གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ དགོངས་ཞུའི་སེམས་ཐག་བཅད་མ་ཚུགསཔ།

༡༦/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ ལོག་བཙག་འཐུའི་ནང་ དོ་འགྲན་འབད་ཆོག་མི་ཆོག་ ཁ་གསལ་ག་ནི་ཡང་མེད་རུང་ དགོངས་ཞུའི་ཡི་གུ་མ་བཙུགས་པར་ འཐུས་མི་ལ་ལུ་ཅིག་ རང་སོའི་འདེམས་ཁོངས་ནང་ འཛོམས་འདུ་རྐྱབ་པར་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།


ཚོགས་སྡེའི་འཐུས་མི་ལེ་ཤ་ཅིག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་ ཚོགས་སྡེའི་བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནི་གི་ དང་འདོད་ཡོད་ལུགས་ བཀོད་ཡོདཔ་མ་ཚད་ དགོངས་ཞུ་མ་འབདཝ་ལས་ར་ རྒེད་འོག་གི་ འཛོམས་འདུའི་ཚེས་གྲངས་ཚུ་ གཏན་འཁེལ་བཟོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་ གནས་ཡུན་མ་ཚང་མི་ འཐུས་མི་ཚུ་ ལོག་དོ་འགྲན་འབད་བ་ཅིན་ དགོངས་ཞུ་འབད་དགོ་མི་དེ་ཡང་ གལ་སྲིད་ འཐུས་མི་ཚུ་ གོ་གནས་ཐོག་ དོ་འགྲན་འབད་ཆོག་པ་ཅིན་ འདེམས་ངོ་གསརཔ་ཐོན་མི་ཚུ་ལུ་ འདྲ་མཉམ་མི་འོང་ཟེར་ སླབ་ཨིན་པས།
ད་རུང་ ཚོགས་སྡེའི་འཐུས་མི་ཚུ་གིས་ ཁོང་ཆ་ཁྱབ་ དགོངས་ཞུ་འབད་མ་དགོ་པར་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ཆོགཔ་སྦེ་ མངོན་མཐོ་ཁྲིམས་འདུན་གྱིས་ གྲོས་འདེབས་བཀོད་ཡོད་མི་དེ་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཚོགས་སྡེའི་འཐུས་མི་ཚུ་ལུ་ གསོལ་སྟོན་གནངམ་ད་ བཀའ་རྒྱ་གནང་ནི་གི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ བཀའ་རྒྱ་ལོགས་སུ་སྦེ་ མ་གནངམ་ལས་ མགུ་འཐོམ་སྟེ་ར་ལུས་ནུག།
མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ད་ལྟོའི་འཐུས་མི་ཚུ་ གོ་གནས་ཐོག་ལུ་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་ནི་དང་ དགོངས་ཞུའི་གསོལ་རས་ཚུ་ཡང་ཐོབ་སྦེ་ ཁྲིམས་ཀྱི་དོན་འགྲེལ་འབད་དེ་ གྲོས་འདེབས་ཡི་གུ་ཅིག་ བཙག་འཐུ་ལྷན་ཚོགས་ལུ་ བཏང་ཡོད་རུང་ བཙག་འཐུ་ལྷན་ཚོགས་ལས་ ངོས་ལེན་ཡོད་མེད་ཀྱི་ བཀའ་རྒྱ་ག་ནི་ཡང་ གནང་མ་བཏུབ་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱི་ གྲོས་འདེབས་ལུ་ ཨིན་ཅི་མིན་ཅི་ ངོས་ལེན་འབད་དགོཔ་ མེད་ནི་དེ་གིས་ཨིན་པས།
དང་འདོད་ཅན་གྱི་ ཚོགས་སྡེའི་འདེམས་ངོ་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་གསརཔ་ལེ་ཤ་ཅིག་ར་ ཞི་གཡོག་ནང་ལས་དགོངས་ཞུ་འབད་ཡོདཔ་ལས་ འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ དོ་འགྲན་འབད་ཆོག་པ་ཅིན་ ཁོང་ལུ་ཡང་ ལམ་ལུགས་ཅོག་འཐདཔ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ ཚོགས་སྡེའི་འཐུས་མི་ ལོག་དོ་འགྲན་འབད་ནི་གི་ དང་འདོད་ཡོད་མི་ཚུ་ དགོངས་ཞུ་འབད་དགོ་མི་དེ་ཡང་ འདྲ་མཉམ་དང་ དྲང་བདེན་ཐོག་ གོ་སྐབས་གཅིག་མཚུངས་དགོ་ཟེར་ཨིན་པས།
ལྟ་རྟོག་པ་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ འཐུས་མི་ཚུ་གིས་ གོ་གནས་ཐོག་ལུ་ ལོག་དོ་འགྲན་འབད་ནི་གི་ མནོ་བསམ་ཡོད་པ་ཅིན་ དགོངས་ཞུའི་ཐོབ་ལམ་ཚུ་ལུ་ མནོ་བསམ་གཏང་ནི་མི་འོང་ཟེར་ཨིན་པས།
ད་ཚུན་  དགོངས་ཞུ་མ་འབད་བར་ ལོག་བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་མི་ཆོག ཁ་གསལ་མེད་པའི་ཁར་ ཚོགས་སྡེའི་འཐུས་མི་ཚུ་གིས་ཡང་ དགོངས་ཞུའི་ཞུ་ཡིག་བཙུགས་བཙུགསཔ་མེདཔ་ཨིན་རུང་ དགོངས་ཞུའི་ཞུ་ཡིག་བཙུགས་མི་དང་པ་ ཐིམ་ཕུའི་འཐུས་མི་ སངས་རྒྱས་བཟང་མོ་ཨིན་པས།
བཙག་འཐུའི་དོན་ལུ་ རྒེད་འོག་ཚུ་ནང་ འདེམས་ངོ་གདམ་འཐུའི་འཛོམས་འདུ་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ ལོག་དོ་འགྲན་འབད་ནི་གི་ དང་འདོད་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་གི་དོན་ལུ་ དུས་ཡུན་ཉིནམ་༡༧ དེ་ཅིག་མ་གཏོགས་མེདཔ་ལས་ རང་སོའི་རྒེད་འོག་གི་ འཛོམས་འདུ་ཚུ་ནང་ ཕྱིས་ནི་གི་ འོས་འབབ་ཡང་ཡོདཔ་ཨིན་པས།
འདེམས་ངོ་གདམ་འཐུའི་འཛོམས་འདུ་ འགོ་འདྲེན་འཐབ་ནི་ཚུ་ སྤྱི་ཟླ་༣ པའི་ཚེས་༡༢ ལས་ འགོ་བཙུགས་ཡོདཔ་ད་ རྒེད་འོག་ཚུ་ནང་ལས་ འདེམས་ངོ་གདམ་འཐུ་འབད་དེ་ སྤྱི་ཟླ་༣ པའ་ིཚེས་༣༡ ནང་འཁོད་ལུ་ འདེམས་ངོ་ཚུ་གི་ ཐོ་བཀོད་འབད་ཚར་དགོཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment