གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་བོ་ཏ་ལ་ལུ་ ས་རུད་ཆད་མི་ལུ་བརྟེན་ མི་མང་སྐྱེལ་འདྲེན་བཱསི་ལུ་དཀའ་ངལ།

༢༦/༦/༢༠༡༣   ༉ དུས་ཅི་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་རན་མི་དང་འཁྲིལ་ ཀྲོང་གསར་དང་ གཞལམ་སྒང་བར་ནའི་ གཞུང་ལམ་ཁར་ ས་གནས་རི་བོ་ཏ་ལ་ལུ་ ས་རུད་ཆདཔ་ཆད་སར་ སྡོད་མི་ལུ་བརྟེན་ གཞུང་ལམ་བརྒྱུད་དེ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་མ་ཚད་ དམིགས་བསལ་དུ་ གཞལམ་སྒང་དང་ ཐིམ་ཕུ་བར་ནའི་ མི་མང་སྐྱེལ་འདྲེན་བཱསི་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
རི་བོ་ཏ་ལ་ལུ་ ས་རུད་ཆད་དེ་ གཞུང་ལམ་བསུབས་མི་ཚུ་སེལ་བའི་བསྒང་།


བཱསི་གི་དེད་གཡོགཔ་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་ཁར་ ས་རུད་ཤུགས་སྦེ་ར་ ཆད་པའི་སྐབས་ ས་ཁོངས་དེ་ནང་ར་ ཞག་ཉལ་དགོཔ་ ཐོན་དོ་ཡོདཔ་མ་ཚད་ གཞལམ་སྒང་ལས་ ཐིམ་ཕུ་ལུ་འོང་བའི་སྐབས་ ཐིམ་ཕུ་ལུ་ ཕྱིས་ཏེ་ལས་བརྒལ་ ལྷོད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཐིམ་ཕུ་ལུ་ ཕྱི་རུའི་ཆུ་ཚོད་༦ དང་༧ དེ་ཅིག་ལུ་ ལྷོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དྲོ་པའི་ཆུ་ཚོད་༡ དང་༢ དེ་ཅིག་ལས་བརྒལ་ མི་ལྷོད་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ཁོ་ལུ་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
འཇིགས་མེད་ཀྱིས་ སླབ་མིའི་ནང་ རི་བོ་ཏ་ལའི་ ས་རུད་ཆད་སའི་ས་ཁོངས་ནང་ ལཱ་འབད་མི་ཚུ་གིས་ དྲོ་པའི་དུས་ཚོད་ཁར་ ལཱ་འགོ་མི་བཙུགས་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ཁོང་གིས་ ལམ་སེལ་ནིའི་ལཱ་དེ་ དྲོ་པའི་ཆུ་ཚོད་ ཕྱེད་དང་༡༠ དང་༡༠ དེ་ཅིག་ལས་བརྒལ་ འགོ་མི་བཙུགས་པས་ཟེར་ཨིན་པས།
བཱསི་དེ་ ས་གནས་ནང་ལྷོད་དེ་ དུས་ཡུན་ཆུ་ཚོད་༢ རེ་གི་རིང་ སྒུག་སྡོད་དགོཔ་ཐོན་དོ་ཡོདཔ་ད་ ལམ་དེ་ ཚ་ངེར་བཏོན་ཏེ་ བསལ་བྱིན་དགོཔ་སྦེ་སླབ་ད་ འཕྲུལ་ཆས་ཨེགསི་ཀེ་བེ་ཊར་གྱི་དེད་གཡོགཔ་སྡོད་ས་ ས་ཐག་རིང་སར་འབད་ནི་དེ་གིས་ མི་ལྷོད་པས་ཟེར་སླབ་སྟེ་ ལཱ་འབད་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱསི་དེ་ ས་གནས་དེ་ནང་ ཕྱི་རུ་ ཕྱིས་སུ་ཅིག་ལས་བརྒལ་ མ་ལྷོད་པའི་སྐབས་ ཕྱི་རུའི་ཆུ་ཚོད་༦ འབྱིད་ཞིནམ་ལས་ དུས་ཐེབས་ཀྱི་ལཱ་ཚུ་ འབད་མི་བྱིན་དོ་ཡོདཔ་ད་ དེད་གཡོགཔ་དེ་ ག་ཏེ་ར་སྡོད་རུང་ ལཱ་དེ་ དྲོ་པ་ དུས་ཚོད་ཁར་ འགོ་བཙུགས་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ རེ་ཚེ་སྐབས་ ཐིམ་ཕུ་ལས་འགྱོཝ་ད་ ས་གནས་ནང་ ཕྱིས་སུ་ཅིག་སྦེ་ལྷོད་དེ་ ས་རུད་ཆུང་ཀུ་རེ་ ཆད་དེ་ཡོད་པ་ཅིན་ ཉེན་ཁ་ཁོ་ར་གིས་འབག་སྟེ་ འགྱོ་དོ་ཡོདཔ་ད་ ད་ལས་ཕར་ གནས་སྟངས་དེ་ འཕྲོ་མཐུད་དེ་ར་ གནས་པ་ཅིན་ དེ་སྦེ་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་དང་འཁྲིལ་ ད་ལྟོ་ཚུན་ལུ་ ས་གནས་དེ་ནང་ ཚར་༡༠ དེ་ཅིག་ར་ ལུས་སོ་ཡི་ཟེར་ཨིནམ་ད་ དགེ་ལེགས་ཕུག་གི་ བཱསི་ཚུ་འོང་བའི་སྐབས་ ལམ་དེ་ བསལ་ཚར་དོ་ཡོདཔ་ལས་ ཁོང་ལུ་ དཀའ་ངལ་སྦོམ་ཅིག་ མི་ཐོན་པས་ཟེར་ཨིན་པས།
གཞལམ་སྒང་ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོག་མ་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ནང་ རི་བོ་ཏ་ལ་ལུ་ ད་རེས་ནངས་པར་ ཆརཔ་རྐྱབ་རུང་མ་རྐྱབ་རུང་ ཨ་རྟག་ར་ ལམ་ཆདཔ་མས་ཟེར་ཨིནམ་ད་ སྤྱི་ཟླ་༢༣ གྱི་ནུབ་མོ་ཡང་ སྦོམ་ཆུང་ཁྱིམ་དང་འདྲན་འདྲ་འབད་བའི་ རྡོ་སྦོམ་༢ རྦོབ་རིལ་འོང་སྟེ་ ལམ་བསུབས་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ རྡོ་ཆེན་ཚུ་ལུ་ ཨེགསི་ཀེ་བེ་ཊར་ཚུ་གིས་ ག་ཅི་ཡང་ འབད་མི་ཚུགས་དོ་ཡོདཔ་ལས་ རྫས་བམ་བཀལ་ཏེ་ར་ གཏོར་གཏང་དགོ་པས་ཟེར་ ཨིན་པའི་ཁར་ ད་རེས་ཁམས་ བརྡ་བརྒྱུད་ཚུ་བརྒྱུད་དེ་ ཕྱི་རུ་ཆུ་ཚོད་༦ གི་རྒྱབ་ལས་ མི་ཚུ་གིས་ གཞུང་ལམ་བརྒྱུད་དེ་ འགྲོ་འགྲུལ་འཐབ་མ་ཆོགཔ་སྦེ་ སླབ་སྟེ་ཡོད་ཟེར་ དཀོན་མཆོག་གིས་ སླབ་ཨིན་པས།
ཁོ་གིས་ དོགས་སེལ་འབད་དོ་བཟུམ་འབད་བ་ཅིན་ ཉིན་བསྟར་ལམ་སེལ་གྱི་ལཱ་ཚུ་ དྲོ་པ་ཆུ་ཚོད་༨ ལས་ འགོ་བཙུགས་དགོཔ་ད་ ལམ་སེལ་ནིའི་དོན་ལུ་ ཧེ་མ་ར་ རྡོ་རྫས་བཀལ་ནིའི་ ལཱ་ཚུ་འབད་དགོཔ་ལས་ གཞན་གྱི་མཐོང་སྣང་ལུ་ འཕྲུལ་ཆས་ཚུ་ ལག་ལེན་མ་འཐབ་ཚུན་ ལཱ་མི་འབད་དོ་ཡོདཔ་སྦེ་ མཐོང་དོ་ཡོདཔ་ཨིན་པས་ཟེར་ཨིན་མས།
ག་དེམ་ཅིག་སྦེ་ སྣུམ་འཁོར་ཚུ་ ས་ཁོངས་དེ་ནང་ ནུབ་མོ་ལྷོད་པ་ཅིན་ ཆ་རོགས་འབད་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ས་ཁོངས་དེ་ནང་ དམིགས་བསལ་དུ་ ནུབ་མོ་ལཱ་འབད་ནི་ཚུ་ ཉེན་ཁ་ཆེ་དྲགས་ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
འཇིགས་མེད་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་ལུ་བརྟེན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གཞལམ་སྒང་གི་བཱསི་དེ་ དུམ་གྲ་ཅིག་ ཧེ་མ་གཏང་ཚུགས་པ་ཅིན་ དྲག་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment