཡོད་མི་ལུ་ དབུགས་འགམ་བྱུང་བའི་ཁར་ སོ་ནམ་པ་ལ་ལུ་ཅིག་གིས་ སྤྱ་ཚུ་གིས་ ད་རེས་ནངས་པ་ ཚོང་ཁང་ལས་ ཉོ་ནི་འཐོབ་མི་ གཟིག་རྫུས་མ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ གཟིག་དེ་ ཞིང་གི་མཐའ་སྐོར་ལུ་ བཞག་པ་ཅིན་ སྤྱ་ཚུ་འདྲོག་སྟེ་ གནོདཔ་བཀལ་བར་ མི་འོང་པས་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment