གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལས་རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་༥ པ།

༧/༣/༢༠༡༣   ༉ སྐྱེས་ལོ་༥༤ ལང་མི་ ཁ་ར་ ནཱན་ད་ ད་ཀཱལ་གྱིས་ དུས་ཅི་ ཤེས་རིག་ལྷན་ཁག་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ ཁོ་གིས་ བཙག་འཐུ་ལྷན་ཚོགས་ཀྱི་ཡིག་ཚང་ནང་ སོང་ཞིནམ་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ནི་ཨིན་པའི་ མནོ་བསམ་མ་བཏངམ་ཨིན་པས།
ཁ་ར་ ནཱན་ད་ ད་ཀཱལ།


ཨིན་རུང་ གནས་སྟངས་ཅིག་ལུ་བརྟེན་ བྱ་ཐབས་མེད་པར་ བསམ་རྩེ་ལྡན་ཅུ་ཁ་རྒེད་འོག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་སྦེ་ དོ་འགྲན་འབད་དགོཔ་ བྱུང་ཡོདཔ་ད་བསམ་རྩེ་རྫོང་ཁག་ལས་ ཁ་ར་ ནཱན་ད་ ད་ཀཱལ་བརྩིས་སྟེ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལས་ དོ་འགྲན་འབད་མི་ མི་ངོམ་༥ ཐོན་ཡོདཔ་ཨིན་པས།
ཁ་ར་ ནཱན་ད་ ད་ཀཱལ་གྱིས་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དབུ་འཛིན་འོག་མ་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ ཁོ་གིས་  རྒྱ་གར་དར་ཇི་གླིང་ལས་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༡༩༧༩ ལུ་ སློབ་དཔོན་ནང་ འཛུལ་ཡོདཔ་ཨིན་པས།
ཁ་ར་ ནཱན་ད་གིས་ ཁོང་ར་ སྟབས་མ་བདེཝ་ཐོན་ཡོད་མི་ལུ་བརྟེན་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ ཁོ་རའི་ རྒེད་འོག་ནང་ལས་ མི་ངོམ་ཐོན་མི་མེདཔ་ལས་བརྟེན་་ མི་སེར་ཚུ་གིས་ ནན་བསྐྱར་དུ་ རྒྱལ་ཡོངས་ཚོགས་སྡེའི་ མི་ངོམ་འཐོན་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཁ་བཟེད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་རའི་ཁྱིམ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་དེ་ མཇུག་བསྡུ་ནིའི་དོན་ལུ་ གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཁོ་དགོངས་ཞུ་འབད་བའི་སྐོར་ལས་ ག་དེ་སྦེ་ ཤེས་ཤེསཔ་ཨིན་ན་ མ་ཤེས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཐད་བཅད་མི་དེ་ མི་སེར་ཚུ་གིས་ ཡང་བསྐྱར་སླབ་པའི་ཤུལ་ལུ་ ཁོ་གིས་ བཅའ་མར་གཏོགས་ནི་སྦེ་ ངོས་ལེན་འབད་ཡི་ཟེར་ ཁ་ར་ ནཱན་ད་ ད་ཀཱལ་གྱིས་ བཤདཔ་ཨིན་པས།
ཁ་ར་ ནཱན་ད་གིས་ དགོངས་ཞུ་འབད་བའི་ཤུལ་ལུ་ བསམ་རྩེ་ལུ་ སྡོད་ནིའི་མནོ་བསམ་བཏང་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་ ཐག་བཅད་ཅི་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ སློབ་དཔོན་སྦེ་ ལོ་ངོ་༣༤ གི་རིང་ ཕྱག་ཞུ་ཡོདཔ་ལས་ ཁོ་རའི་ ལཱ་གི་ཉམས་མྱོང་ལུ་བརྟེན་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment