གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུང་པ་༥ ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༡༡/༣/༢༠༡༣   ༉ དུས་ཚོད་འ་ནེམ་ཅིག་ཁར་ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ ལྕང་རས་གཡུས་ཚན་གྱི་ ཁྱིམ་གུང་པ་༥ འབད་མི་ཅིག་ལུ་ འཐུང་ཆུ་མེད་པའི་དཀའ་ངལ་ སྦོམ་སྦེ་ར་ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ ལྕང་རས་གཡུས་ཚན་གྱི་ཁྱིམ་གུང་པ་༥ པོ་དེ་ གཡུས་ཚན་གྱི་ལྟག་ལུ་ཡོད་པའི་ ཆུའི་རྐ་དེ་ ཁག་སོ་སོར་སྦེ་ཡོདཔ་ཨིན་རུང་ ཆུ་རྐ་དེ་གིས་ དུས་ཚོད་འ་ནེམ་ཅིག་ཁར་ གཡུས་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་བྱིན་དོ་ཡོདཔ་ཨིན་པས།



སྐྱེས་ལོ་༤༨ ལང་མི་ སུམ་ད་ལ་གིས་སླབ་དོ་བཟུམ་འབད་བ་ཅིན་ དཀའ་ངལ་དེ་ ན་ཧིང་ལོ་ནང་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ ས་གནས་དེ་ཁར་ ས་དོང་རྐོ་བའི་ཤུལ་ལུ་ ཧེང་སྐལ་ར་ གནས་སྟངས་དེ་ སྐྱོ་དྲགས་སོང་ཡི་ཟེར་ཨིན་མི་དེ་ཡང་ ཆུ་རྐ་ལས་ཡོད་པའི་ ཆུ་ཆུང་ཀུ་ཅིག་ཐོན་མི་དེ་ ཉེ་འདབས་ཀྱི་ལས་འགུལ་ནང་ལཱ་འབད་མི་ཚུ་གིས་ ཁོང་གུང་པ་༥ པོ་གིས་ སྤྱོད་མིའི་ཆུ་རྐ་ལས་ དབོག་དོ་ཡོདཔ་ལས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དཀའ་ངལ་ཐོན་ཏེ་ ཟླཝ་༣ ལྷགཔ་ཅིག་སོང་ཡོདཔ་ལས་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་འབད་ཡོདཔ་ཨིན་རུང་ དཀའ་རྙོགས་སེལ་མ་ཚུགསཔ་ལས་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
གཡུས་མི་ཡོན་ཏན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་དགུན་ཨ་རྟག་ར་ ཁྱིམ་གུང་པ་༥ པོ་གིས་ ཆུ་རྐ་དེ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་རུང་ ལས་འགུལ་གྱི་ལས་མི་དང་ ལཱ་འབད་མི་ཚུ་གིས་ ཉེ་འདབས་ཀྱི་ འདམ་ཆུ་ལས་དབོག་འཐུང་ནི་དེ་ དཀའ་ངལ་སྦོམ་ཅིག་ལུ་གྱུར་ཡོད་པའི་ཁར་ དྲོ་པ་ཧ་སག་ལས་ ཆུ་བཟེད་བར་འགྱོ་དགོ་པས་ཟེར་ཨིན་པས།
ཧེ་མ་གི་ཆུ་རྐ་དེ་གིས་ དུས་ཚོད་འ་ནེམ་ཅིག་ཁར་ ཨ་རྟག་ར་སྐམ་སོང་སྟེ་ དཀའ་ངལ་བྱིན་དོ་ཡོདཔ་ལས་ ཡུན་བརྟན་གྱི་དོན་ལུ་ གཡུས་ཚན་དེ་གི་ལྟག་ལུ་ ཆུ་རྐ་སོ་སོར་ཅིག་ཡོད་མིའི་ནང་ལས་བཏོན་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༣༧ ལང་མི་ ཡེ་ཤེས་ཀྱིས་ གནམ་བྱཱར་ཆར་ཆུ་འབོལ་ནི་དེ་གིས་ དཀའ་ངལ་མེད་དེ་འབད་རུང་ ད་ལྟོ་གནས་སྟངས་ནང་ ཐབས་སྐྱོ་སི་སི་ཅིག་ཨིན་མས་ཟེར་ཨིན་པས།
འཐུང་ཆུ་ས་ཐག་རིང་ས་ལས་དབོག་དགོ་ནི་དེ་གིས་ གཙང་སྦྲ་དང་ལྡནམ་སྦེ་སྡོད་ཚུགས་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
ཀུན་གསལ་གྱིས་ རྒེད་འོག་བདག་སྐྱོང་གི་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་ཏེ་འབད་རུང་ རྫོང་ཁག་གིས་ འཐུང་ཆུ་དེ་གི་དོན་ལུ་ མ་དངུལ་བྱིན་ནི་ཨིན་པའི་ ལོ་རྒྱུས་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment