གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་འབད་འབདཝ་མེན་པར་ བྱོག་སོང་བའི་ངོས་འཛིན།

༧/༣/༢༠༡༣   ༉ ཐིམ་ཕུ་འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༨ པའི་སློབ་ཕྲུག་ སྐྱེས་ལོ་༡༤ ལང་མི་བུམོ་དེ་ དབང་བཙོང་ཐོག་ལས་ ཐིམ་ཕུ་ལས་ ཕུན་ཚོགས་གླིང་ལུ་ བསྐྱལ་བཞག་ཡི་ཟེར་མི་དེ་ ད་རེས་ ཞིབ་དཔྱད་འབདཝ་ད་ མོ་ར་གིས་ བྱོག་སོང་ཡོདཔ་སྦེ་ རྫུན་ཁ་བཟེད་ནུག།


ཐིམ་ཕུ་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བུམོ་དེ་ སྤྱི་ཟླ་༣ པའི་ཚེས་༤ ལུ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ དབང་བཙོང་ཐོག་ལས་ཁྱིད་དེ་ ཕུན་ཚོགས་གླིང་ལུ་ བསྐྱལ་བཞག་ཡི་ཟེར་ སླབ་མིའི་སྐོར་ལས་ བུམོ་དེ་དང་གཅིག་ཁར་ དྲི་དཔྱད་མཐིལ་ཕྱིན་འབདཝ་ད་ མོ་ར་གིས་ བྱོག་སོང་ཡོད་པའི་ རྫུན་ཁ་བཟེད་ཅི་ཟེར་ཨིན་པས།
ཨམ་སྲུ་དང་ཨ་ལུའི་སྲུང་སྐྱོབ་སྡེ་ཕྲན་ལས འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སློབ་ཕྲུག་བུམོ་དེ་ དབང་བཙོང་ཐོག་ལས་ བཙན་ཁྲིད་འབད་འབདཝ་མེན་པས་ཟེར་ཨིན་པས།
ཧེ་མའི་ ཀུན་གསལ་ཐོན་རིམ་ནང་ སློབ་ཕྲུག་བུམོ་དེ་གིས་ མོ་ར་ དབང་བཟུང་ཐོག་ལས་ ཁྱིད་འགྱོ་དགོ་པའི་ གནད་དོན་གཙོ་བོ་ར་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ གཟི་ལུང་ཁ་ལུ་ལྷོདཔ་ད་ སྣུམ་འཁོར་ཧ་ཡེསི་བཱསི་ཅིག་གིས་ བཀག་ཞིནམ་ལས་ དེ་ནང་ལས་ ཨམ་སྲུ་ཚུ་གིས་ མོ་ལུ་ ཏི་རུ་གནང་ཟེར་སླབ་ད་ མོ་གིས་ ཏི་རུ་མེད་ཟེར་ སླབ་མི་ལུ་བརྟེན་ བང་བཙོང་སྟེ་ ཁྱིད་སོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
དེ་འབདཝ་ད་ བུམོ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ ད་རུང་ གཟི་ལུང་ཁ་ལུ་ལྷོདཔ་ད་ སྣུམ་འཁོར་སཱན་ཏ་ཕི་ཅིག་བཀག་སྟེ་ དེ་ནང་ཡོད་པའི་ཨམ་སྲུ་༣ ལུ་ ཕུན་ཚོགས་གླིང་ལུ་ བསྐྱལ་གནང་ཟེར་སླབ་ད་ ཨམ་སྲུ་༣ གྱིས་ ཉན་མ་བཏུབ་ལས་ མོ་གིས་ ཕུན་ཚོགས་གླིང་ལུ་ མོ་རའི་ ཨ་ཞང་ཡོད་ཟེར་ ཡང་བསྐྱར་སླབ་ད་རྐྱངམ་གཅིག་ ཁྱིད་བཏུབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལམ་སྦུག་ནང་ལྷོདཔ་ད་ མོ་གིས་ ཨའི་ལུ་ འདྲོག་པའི་ཤུགས་ཀྱིས་ ཤོབ་རྐྱབ་སྟེ་ ཨམ་སྲུ་༨ ཡོད་མི་ སྡེ་ཚན་ཅིག་གིས་ བཙན་ཁྲིད་འབད་ཡི་ཟེར་ འགྲུལ་འཕྲིན་ནང་ ཡིག་འཕྲིན་བསྐྱལ་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ དངུལ་ཁང་གི་ས་ཁོངས་ནང་ལྷོདཔ་ད་ ཨམ་སྲུ་༣ གྱིས་ སྣུམ་འཁོར་ནང་ལས་ བཏོན་བཞག་པའི་ཤུལ་ལུ་ ག་ཏེ་འགྱོ་ནི་ཨིན་ན་ མ་ཤེསཔ་ལས་ མོ་རའི་ཨའི་ལུ་ ག་ཏེ་ཨིན་ན་མ་ཤེས་པའི་ ས་གོ་ཅིག་ནང་ བཏོན་བཞག་སྟེ་ཡོད་ཟེར་ འགྲུན་འཕྲིན་བཏང་ཡི་ཟེར་ཨིན་པས།
སློབ་ཕྲུག་བུམོ་གི་ ཨའི་གིས་ སླབ་མི་དང་འཁྲིལཝ་ད་ དྲོ་པའི་ཆུ་ཚོད་༧:༥༥ ལུ་ མོ་རའི་བུམོ་ལས་ ཨམ་སྲུ་༨ དེ་ཅིག་གིས་ མོ་ལུ་ དབང་བཙོང་ཐོག་ལས་ སྣུམ་འཁོར་ནང་ བཙུགས་བཞག་ཡི་ཟེར་ཨིན་པས།

ལོག་ཁྱིམ་ནང་ འོང་བའི་ལམ་ཁར་ མོ་རའི་སྤུན་ཆ་ ཁྲིམས་སྲུང་འགག་པ་དང་ཕྱདཔ་ལས་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཁྱིམ་ནང་ ལྷོད་ནི་འབདཝ་ད་ བུམོ་དེ་ལས་ ཨམ་སྲུ་༨ ཀྱིས་ མོ་ཁ་བསྡམས་ཏེ་ སྣུམ་འཁོར་ནང་ཡོད་ཟེར་ འགྲུལ་འཕྲིན་ནང་ ཡིག་འཕྲིན་ཅིག་ ལྷོད་ཡོདཔ་མ་ཚད་ ཨམ་སྲུ་ཚུ་གིས་ མོ་ལུ་ ཧེ་མ་ མ་ལྷོད་པའི་ ས་གནས་ཅིག་ནང་ ཁྱིད་བསྐྱལ་ནི་ཨིན་ཟེར་ སླབ་མས་ཟེར་ བྲིས་བཏང་ཡོདཔ་ཨིན་པས།

ཕམ་ཚུ་གིས་ བདེ་ཆེན་ཕུག་ལྷ་ཁང་དང་ ལྕང་སྒང་ཁ་ལྷ་ཁང་ནང་ གསེར་སྐྱེམས་ཕུལ་ཡོདཔ་མ་ཚད་ ཁྱིམ་ནང་ གསོལ་ཁ་ཕུལ་ཏེ་ དུས་ཡུན་སྐར་མ་༡༥ འི་རྒྱབ་ལས་ ད་རུང་ བུམོ་དེ་གིས་ ཨའི་ལུ་ མོ་ར་ སྣུམ་འཁོར་ནང་ལས་ བཏོན་བཞག་ཡོད་རུང་ ས་གོ་ག་ཏེ་ཨིན་ན་ མི་ཤེས་པས་ཟེར་བའི་ འགྲུལ་འཕྲིན་ལྷོད་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ ཨའི་ལས་ ཏི་རུ་ཨར་རྐུན་འབད་ཞིནམ་ལས་ ཁྲིམས་སྲུང་འགག་པ་བགྲེསཔ་ཅིག་གི་ གླ་འཁོར་ནང་འཛུལ་ཏེ་ སྤ་རོ་ལུ་ བྱོག་འགྱོ་ནིའི་དཔའ་བཅམ་པའི་སྐབས་ ཁོ་གིས་ བསླབ་བྱ་ཚུ་བྱིན་ཏེ་ ཕམ་འབད་སར་ བསྐྱལ་ཡོད་པའི་ སྙན་ཞུ་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment