གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདམ་ངོའི་ལོ་ན་ལུ་མེན་པར་ མི་སེར་ལུ་ ཕྱག་ཞུ་ནིའི་ དང་འདོད་ཡོད་མེད་ལུ་ རག་ལས་ནི།

ཚེ་རིང་རྡོ་རྗེ།
༢༠/༠༣/༢༠༡༣  ༉ ཧཱ་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ བཙག་འཐུ་འབད་ནིའི་ འཛོམས་འདུ་དེ་ ནངས་པར་ལས་ འགོ་བཙུགས་ནི་ཨིནམ་ལས་ སྦྱིས་རྒེད་འོག་གི་འཐུས་མི་ ཚེ་རིང་རྡོ་རྗེ་གིས་ ལོག་དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནི་ཨིན་མེ་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ བཅའ་མར་གཏོགས་པའི་སྐབས་ལུ་ཡང་ གཙོ་བོ་ར་ ས་གནས་མཐའ་ཟུར་ནང་ སྡོད་མི་ཚུ་གི་ བསམ་འཆར་ཚུ་ ཆེ་མཐོའི་གནས་རིམ་ཚུ་ནང་ ལྷོད་ཚུགསཔ་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་བཞིན་དུ་ ད་ལྟོའི་བར་ན་ཡང་ ཁོ་གིས་ དམིགས་དོན་དེ་ལུ་ ཡིད་ཆེས་བསྐྱེད་བཞིན་དུ་ ཡོད་ཟེར་ཨིན་པས།
 
དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་ནང་ འགོ་དང་པ་ བཅའ་མར་གཏོགས་པའི་སྐབས་ལུ་ཡང་ རང་གི་ཐོབ་དབང་དང་ ཕན་ཁྱད་ལུ་ལྟ་སྟེ་མེན་པར་ མི་སེར་ལུ་ ཕྱག་ཞུ་ནི་གི་ དམིགས་ཏེ་ཨིནམ་ལས་ ད་རེས་དགོངས་ཞུ་འབད་བའི་སྐབས་ལུ་ཡང་ དགོངས་ཞུའི་ཟུར་ཕོགས་ཚུ་ མ་ཐོབ་མི་ལུ་ སེམས་ཕམ་བསྐྱེད་དགོཔ་མེད་ཟེར་ཨིན་པས།
ད་ལྟོ་ཚུན་ ཁོ་གིས་ དགོངས་ཞུ་འབད་བའི་སྐབས་ དགོངས་ཞུའི་ཟུར་ཕོགས་ ག་དེམ་ཅིག་ འཐོབ་ནི་ཨིན་ན་ རྩིས་བཏོན་ཏེ་ ལྟ་ལྟཝ་མེད་ཟེར་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་ འདས་པའི་ལོ་༥ འི་རིང་ ཚོགས་ཆུང་མ་འདྲཝ་ཚུ་ནང་ འཐུས་མི་སྦེ་ འབྲེལ་གཏོགས་འབད་བ་གིས་མ་ཚད་ ཚོགས་ཆུང་གི་ ཁྲི་འཛིན་འགན་ཁུར་ཚུ་ཡང་ འབག་ཐོག་ལས་ ཕྱག་ཞུ་ནི་དེ་གིས་ ཁོ་རའི་ དམིགས་དོན་དང་འཁྲིལ་ མཐའ་ཟུར་ས་གནས་ཀྱི་ མི་སེར་ཚུ་གི་ སྐྱིད་སྡུག་ཚུ་ཡང་ གཞུང་གིས་ཧ་གོ་ཚུགསཔ་ བཟོ་ཚུགས་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ སྦྱིས་རྒེད་འོག་ལས་ གདམ་ངོ་དང་པ་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ ད་ལྟོ་ཚུན་ ཁོ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ཁག་ཆེ་བའི་ ཁྲིམས་བཟོའི་ལས་སྣ་ལེ་ཤ་ཅིག་ནང་ར་ འབྲེལ་གཏོགས་འབད་ཡོདཔ་ད་ གལ་སྲིད་ ཁྲིམས་ལུགས་དེ་ར་ ལེགས་ཤོམ་སྦེ་ བཟོ་ཚུགས་པ་ཅིན་ དེ་དང་བསྟུན་པའི་ གོང་འཕེལ་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་ཚུགས་ནི་ཨིནམ་ལས་ ཁོ་རའི་ རྫོང་ཁག་གི་དོན་ལུ་ ཕན་ཐོགས་པའི་ལཱ་ཟེར་རུང་ དེ་ར་ཨིན་ཟེར་ཨིན་པས།
མ་གཞི་ འདས་པའི་གནས་ཡུན་སྐབས་ ཚོགས་སྡེ་གིས་ ལཱ་གི་གྲུབ་འབྲས་ ལེ་ཤ་ཅིག་ར་བཏོན་ཡོདཔ་ཨིན་རུང་ ད་རུང་ ལེ་ཤ་ཅིག་ མཇུག་མ་བསྡུ་བར་ ཡོདཔ་བཟུམ་ཅིག་སྦེ་ ཚོརཝ་མས་ཟེར་ ཚེ་རིང་རྡོ་རྗེ་གིས་བཤད་ཅི།
ད་རེས་ཁོ་ར་ ལོག་དོ་འགྲན་འབད་བའི་སྐབས་ དོ་འགྲན་པ་གཞན་ཡང་ ལེ་ཤ་ཅིག་ར་ ཐོན་ཡོདཔ་ཨིན་རུང་ ཁོ་རའི་ཧོངས་ལས་ ག་དེ་དྲག་དྲག་ ཙ་འགེངས་ནི་དང་ གཞན་རྣམས་ མི་སེར་གྱི་ཕྱག་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ ག་དེམ་ཅིག་སྦེ་ བཙག་འཐུ་ནང་ལས་ རྒྱལ་ཁ་མ་ཐོབ་སྟེ་འབད་རུང་ རྒྱལ་ཁ་ཐོབ་མི་དེ་ལུ་ རྒྱབ་སྐྱོར་འབད་ནི་ ཨིན་ཟེར་ཨིན་པས།
ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ མི་སེར་ཚུ་ལུ་ཕན་པའི་ ལཱ་ག་ཅི་བཟུམ་འབད་ནི་ཨིན་ནའི་ འཆར་གཞི་གི་སྐོར་ལས་ དྲིས་བའི་ལན་ལུ་ དེ་ཚུ་ མ་འོངས་ཚོགས་ཐེངས་ཚུ་ནང་ དཔྱད་ཡིག་ག་བཟུམ་ར་ ཕུལ་འོང་ག་ཚུ་ལུ་ རག་ལས་འོང་ཟེར་ཨིན་པས།
འདས་པའི་གནས་ཡུན་གྱི་སྐབས་ མི་སེར་ཚུ་གི་གྲས་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ལྡོག་ཕྱོགས་ཀྱི་ཕྱག་ལཱ་གནང་ཡོད་པའི་ དོགས་སྣང་དང་ དམིགས་བསལ་དུ་ དྲི་བཀོད་ལས་རིམ་ཚུ་གི་སྐབས་ འབྲེལ་ཡོད་འགོ་དཔོན་ལ་ལུ་ཅིག་གིས་ འབྲེལ་གཏོགས་འབད་མ་བཏུབ་པའི་ དཀའ་ངལ་ཚུ་ བྱུང་ཡོདཔ་ཨིན་རུང་ ཚོགས་སྡེ་གིས་ གཙུག་སྡེའི་དགོས་མཁོ་དང་འཁྲིལ་ ཕྱག་ལཱ་མཛད་ཡོདཔ་བཞིན་དུ་ ད་ལས་ཕར་འབད་རུང་ རྩ་བརྟན་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ ཚོགས་སྡེ་གིས་ ལྡོག་ཕྱོགས་བཟུམ་མའི་ ཕྱག་ལཱ་གནང་ཡོད་པའི་ ཚོར་སྣང་བྱུང་མིའི་ཐད་ལུ་ སྲིད་དང་མ་འབྲེལ་བའི་ གཙུག་སྡེ་ཅིག་ཨིན་མི་ རྒྱལ་ཡོངས་ཚོགས་སྡེ་ལུ་ དགག་བཤེར་དང་ཚད་མཉམ་ བཟོ་དགོ་པའི་ འགན་ཁུར་ཡང་ཕོགཔ་ལས་ དགོས་མཁོ་དང་འཁྲིལ་ གཞུང་སྐྱོང་ཚོགས་པ་ལུ་མེན་པར་ ལྡོག་ཕྱོགས་ལུ་ཡང་ དགག་པ་རྐྱབ་དགོ་ཟེར་ ཚེ་རིང་རྡོ་རྗེ་གིས་ སླབ་ཨིན་པས།
དུས་ཅི་གི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གདམ་ངོ་གཞོནམ་ ལེ་ཤ་ཅིག་ར་ ཐོན་དོ་ཡོད་མི་ལུ་ མི་སེར་ཚུ་གིས་ བསམ་འཆར་མ་འདྲཝ་ཚུ་ བཀོད་དོ་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་ བཤད་མིའི་ནང་ གདམ་ངོ་དེ་ ལོ་ན་གཞོན་རུང་རྒས་རུང་ རང་སོའི་ལྕོགས་གྲུབ་དང་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་དང་འདོད་ཡོད་མེད་ལུ་ རག་ལས་འོང་ཟེར་ སླབ་ཡོད་པའི་གནས་ཚུལ།
                                                                                                                                                                  ཉི་མ་དབང་འདུས།

No comments:

Post a Comment