གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༢/༣/༢༠༡༣   ༉ སྤྱི་ལོ་༢༠༡༢ ཟླ་༢ པའི་ནང་ ཚེ་རིང་རྡོ་རྗེ་གིས་ སྐྱེས་ལོ་༡༦ ལང་མི་ བུམོ་གཅིག་དང་གཅིག་ཁར་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་ཡོད་རུང་ ལོ་ན་མ་སྨིན་མི་ལུ་བརྟེན་ ཐིམ་ཕུ་རྫོང་ཁག་གི་ ཁྲིམས་ཁྲི་༥ པ་གིས་ བཙོན་ཁྲིམས་ལོ་༩ བཀལ་ནུག།


སྤྱི་ཟླ་༢ པའི་ཚེས་༢༨ ལུ་བཏོན་མི་ འཁྲུན་ཆོད་ཀྱི་ བཤེར་བཅུད་དང་འཁྲིལཝ་ད་ དབང་འདུས་ཕོ་བྲང་རྫོང་ཁག་ དགའ་གསེང་ཚོ་གོངམ་རྒེད་འོག་ དཔག་བསམ་ཁ་གཡུས་ཚན་ལས་ སོ་ནམ་པ་ ཚེ་རིང་རྡོ་རྗེ་གིས་ ཉམས་རྒུདཔ་བུམོ་དང་ མོས་མཐུན་ཐོག་ ལུས་འབྲེལ་འབད་བའི་ཤུལ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ ཨ་ལུ་བུ་ཅིག་ སྐྱེས་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་གིས་ ཁྲིམས་འདུན་ལུ་ ངག་བརྗོད་ཕུལ་མིའི་ནང་ དོགས་ཟོན་ཅན་གྱིས་ མོ་དང་གཅིག་ཁར་ གཉེན་རྐྱབ་སྟེ་ སྡོད་ནི་ཨིན་ཟེར་སླབ་སྟེ་ མཉམ་ཅིག་སྡོད་པའི་ཤུལ་ལུ་ མོ་རའི་ཨའི་ན་སྟེ་ གཡུས་ཁར་སོང་བའི་ཤུལ་ལས་ ཁོ་ལུ་ བརྒྱུད་འཕྲིན་བཏངམ་ད་ ཁོ་གིས་ བརྒྱུད་འཕྲིན་འགྱོ་མ་བཏུབ་བཟོ་ཡོདཔ་མ་ཚད་ མོ་ར་ ཨ་ལུ་སྐྱེ་བའི་སྐབས་ལུ་ཡང་ ཆ་རོགས་འབད་མ་བཏུབ་མི་ལུ་བརྟེན་ ཁྲིམས་འདུན་ལུ་ ཞུ་གཏུགས་འབད་ཡི་ཟེར་ཨིན་པས།
དོགས་ཟོན་ཅན་གྱིས་ རྫུན་ཁ་བཟེད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་འཕྲི་སྣོན་བཅའ་ཁྲིམས་༢༠༡༡ ཅན་མའི་ དགོངས་དོན་དང་འཁྲིལ་ དབྱེ་རིམ་༢ པའི་ཉེས་ཆེན་ ཉེས་ཁྲིམས་ལོ་༩ སྨིན་དགོ་པའི་ འཁྲུན་ཆོད་བཏོན་གནང་ཡོདཔ་ཨིན་པས།
ཉམས་རྒུདཔ་བུམོ་དེ་ལུ་ འབྲུག་གི་གཉེན་ཁྲིམས་བསྒྱུར་བཅོས་ཀྱི་ དགོངས་དོན་ལྟར་ གསོ་སྨན་གྱི་འཐུས་ དངུལ་ཀྲམ་༣༠,༠༠༠ དང་ ཁོ་ར་ ལཱ་གཡོག་མེད་མི་ལུ་བརྟེན་ རྒྱལ་ཡོངས་ལས་མིའི་ ཉིན་བསྟར་ཐོབ་ཚད་ཀྱི་བཅའ་ཁྲིམས་དང་འཁྲིལ་ ཨ་ལུའི་གསོ་འཐུས་ ཟླཝ་རེ་ལུ་ དངུལ་ཀྲམ་༦༠༠ རེ་བཏབ་དགོཔ་མ་ཚད་ ཨ་ལུའི་མི་རྩིས་ བཙུགས་ནིའི་དོན་ལུ་ མཁོ་གལ་ཆེ་བའི་ཡིག་ཆ་ཚུ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment