གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་ཆུང་གི་ འཐུས་མི་གཞན་༦ གིས་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ཡོདཔ།

༡༦/༣/༢༠༡༣   ཁྲི་འཛིན་༢ དང་ འཐུས་མི་༡ དོན་ལུ་ མཐོ་གཏུགས་འབད་ནིའི་ ཉིན་གྲངས་༥ ལུས་ཡོདཔ།
༉ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་༦ གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནིའི་དོན་ལས་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ བདུན་ཕྲག་ཧེ་མའི་ནང་ འཐུས་མི་གཞན་༦ གིས་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ཁྲོམ།


ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ ཁྲོམ་སའི་ཐོབ་ལམ་མེད་མི་ གྲྭ་ཚང་༢ དང་ མི་ངོ་༣ ལུ་ ས་ཆ་བགོ་སྤྲོད་འབད་མི་ལུ་བརྟེན་ སྤྱི་ཟླ་༣ པའི་ཚེས་༨ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ འཐུས་མི་ཚུ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་དང་འཁྲིལ་ བཙོན་ཁྲིམས་ལོ་རེ་ བཀལ་ཡོདཔ་ཨིན།
འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་མི་ འཐུས་མི་བགྲེསཔ་ཚུ་ཡང་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ རྫོང་རབ་བགྲེསཔ་ རྟ་པོ་དང་ ཚོགས་ཆུང་གི་འཐུས་མི་ མོང་སྒར་གྱི་ ཚོང་པའི་སྤྱི་མི་བགྲེསཔ་ གནམ་གང་ལ་ ཧེ་མའི་རྫོང་ཁག་སྒོ་ནོར་འགོ་དཔོན་ རྡོ་རྗེ་དབང་ཕྱུག་ ཧེ་མའི་རྫོང་ཁག་སོ་ནམ་འགོ་དཔོན་འོག་མ་ དཀར་ཅུང་ ཧེ་མའི་ རྫོང་ཁག་གསོ་བའི་འགོ་དཔོན་ ཁི་ན་མ་ཡ་ རྫོང་ཁག་བཟོ་རིག་འགོ་དཔོན་ སི་ཨེལ་དཱསི་ཚུ་ཨིན་པས།
ཁོང་གིས་འབད་བ་ཅིན་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཡང་ ལོ་༧ དང་༨ ཀྱི་ཧེ་མར་ ཁྲོམ་ས་བགོ་བཀྲམ་འབད་མིའི་ བྱ་རིམ་ལས་ ཁོང་ལུ་ ཁེ་ཕན་བྱུང་བྱུངམ་ ག་ནི་ཡང་མེད་རུང་ བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ ཁེ་རྒུད་རྩ་ལས་མ་བཏུབ་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྫོང་ཁག་ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མཐོ་གཏུགས་ཀྱི་ ཡིག་སྣོད་ཚུ་ ཐིམ་ཕུ་ལུ་ ད་རིས་ བསྐྱལ་འོང་ཟེར་ཨིན་པས།
དེ་གི་ཧེ་མར་ ཧེ་མའི་ཤེས་རིག་འགོ་དཔོན་འོག་མ་ སངས་རྒྱས་རྡོ་རྗེ་དང་ ཧེ་མའི་ཤེས་རིག་འགོ་དཔོན་ དཔལ་ལྡན་ནོར་རྒྱས་ བཟོ་རིག་བཀོད་ཁྱབ་འགོ་དཔོན་ བཀྲིས་ནོར་བུ་ཤེར་པ་ ཧེ་མའི་རྫོང་ཁག་ནགས་ཚལ་འགོ་དཔོན་ རིན་ཆེན་དབང་འདུས་ ཧེ་མའི་སོ་ནམ་འགོ་དཔོན་ རྟ་མགྲིན་རྡོ་རྗེ་དང་ ཧེ་མའི་ས་ཁྲམ་འགོ་དཔོན་ ཀུན་ལེགས་རྡོ་རྗེ་འབདཝ་ད་ འཐུས་མི་༦ གིས་ འཁྲུན་ཆོད་བཏོན་པའི་ ཉིནམ་ལུ་ར་ མཐོ་གཏུགས་ཀྱི་ ཞུ་ཡིག་བཙུགས་ནུག།
ཁོང་གིས་འབད་བ་ཅིན་ ངན་ལྷད་ཀྱི་ ལཱ་སྤུ་ཙམ་ཅིག་ཡང་ འབད་འབདཝ་མེད་རུང་ ཚོགས་ཆུང་གི་ ཁྲི་འཛིན་དང་ འདྲན་འདྲ་སྦེ་ བཙོན་ཁྲིམས་ལོ་རེ་ བཀལ་ཡོདཔ་ལས་ དྲང་ཁྲིམས་མ་ཐོབ་ཟེར་ཨིན་པས།
སྤྱི་ལོ་༢༠༠༥ ཟླཝ་༨ པའི་ཚེས་༣༡ ལུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༣༠ པ་འཚོགསཔ་ད་ ཁྲི་འཛིན་རྩིས་ཏེ་ འཐུས་མི་༨ ཀྱིས་ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་༢ ལུ་ རྒྱལ་པོའི་ཞིང་ལས་ ཁྲོམ་ས་ཌིསི་༡༠.༦༧ (ཕིཊ་གྲུ་བཞི་༤,༦༤༨.༣༢) རེ་ བགོ་སྤྲོད་འབད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༦ ཟླཝ་༤ པའི་ཚེས་༢༩ ལུ་ མོང་སྒར་ཁྲོམ་སྡེ་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༣༤ པ་འཚོགས་པའི་སྐབས་ལུ་ ཁྲི་འཛིན་རྩིས་ཏེ་ འཐུས་མི་༡༣ གྱིས་ སྡོད་ཁྱིམ་ས་ཁོངས་ལས་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་དང་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་གཡང་སྒྲོན་དབང་ཕྱུག་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་བགྲེསཔ་ འཕྲིན་ལས་རྡོ་རྗེའི་གནས་ཚང་ ཀུན་བཟང་སྒྲོལ་མ་༣ ལུ་ ས་ཆ་ཌིསི་༡༠.༦༧ འབདཝ་ད་ ཕིཊ་གྲུ་བཞི་༤,༦༤༧.༦༢ དེ་རེ་ བགོ་སྤྲོད་འབད་ནུག།
ཚོགས་ཆུང་གི་ འཐུས་མི་ལ་ལུ་ཅིག་ གྲྭ་ཚང་༢ དང་ མི་ངོ་༣ ལུ་ ས་ཆ་བགོ་སྤྲོད་འབད་མིའི་ནང་ མེདཔ་ཨིན་རུང་ འཐུས་མི་མང་ཤོས་ར་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ བགོ་སྤྲོད་འབད་མི་༢ ཆའི་ནང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲི་འཛིན་བློན་པོ་མི་འགྱུར་རྡོ་རྗེ་དང་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ རང་སོའི་འགན་འཁྲི་ཚུ་ རྒྱབ་སྐྱུར་ཐོག་ལས་ ཁྱད་ཚད་མ་ལྡན་མི་ཚུ་ལུ་ ས་ཆ་བགོ་སྤྲོད་འབད་ཡོད་མི་ལུ་བརྟེན་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་དང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ དེ་ལས་ ཚོགས་ཆུང་གི་འཐུས་མི་ དངུལ་རྩིས་འགོ་དཔོན་བགྲེསཔ་ ལོག་ནཱཐ་ཌཱད་༣ གྱིས་ མཐོ་གཏུགས་ཀྱི་ ཞུ་ཡིག་མ་བཙུགས་པར་ཡོདཔ་ད་ ཁོང་༣ ལུ་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསམ་པ་མ་རྫོགས་པ་ཅིན་ མཐོ་གཏུགས་ཞུ་ནི་གི་ དུས་ཚོད་ཉིན་གྲངས་༥ ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༩ ལས་༢༠༠༢ ཀྱི་བར་ན་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་ ཁྲི་འཛིན་ཐོག་ ཚོགས་ཆུང་གིས་ རྒྱལ་པོའི་ཞིང་ལས་ ཁྲོམ་དང་ཁྱིམ་ས་༩༣ བགོ་བཀྲམ་འབད་ཡོདཔ་ད་ ཚོགས་དཔོན་གྱིས་ མི་ངོ་༢༣ ལུ་ ཚུལ་མིན་གྱི་སྒོ་ལས་ ས་ཆ་བགོ་སྤྲོད་འབད་བའི་ ཉེས་པ་ལུ་བརྟེན་ ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ཡོདཔ་ད་ ནང་སྲིད་བློན་པོ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ཉེས་ཁྲིམས་ལོ་༡ ཕོག་ཡོདཔ་ཨིན་པས།
ཨིན་རུང་ བཙོན་ཁྲིམས་ཕོག་མི་ ཆ་མཉམ་ལུ་ ཁྲིམས་འཐུས་བཏབ་ཆོག་པའི་ གདམ་ཁ་གནང་ཡོདཔ་ད་ ཁྲོམ་སྡེ་ཚོགས་ཆུང་གི་ འཐུས་མི་ལ་ལུ་ཅིག་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ མི་ལོ་༣༤ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
འཐུས་མི་ཚུ་གི་གྲས་ལས་ ཚོགས་ཆུང་གི་ འཐུས་མི་དྲུང་ཆེན་ བདེ་ཆེན་སེངྒེ་གིས་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ལོ་༡ གི་ཁྲིམས་འཐུས་བཏབ་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་བ་ཅིན་ ཞི་གཡོགཔ་གང་རུང་ཅིག་ལུ་ བཙོན་ཁྲིམས་ཕོག་པ་ཅིན་ ཞི་གཡོགཔ་དེ་ དགོངས་གྲོལ་གཏང་ནི་དང་འབྲེལ་ དགོངས་ཞུའི་ཐོབ་ལམ་ཚུ་ཡང་ མི་འཐོབ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment