དམ་ཆོས་རྒྱལ་མཚན། |
༢༠/༠༣/༢༠༡༣ ༉
འབྲུག་ཀུན་མཉམ་པར་ཊི་གིས་
ཁ་ཙ་ འདེམས་ངོ་ཅིག་
ངོ་སྤྲོད་འབད་མི་དེ་རྩིསཝ་ད་
འཐུས་མི་བསྡོམས་༢༥ གི་
ངོ་སྤྲོད་འབད་ཚར་ཡོདཔ་ཨིན་པས།
ལྟ་བཤལ་ལག་ལེན་པ་ཅིག་ཨིན་མི་
སྐྱེས་ལོ་༣༠ ལང་མི་
དམ་ཆོས་རྒྱལ་མཚན་གྱིས་
བུམ་ཐང་ཆོས་འཁོར་དང་
སྟང་གི་འཐུས་མི་སྦེ་
བཅའ་མར་གཏོགས་ནི་ཨིན་པས།
དམ་ཆོས་ཀྱིས་
ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་
འབྲུག་ཀུན་མཉམ་པར་ཊི་གིས་
ཁོ་ལུ་ གདམ་ངོ་འཐོན་དགོཔ་སྦེ་
སླབ་མི་དེ་ལུ་ ཁོ་རའི་
བཟའ་ཚང་གི་ཁ་ཐུག་ལས་
རྒྱབ་སྐྱོར་ཧྲིལ་བུམ་བྱིན་མི་ལུ་བརྟེན་
སེམས་ཐག་མགྱོགས་པ་ར་
བཅད་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་
སྲིད་ཚོགས་ནང་ བཅའ་མར་གཏོགས་ཞིནམ་ལས་
རྒྱལ་ཁ་འཐོབ་ནི་རྐྱངམ་གཅིག་ལུ་
དམིགས་གཏད་བསྐྱེད་དེ་
ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་
རང་གིས་འབད་ཚུགས་མི་ཅིག་
འབད་ནི་ཨིནམ་མ་ཚད་
མི་སེར་གྱི་ངོ་ཚབ་སྦེ་
ལཱ་འབད་ནི་ཟེར་ཨིན་པས།
དམ་ཆོས་རྒྱལ་མཚན་ཁོ་ར་
ཕམ་ཉམ་ཆུང་གི་ ཨ་ལུ་ཨིནམ་ལས་བརྟེན་
ཁོ་གིས་ གཡུས་ཁའི་ མི་སེར་ཚུ་གི་
གནས་སྟངས་ཚུ་ ག་ར་ཧ་གོ་ཟེར་ཨིནམ་མ་ཚད་
ག་དེམ་ཅིག་སྦེ་ རྒྱལ་ཁ་འཐོབ་པ་ཅིན་
མི་སེར་ཡོངས་ལུ་ གོ་སྐབས་འདྲ་མཉམ་སྦེ་
ཕྱག་ཞུ་ནི་ཟེར་ཨིན་པས།
བཙག་འཐུ་ནང་ལས་
རྒྱལ་ཁ་འཐོབ་ཚུགས་པ་ཅིན་
ཁོ་གི་ དམིགས་དོན་ཅིག་
མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་
ཐོན་སྐྱེད་ཡར་དྲག་གཏང་ཞིནམ་ལས་
གྲོང་གསེབ་ལས་ ཁྲོམ་ཁར་
གནས་སྤོ་འགྱོ་མི་དེ་
མར་ཕབ་འབད་ནི་ཟེར་ཨིན་པས།
དམ་ཆོས་རྒྱལ་མཚན་གྱིས་
སླབ་མིའི་ནང་ འཆར་གཞི་བཟོ་ནི་དང་
གྲོས་ཐག་བཅད་ནི་ཚུ་ནང་
མི་སེར་ཚུ་གིས་ བཅའ་མར་གཏོགས་དགོཔ་དེ་
གལ་ཆེ་ཟེར་ཨིན་པས།
དེ་མ་ཚད་
མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་དང་
ཡུན་བརྟན་ཐོག་ འདྲ་མཉམ་བཟོ་ནིའི་ནང་
མི་སེར་ཚུ་གིས་ ངེས་པར་དུ་
ཁག་ཆེ་བས་ཟེར་ཨིན་པས།
འབྲུག་ཀུན་མཉམ་པར་ཊི་གིས་
མི་ངོམ་༢༥ ངོ་སྤྲོད་འབད་ཡོདཔ་ལས་
སྤྱི་ཚོགས་ཀྱི་བཙག་འཐུ་ནང་
བཅའ་མར་གཏོགས་ནིའི་དོན་ལུ་
ད་རུང་ མི་ངོམ་ཕྱེད་ཉུངམ་ཅིག་ལས་བརྒལ་
ངོ་སྤྲོད་འབད་མི་དགོ་ནི་
ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment