གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་རྫོང་གསར་བཞེངས་ཀྱི་དོན་ལུ་ བཟོ་སྐྲུན་ཅ་ཆས་ཚུ་ མཁོ་སྒྲུབ་འབད་དོ་ཡོདཔ།

༦/༣/༢༠༡༣   ༉ དབང་འདུས་ཕོ་བྲང་རྫོང་ གསར་བཞེངས་འབད་ནིའི་དོན་ལུ་ ཤིང་རྩ་བོ་བསྡོམས་༩༠༠ ལྷགཔ་ཅིག་ བརྡབས་ཡོད་མིའི་ནང་ལས་ དབང་འདུས་ནཱ་ཧི་རྒེད་འོག་ནང་ ཁག་ཤིང་༧༠ དེ་ཅིག་དང་ གཞལམ་སྒང་ལུ་ ཁག་ཤིང་༤༠༠ དེ་ཅིག་ བརྡབས་ཡོདཔ་མ་ཚད་ དྭངས་ཆུ་རྒེད་འོག་ནང་ ཙན་དན་ཤིང་རྩ་བོ་༥༠ དེ་ཅིག་དང་ ཕོབ་སྦྱིས་ཁ་རྒེད་འོག་ནང་ ཀོང་རྩེ་བཏགས་མི་ ཤིང་རིགས་༤༠༠ དེ་ཅིག་ བརྡབས་ཡོདཔ་ཨིན་པས།
དབང་འདུས་རྫོང་གི་ དབུ་རྩེའི་ གྱང་རྩིག་རྡོ་ཚུ་ རྡལ་བཤིག་བཏང་པའི་བསྒང་།


དུས་ཅི་ སྤྱི་ཟླ་དང་པ་དང་༢ པའི་ནང་ལས་ བརྡབ་ནི་འགོ་བཙུགས་མི་ ཤིང་རིགས་ཚུ་ སྐམ་བཅུག་ནིའི་དོན་ལུ་ ད་ལྟོ་ ནགས་ཚལ་ཚུ་ནང་ བཞག་སྟེ་ཡོདཔ་ད་ ཤིང་དེ་ཚུ་ དུས་ཅི་ སྤྱི་ཟླ་༩ པ་དེ་ཅིག་ལུ་ བསྡུ་ལེན་འབད་ནི་ འགོ་བཙུགས་ནི་ཨིན་པས།
དེ་ལས་ སྟོང་ཕུ་ཤིང་དུམ་ སི་ཨེཕ་ཊི་༡༢,༠༠༠ དེ་ཅིག་ སྤ་རོ་དང་ བུམ་ཐང་གི་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ལས་ ལེན་ཏེ་ དབང་འདུས་བ་འཇོ་ཐང་གི་ ཉེ་འདབས་ལུ་ཡོད་མི་ བསམ་ཐང་ལུ་བཞག་ཡོདཔ་ཨིན་པས།
དེ་བཟུམ་མའི་ ཤིང་དུམ་ཚུ་ རྫོང་ཁག་༢ ལས་ སི་ཨེཕ་ཊི་༤༠,༠༠༠ དེ་ཅིག་ ལེན་ནི་ཨིན་ཟེར་ དབང་འདུས་རྫོང་ཉམས་གསོའི་ལས་འགུལ་འཛིན་སྐྱོང་པ་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཡོདཔ་ཨིན།
དེ་ལས་ ཁག་ཤིང་དུམ་ སི་ཨེཕ་ཊི་༥,༠༠༠ དེ་ཅིག་ གཞལམ་སྒང་གི་ ཤིང་དྲ་ཁང་ལས་ ལེན་ནི་ཨིནམ་ད་ དེ་ཚུ་ རྫོང་བཞེངས་ནི་འགོ་བཙུགས་པའི་སྐབས་ཀྱི་དོན་ལུ་ཨིན་རུང་ ལཱ་འབད་བའི་བསྒང་ལས་ མཁོ་འདོད་དང་འཁྲིལ་ ཤིང་ཚུ་དགོཔ་འོང་ཟེར་ ད་རུང་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཨིན་པས།
དེ་ལས་ རྡོའི་ཐད་ཁར་ རྫོང་ཁག་གི་ས་གནས་ དཔེ་ལྟ་དཀརཔོ་ཟེར་ དབང་འདུས་ཟམ་པ་ལས་ རྩི་རང་ལུ་ འགྱོ་བའི་ལམ་ཁར་ ཀི་ལོ་མི་ཊར་༣ དེ་ཅིག་ལས་ རྡོ་ཀིའུ་བིག་མི་ཊར་༢༠,༠༠༠ དེ་ཅིག་ བཏོན་ནི་ཨིནམ་ད་ ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ སྤུ་ན་ཁ་རྫོང་ཉམས་གསོའི་དོན་ལུ་ཡང་ རྡོ་དེ་ ས་གནས་དེ་ཁ་ལས་ བཏོན་ཡོདཔ་ལས་ རྡོ་ལེགས་ཤོམ་འདུག་ཟེར་ཨིན་པས།
རྫོང་གསར་བཞེངས་ཀྱི་དོན་ལུ་ ནང་སྲིད་ལྷན་ཁག་གིས་ བཟོ་བཀོད་འབད་མི་དེ་ མི་དབང་ཡབ་སྲས་རྣམ་༢ ལུ་ ཕུལ་ནིའི་དོན་ལས་ གྲ་སྒྲིག་འབད་ཚར་ཡོདཔ་ད་ བཟོ་བཀོད་དེ་ རྫོང་གི་ཕྱི་བསྐོར་དོན་ལུ་ཨིནམ་ད་ ནང་གི་བཟོ་བཀོད་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཟད་འགྲོ་ག་དེམ་ཅིག་ གནས་ནི་ཨིན་ན་ བཏོན་ཚུགས་ནི་ཨིན་པས།
ད་ལྟོ་ དབུ་རྩེ་གི་ གྱང་རྩིག་རྡོ་ཚུ་ རྡལ་བཤིག་བཏང་པའི་བསྒང་ཡོདཔ་ད་ དེ་ཡང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ གསུངས་མིའི་ནང་ དབུ་རྩེ་དེ་ ཞབས་དྲུང་གི་སྐབས་ལས་ར་ བཞེངས་བཞེངསམ་འབད་ནི་དེ་གིས་ རྡོ་ཚུ་བཏོན་བཞིན་ལས་ སོ་སོར་སྦེ་ བཞག་དགོ་པའི་ བཀའ་རྒྱ་གནང་མི་དེ་ཡང་ མེ་ལུ་བརྟེན་ མེདཔ་ཐལ་མི་རྡོ་ཚུ་ རྫོང་གསར་བཞེངས་ཀྱི་དོན་ལུ་མེན་པར་ ཤུལ་ལས་ བཟོ་སྐྲུན་ལཱ་ གཞན་གྱི་དོན་ལས་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ ལས་སྐྱིད་དབང་ཕྱུག་གིས་ སླབ་ཨིན་པས།
དབུ་རྩེ་གུ་ལས་ རྡོ་བཏོན་ནིའི་ལཱ་དེ་ སྤྱི་ཟླ་༢ པའི་ཚེས་༡༨ ལས་ འགོ་བཙུགས་ཡོདཔ་ད་ ད་ཚུན་གྱི་བར་ན་ དབུ་རྩེ་ཐོག་ཚད་༥ ལས་ སྟེང་ཐོག་དེ་ བརྡལ་ཚར་ཡོདཔ་ཨིན་པས།
སྤྱི་ལོ་༡༦༣༨ ལུ་བཞེངས་མི་ དབང་འདུས་ཕོ་བྲང་གི་ དབུ་རྩེ་དེ་ རིང་ཚད་མི་ཊར་༡༦ ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment