གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་དོན་ལེགས་ཤོམ་སྦེ་ མ་ཐོབ་མི་ལུ་བརྟེན་ མི་སེར་ཚུ་ དབུགས་འགམ་ཡོདཔ།

༡༨/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོ་བཙག་འཐུ་དོན་ལུ་ སྐོར་ཐེངས་༡ པ་ འགོ་འདྲེན་འཐབ་པའི་སྐབས་བདེ་བ་ཐང་ཁྲོམ་ལས་ སངས་རྒྱས་ལྷུན་གྲུབ་དེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
བདེ་བ་ཐང་ལུ་ མི་སེར་ཚུ་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནི་གི་ འཛོམས་འདུ་ཨིན་ཟེར་ གོ་བརྡ་མ་སྤྲོད་མིའི་སྐོར་ གྲོས་བསྡུར་འབདཝ་ད་ གདམ་ངོ་སངས་རྒྱས་ལྷུན་གྲུབ་ ལྟ་སྡོད་པའི་བསྒང་།


ཚོགས་རྒྱན་བཙུགས་པའི་སྐབས་ ཁོ་ལུ་ བདེ་བ་ཐང་ཁྲོམ་ལས་ དགོ་ཟེར་བའི་ཚོགས་རྒྱན་༥༢ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༢ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ དགོ་ཟེར་བའི་ ཚོགས་རྒྱན་༥ ཐོབ་ཡོདཔ་ཨིན་པས།
འཛོམས་འདུ་ཁག་༣ ཆ་ར་ ཉིནམ་༡ ནང་ འགོ་འདྲེན་འཐབ་ཡོདཔ་ད་ དྲོ་པའི་ཆུ་ཚོད་༡༡ ཚུན་ བདེ་བ་ཐང་ རྒེད་འོག་ལྟེ་བའི་ནང་ འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་གི་ མི་སེར་ཚུ་གིས་ རྒེད་འོག་ནང་ལས་ མི་ངོ་མེད་པའི་ ངག་བརྗོད་སྤྲོད་ཡོདཔ་ཨིན་པས།
འཛོམས་འདུ་གཞན་མི་དེ་ བདེ་བ་ཐང་ཁྲོམ་ཁར་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སངས་རྒྱས་ལྷུན་གྲུབ་དེ་ གདམ་འཐུ་གྲུབ་ཡོདཔ་ད་ དེ་གི་ཤུལ་ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་༥ པོ་ཆ་ར་གིས་ སངས་རྒྱས་ལྷུན་གྲུབ་ལུ་ ངོས་ལེན་གྱི་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།
ཨིན་རུང་ བདེ་བ་ཐང་ཁྲོམ་ཁར་ འཛོམས་འདུའི་དོན་ལུ་འོང་མི་ ཚོགས་རྒྱན་བཙུགས་མི་ཚུ་ དབུགས་འགམ་མི་དེ་ཡང་ ཁོང་ལུ་ བཙག་འཐུའི་འཛོམས་འདུ་ ཨིན་པའི་སྐོར་ལས་ མ་སླབ་མི་ལུ་བརྟེན་ཨིན་པས།
བརྡ་དོན་ལེགས་ཤོམ་སྦེ་ མ་སྤྲོད་མི་ལུ་བརྟེན་ འཛོམས་འདུའི་དོན་ལུ་འོང་མི་༦༠ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ངེས་པར་དུ་དགོ་པའི་ ངོས་འཛིན་འདྲ་པར་ཚུ་ འབག་མ་འོངམ་ད་ མི་སེར་ལ་ལུ་ཅིག་གིས་ རང་སོའི་ཁྱིམ་ནང་ ངོས་འཛིན་འདྲ་པར་ལེན་པར་ ལོག་སོང་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ བཤོལ་བཞག་འབད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ མི་སེར་ཚུ་གིས་ རྒེད་འོག་གི་ འགོ་དཔོན་དང་ ཁྲོམ་སྡེའི་འཐུས་མི་ཚུ་ལུ་ ཁ་བཏང་ཡོདཔ་ཨིན་པས།
ངོས་འཛིན་འདྲ་པར་ལེན་པར་ ལོག་སོང་མི་ བསམ་གྲུབ་དགའ་ཚལ་ལས་ རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ མོ་རའི་ཁྱིམ་ནང་ཚུན་ དུས་ཡུན་སྐར་མ་༤༠ དེ་ཅིག་ ལམ་འགྱོ་དགོཔ་ད་ རྒེད་འོག་གི་འགོ་དཔོན་དང་ བཙག་འཐུའི་འགོ་དཔོན་ཚུ་གིས་ སྣང་མེད་ཀྱི་ལཱ་འབད་མི་དེ་ དབུགས་འགམ་སི་སི་ཅིག་ ཨིན་མས་ཟེར་ ཨིན་པས།
རྡོ་རྗེ་ཆོས་སྒྲོན་གྱིས་འབད་བ་ཅིན་ འཛོམས་འདུ་དེ་ མི་རྩིས་ཀྱི་སྐོར་ལས་ཨིནམ་སྦེ་ སླབ་སར་གོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༦༧ འབད་མི་ ཚེ་རིང་གཡང་སྒྲོན་གྱིས་ སླབ་མི་ནང་ མོ་གིས་ ངོས་འཛིན་འདྲ་པར་ལེན་པར་ ལོག་ཁྱིམ་ནང་ འགྱོ་མ་ཚུགས་ནི་དེ་གིས་ ཚོགས་རྒྱན་བཙུགས་ནི་ལས་ ཟུར་སྡོད་དགོཔ་ ཐོན་ཡི་ཟེར་ཨིན་པས།
ཞི་གཡོགཔ་བགྲེསཔ་ཅིག་གིས་ སླབ་མིའི་ནང་ བཙག་འཐུའི་ལཱ་དེ་ གལ་གནད་ཅན་ཅིག་ འབད་ནི་དེ་གིས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ དྲན་ཤེས་བཏོན་ཐོག་ལས་ ཕྱག་ལཱ་གནང་དགོཔ་འདུག་ཟེར་ཨིན་པས།
ད་རེས་བཟུམ་མའི་ གནད་དོན་ཚུ་ལུ་བརྟེན་ དང་འདོད་ཅན་གྱི་ མི་ངོ་ཚུ་གིས་ ཚོགས་རྒྱན་བྱང་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ཡོད་མི་༢༢,༨༨༣ ཡོད་ས་ལས་༡༡,༡༦༨ ཨམ་སྲུ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment