གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ ཤིང་གི་མཁོ་འདོད་བཀོད་མི་ མར་བབས་སོང་ཡོདཔ།

༡༡/༣/༢༠༡༣   ༉ འདས་པའི་ཟླཝ་དག་པ་ཅིག་ནང་ བུམ་ཐང་ལུང་གཤོང་གི་ ཤིང་དྲ་ཁང་གི་ཚོང་འབྲེལ་འཐབ་མིའི་ཇོ་བདག་ཚུ་ལུ་  ཤིང་མཁོ་འདོད་བཀོད་མི་ མེད་མི་ལུ་བརྟེན་ ཤིང་དྲ་ཁང་ཚུ་ནང་ ཤིང་དུམ་ཚུ་ སྤུངས་བཞག་ས་མཐོངམ་ཨིན་པས།


དེ་ཡང་ ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤིང་མཁོ་འདོད་བཀོད་མི་ཚུ་གིས་ དངུལ་ཁང་ཚུ་ལས་ ཁྱིམ་རྐྱབ་ནི་གི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་མེད་མི་ལུ་བརྟེན་ཨིན་མས་ཟེར་ཨིནམ་ད་ ཤིང་དྲ་ཁང་གི་ཇོ་བདག་ཚུ་གིས་འབད་བ་ཅིན་ གནས་སྟངས་དེ་ སྐྱོ་དྲག་ཅིག་ལུ་གྱུར་ཡོད་ཟེར་ཨིན་པས།
ལྕམ་མཁར་ལུ་ཡོད་མི་ གུ་རུ་ཤིང་དྲ་ཁང་གི་ཇོ་བདག་ ཨམ་བདེ་སྐྱིད་ཀྱིས་བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ ཆུ་སྨད་ལུ་ཡོད་མི་ རང་བཞིན་སླར་འབྱུང་གོང་འཕེལ་ལྟེ་བ་གིས་ ཤིང་དུམ་རིན་བསྡུར་འབད་བའི་སྐབས་ མོ་ལུ་ ཏི་རུ་དུམ་གྲ་ཅིག་ཡོད་མི་ཚུ་ ཤིང་དུམ་ཉོ་བཞག་ཡོད་རུང་ ཤིང་གི་མཁོ་འདོད་བཀོད་མི་མེད་མི་གིས་ དཀའ་ངལ་གྱི་གཞི་གནས་ཅིག་ལུ་གྱུར་ཡོད་ཟེར་ཨིན་པས།
ཤིང་དྲ་ཁང་གི་ཇོ་བདག་ བཀྲ་ཤིས་དབང་འདུས་ཀྱིས་ཡང་ ཧེ་མ་བཟུམ་སྦེ་ ཤིང་མཁོ་འདོད་བཀོད་མི་མེདཔ་ལས་ ཤིང་དུམ་ཚུ་ དེ་སྦེ་ར་བཞག་སྟེ་ དོན་དག་མིན་འདུག་ཟེར་མནོ་སྟེ་ འཕྲལ་ཁམས་ཅིག་ཁར་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ བུ་ལོན་ཐོག་ལས་ བཙོང་ཡི་ཟེར་ཨིན་པས།
ཧེ་མ་ ཤིང་ཚད་ཅིག་ལས་བརྒལ་འཐོབ་ནི་མེད་པའི་སྐབས་ མཁོ་འདོད་བཀོད་མི་ ལེ་ཤ་འོང་དོ་ཡོདཔ་ཨིན་རུང་ ད་ལྟོ་ ཤིང་དུམ་ལེ་ཤ་ཐོབ་སྟེ་འབདཝ་ད་ ཤིང་ཉོ་མི་འོང་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་ཡང་ གཞན་དྲ་ཁང་བཟུམ་སྦེ་ར་ ཤིང་དུམ་ སིཕ་ཊི་༧༠༠༠ དེ་ཅིག་གི་རྩིས་ ཉོ་བཞག་ཡོདཔ་ལས་ གནས་སྟངས་དེ་ ད་རུང་ ཟླ་༦ དེ་ཅིག་ འགྱུར་བ་མེད་པ་སྡོད་པ་ཅིན་ ཁོང་གི་ཚོང་འབྲེལ་ལུ་བར་ཆད་འབྱུང་ནི་མས་ཟེར་ཨིན་པས།
ལུང་གཤོང་ནང་ ཤིང་ཉོ་མི་མེདཔ་ལས་ རང་བཞིན་སླར་འབྱུང་གོང་འཕེལ་ལྟེ་བ་གིས་ཡང་ ཤིང་ཉོ་མི་ཚུ་ལུ་ ནམ་དགོཔ་ཅིག་ ཧེ་མ་བཟུམ་སྦེ་ ཁ་རྗེ་གདམ་འཐུ་འབད་དེ་མེན་པར་ དེ་འཕྲལ་ལས་ ཏི་རུ་སྤྲོད་དེ་ ཉོ་སྒྲུབ་འབད་ཆོགཔ་སྦེ་འདུག་ཟེར་ཨིན་པས།
ཆུ་སྨད་ལུ་ཤིང་དྲ་ཁང་གི་ཇོ་བདག་ རྡོ་རྗེ་དབང་མོ་གིས་འབད་བ་ཅིན་ མི་ཚུ་གིས་ ཤིང་མཁོ་འདོད་བཀོད་དེ་འབད་རུང་ དངུལ་ཁང་ནང་ལས་ བསྐྱིན་འགྲུལ་ཐོབ་མ་ཚུགས་པའི་བསྒང་ལས་ སྔོན་མངགས་འབད་མི་ཚུ་ཡང་ ལེན་མི་བཏུབ༌པས༌ཟེར༌ཨིན༌པས།
ཀརྨ་ཤིང་དྲ་ཁང་གིས་ཡང་ དངུལ་ཀྲམ་འབུམ་༡༣ ལྷགཔ་ཅིག་གནས་པའི་ཤིང་དུམ་ རིན་བསྡུར་ཐོག་ལས་ ཉོ་བཞག་ཡོད་མི་དེ་ ད་ལྟོ་བཙོང་མ་ཚུགས་པར་ཡོདཔ་ལས་ གཞུང་གིས་ ཐབས་ལམ་ཅིག་བཏོན་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment