![]() |
ཤཝ་ཤ་ཁྱི་གི་འཆམ་སྟོན་པའི་བསྒང་། |
ཚེས་བཅུའི་སྐབས་ འཆམ་གྱི་ལེའུ་ཚུ་ཡང་ འབྲུག་གི་རྫོང་གཞིས་ཁག་ཚུ་ནང་ འགོ་འདྲེན་འཐབ་མི་ སྐུ་འཆམ་གྱི་ལས་རིམ་ཚུ་དང་ དབྱེ་བ་མེདཔ་ད་ ཁ་ཙ་ཉིནམ་དང་པའི་ནང་ གཤིན་རྗེ་ཡབ་ཡུམ་དང་ ཤཝ་ཤ་ཁྱི་ལ་སོགས་པའི་ སྐུ་འཆམ་དག་པ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ཀྱི་ལས་རིམ་ནང་ གཙོ་བོ་གཤིན་རྗེ་ཆོས་རྒྱལ་གྱི་ དབང་ཡོདཔ་ཨིན་པས།
གྲྭ་ཚང་གི་འོག་གི་ ས་ཁོངས་དེ་ ཚོང་ཁང་ཚུ་གི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ད་ དེ་ནང་ ཚོང་ཁང་༦༠ དང་ བཟའ་ཁང་༢༧ འབདཝ་ད་ ཁང་མིག་༨༧ ཡོདཔ་ད་ གྱིབ་ཤོག་བཀབ་མི་ ཁང་མིག་ཚུ་ནང་ ཚོང་དང་ རྩེད་རིགས་འདྲཝ་མ་འདྲཝ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
རྩི་རང་ལུ་ འཐུང་ཆུ་ལངམ་མེད་མི་ལུ་བརྟེན་ ཚེས་བཅུའི་དོན་ལུ་ ཚོང་ཁང་དང་ ལྷག་པར་དུ་ བཟའ་ཁང་གི་དོན་ལུ་ འཐུང་ཆུ་དེ་ རྩི་རང་ཁྲོམ་ཁ་ལས་ གསར་སྤང་གཞུང་ལམ་བལྟ་སྟེ་ ཀི་ལོ་མི་ཊར་༢༢ དེ་ཅིག་ འགྱོ་དགོ་པའི་ས་གནས་ པའུ་ཁོ་ལ་ལས་ འབག་འོང་སྟེ་ འཐུང་ཆུ་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུང་ཆུའི་དཀའ་ངལ་ཡོད་མི་ལུ་བརྟེན་ འདས་པའི་ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ་ རྫོང་ཁག་གི་ བཟོ་རིག་འགོ་དཔོན་སྡེ་ཚན་ཅིག་དང་ ལས་མི་ཚུ་གིས་ ཧེ་མའི་ ཆུ་དུང་རྙིངམ་ནང་ ཆུ་འཐེན་བསྐྱལ་ནི་དེ་གིས་ དཀའ་ངལ་བསལ་ཚུགས་ཅི་ཟེར་ཨིན་པས།
དེ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༩ ལས་ འགོ་བཙུགས་ཏེ་ ཉིན་གྲངས་༥ གི་རིང་ འགོ་འདྲེན་འཐབ་མི་ དར་དཀར་ནང་ཚེས་བཅུ་དེ་ཡང་ ནངས་པ་ མཇུག་བསྡུ་ནི་ཨིན་པས།
ཚེས་བཅུའི་སྐབས་ལུ་ གཞུང་གི་ཡིག་ཚང་དང་ ལས་ཁུངས་ དེ་ལས་ སློབ་ཁང་ཚུ་ ངལ་གསོ་སྦེ་ བཞག་ཡོད་པའི་གནས་ཚུལ།
རྩི་རང་ལས་ ཚེ་རིང་རྣམ་རྒྱལ།
No comments:
Post a Comment