གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ཚུ་གི་དོན་ལུ་ རྩེད་འགྲན་འགོ་འདྲེན་འཐབ་ཡོད་རུང་ ཕམ་ཚུ་ལས་ རྒྱབ་སྐྱོར་ལེགས་ཤོམ་མེདཔ།

༡༦/༣/༢༠༡༣   ༉ སྐྱེས་ལོ་༡༦ མན་ཆད་འབད་མི་ཚུ་གི་དོན་ལུ་ ཕུཊ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་ཡོད་རུང་ ཕམ་དང་ སྤུན་ཆ་ཚུ་ལས་ ལྟདམོ་ལྟ་ནི་དང་ རྩེད་འགྲན་འབད་བའི་སྐབས་ རྒྱབ་སྐྱོར་འབད་ནི་ལུ་ ཕམ་དང་ མི་ཚུ་གིས་ སྤྲོ་བ་ལེན་མི་མེདཔ་ལས་ འགོ་འདྲེན་འཐབ་མི་ཚུ་ སེམས་དང་མ་ལྡནམ་ཨིན་པས།
གཟིས་སྒྲ་ཁན་འཇར་ལི་ཝང་དང་ ཨི་སི་ཨར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ ཁ་ཙ་ ཐིམ་ཕུ་ག་པའི་ ཕུཊ་བཱོལ་དྲག་ཤོས་ཀྱི་ རྩེད་འགྲན་འབད་བའི་སྐབས་ གཟིམ་སྒྲ་ཨེཕ་སི་སྡེ་ཚན་གྱིས་ ཨི་སི་ཨར་སྡེ་ཚན་ལུ་ གཱོལ་༡༢ བཙུགས་ཏེ་ ཕམ་བཏང་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགས།
རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༦ འགྱོཝ་ད་ གཟིམ་སྒྲ་སྡེ་ཚན་ལས་ སངས་རྒྱས་ཚེ་རིང་གིས་ གཱོལ་དང་པ་བཙུགས་པའི་ཤུལ་ལས་ གཱོལ་གཅིག་ཤུལ་གཉིས་སྦེ་ སྐར་མ་༡༥ ཚུན་ གཱོལ་༤ བཙུགས་ཡོདཔ་བཞིན་དུ་ སྐར་མ་༢༥ དང་༣༢ ལུ་ གཱོལ་བཙུགས་མི་དང་འབྲེལ་ བར་མཚམས་ཚུན་ བསྡོམས་གཱོལ་༧ བཙུགས་ཡི།
ངལ་གསོ་ལེན་པའི་ཤུལ་ལས་ ད་རུང་ གཟིམ་སྒྲ་སྡེ་ཚན་གྱིས་ ཨི་སི་ཨར་སྡེ་ཚན་ལུ་ ཐེབས་གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོད་རུང་ འཛིན་སྐྱོང་པ་ ཡེ་ཤེས་ཚེ་རིང་ལུ་ སེམས་དང་མ་ལྡནམ་ཨིན་པས།
དེ་ཡང་ ཁོ་གིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ ན་གཞོན་སློབ་ཕྲུག་ཚུ་ལུ་ རྩེད་རིགས་ནང་ གོ་སྐབས་བྱིན་ནིའི་དོན་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་དང་ སྡེ་ཚན་གྱི་འགོ་ཁྲིདཔ་ དེ་ལས་ འཛིན་སྐྱོང་པ་ཚུ་གིས་ དཀའ་སྡུག་ལུ་ མ་ལྟ་བར་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ འགོ་འདྲེན་འཐབ་ཡོད་རུང་ ཕམ་ཚུ་གིས་ རང་གི་བུཚ་ཚུ་ རྩེད་འགྲན་འབད་བའི་སྐབས་ སྤྲོ་བ་དང་དང་འདོད་བསྐྱེད་དེ་རྒྱབ་སྐྱོར་འབད་ནི་ལུ་ འོང་མ་བཏུབ་པའི་ གནད་དོན་ག་ཅི་ཨིན་ན་ ཤེས་མི་ཚུགས་པས་ཟེར་ ཨིན་པས།
ཕྱི་རྒྱལ་ཁབ་གཞན་ཚུ་ནང་ འབད་བ་ཅིན་ རང་གི་བུ་གཞི་ཚུ་ རྩེད་འགྲན་འགོ་འདྲེན་འཐབ་པའི་སྐབས་ ཕམ་ཚུ་ རྒྱབ་སྐྱོར་བྱིན་ནིའི་དོན་ལུ་ སྤྲོ་བ་ལེན་ཏེ་འོངས་བཞིན་དུ་ ན་གཞོན་ཚུ་གི་ རིག་རྩལ་དང་ལྕོགས་གྲུབ་ ཡར་རྒྱས་གཏང་ཚུགས་པའི་ཁར་ ཤེས་ཡོན་དང་ ཉམས་མྱོང་ དེ་ལས་ འཛམ་གླིང་ནང་ མིང་གཏམ་ཡང་ འཐོན་ཏེ་ཡོད་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ཕུཊ༌བཱོལ་ཚོགས་སྡེའི་འགོ་དཔོན་ལ་ལུ་ཅིག་གིས་ འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་མི་དེ་ར་ ན་གཞོན་ཚུ་ མ་འོངས་མི་ཚེའི་ནང་ ཕྱི་ནང་མི་གི་ལྟ་རུང་ བཟང་ལམ་ལམ་དང་ ལྕོགས་གྲུབ་ཅན་ རིག་རྩལ་ ཁྱད་ཆས་ དེ་ལས་ ཤེས་ཡོན་ཅན་སྦེ  སྡོད་ཚུགསཔ་བཟོ་ནི་དང་ ད་རེས་ སློབ་ཕྲུག་སྦེ་སྡོད་རིང་ སྨྱོ་རྫས་ལས་བཀག་ནིའི་དོན་ལུ་ འགོ་འདྲེན་འཐབ་ཨིན་ཟེར་ བཤདཔ་ཨིན་པས།
ཨིན་རུང་ ཕམ་ཚུ་ལས་ རྒྱབ་སྐྱོར་བྱིན་ནིའི་དོན་ལུ་ སྤྲོ་བ་བསྐྱེད་དེ་ འོང་མ་བཏུབ་པ་ཅིན་ འགོ་འདྲེན་འཐབ་པའི་ དམིགས་ཡུལ་ཚུ་ ག་དེ་སྦེ་ འགྲུབ་ཚུགས་འོང་ག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment