གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་གི་ ཚོགས་སྡེའི་འདེམས་ངོ་ འགོ་དང་པ་ཐོན་ཡོདཔ།

༢/༣/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་ནང་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ མཐའ་ཟུར་གྱི་རྫོང་ཁག་ ལྷུན་རྩེ་བཟུམ་ཅིག་ནང་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་ བཟོ་ཐབས་ལུ་ གཙོ་བོར་གཏོན་ནི་ ཨིན་ཟེར་ཨིན་པས། 
བསྟན་པ་རྡོ་རྗེ།


ད་ཚུན་ལུ་ ལྷུན་རྩེ་རྫོང་ཁག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་མིའི་འདེམས་ངོ་ འགོ་དང་ བསྟན་པ་རྡོ་རྗེ་ཨིན་པས།
ཨ་ལུ་གཉིས་ཀྱི་ཨ་པ་ཨིན་མི་ བསྟན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ དཔལ་འབྱོར་གོང་འཕེལ་ཤུགས་ཆེ་ཤོས་ཅིག་ རྒྱལ་ས་ལྟེ་བ་ལུ་ར་ འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ དཔལ་འབྱོར་གོང་འཕེལ་འདྲ་མཉམ་སྦེ་ བཟོ་ཐབས་ལུ་ གཙོ་རིམ་བཟུང་དགོཔ་དེ་ ང་བཅས་རའི་མི་སྡེ་ནང་ ག་ནི་བ་གལ་ཆེ་བས་ཟེར་ཨིན་པས།
བསྟན་པ་རྡོ་རྗེ་གིས་ ནོར་ཝེ་ལས་ གློག་མེ་འཕྲུལ་རིག་ནང་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ཡོདཔ་བཞིན་དུ་ ཁོ་གིས་ འབྲུག་གློག་མེ་ལས་འཛིན་ནང་ འདས་པའི་ལོ་༢༡ གི་རིང་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་དགོ་མི་དེ་ འདེམས་ཁོངས་ནང་ལས་ ད་ལྟོ་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་མ་གཏོགས་ འཐུས་མི་གསརཔ་ འཐོན་མི་མེདཔ་ལས་བརྟེན་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གློག་མེ་ལས་འཛིན་ནང་ ལཱ་འབད་བའི་སྐབས་ རང་དང་ བཟའ་ཚང་གི་ མཐའ་དོན་ཙམ་ཅིག་མ་གཏོགས་ མི་སེར་ལུ་ ཕྱག་ཞུ་མ་ཚུགསཔ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ཞིནམ་ལས་ མི་སེར་ལུ་ཕན་ཐོགས་ཚུགས་པའི་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
བསྟན་པ་རྡོ་རྗེ་གིས་ ལྷུན་རྩེ་རྫོང་ཁག་ནང་ ལོ་༤ འི་རིང་ ཕྱག་ཞུ་སྡོད་པའི་སྐབས་ལུ་ མི་སེར་ཚུ་ལུ་ ག་ཅིའི་ཐད་ལས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་ན་ཚུ་ ལེགས་ཤོམ་སྦེ་ར་ ཧ་གོ་ཚུགས་ཅི་ཟེར་ཨིན་པས།
ད་རེས་ནངས་པ་ རྒྱལ་ཡོངས་ཚོགས་སྡེའི་ནང་ བཅའ་མར་གཏོགས་པའི་སྐབས་ མི་ལ་ལུ་ཅིག་གིས་ ཏོག་གོ་ས་ལུ་ལྟ་སྟེ་ འཛུལ་ཞུགས་འབད་དོ་བཟུམ་སྦེ་ཡང་ མཐོངམ་ཨིན་རུང་ ཁོ་གིས་འབད་བ་ཅིན་ ཏོག་གོ་ས་ལུ་བལྟ་ནི་མེན་པར་ མི་སེར་ཚུ་གི་དོན་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཕྱིད་གང་དྲག་ཞུ་ནིའི་མནོ་བསམ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་འབད་རུང་ ལྕོགས་གྲུབ་ཅན་གྱི་ མི་ངོ་དེ་ར་ གདམ་ཁ་རྐྱབ་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ བཤདཔ་ཨིན་པས།
ལྕོགས་གྲུབ་དང་ འོས་འབབ་ལྡན་པའི་ མི་ངོ་གདམ་འཐུ་འབད་མི་གིས་ རྫོང་ཁག་༡ ནང་ ཕན་ཐོགས་ནི་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་ནི་མན་པར་ ག་རའི་མི་སེར་ལུ་ ཕན་ཐོགས་ཚུགསཔ་འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment