གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༣ པ།

༢/༣/༢༠༡༣   ༉ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ ཚོང་པ་ཅིག་ཨིན་མི་ ཀརྨ་དབང་ཕྱུག་གིས་ བུམ་ཐང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་༢ པའི་ནང་ བཅའ་མར་གཏོགས་མི་༣ པམ་སྦེ་ ཐོན་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག


ཀརྨ་དབང་ཕྱུག་གིས་ སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་དང་པའི་ནང་ བཅའ་མར་གཏོགས་ནིའི་ བློ་འདོད་བསྐྱེད་ཡོདཔ་ཨིན་རུང་ ཁོ་ར་ ཁག་འབག་ལཱ་གིས་ དལ་ཁོམ་མེད་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགསཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ རྒྱ་གར་ པཱན་རྒྱབ་གཙུག་ལག་སློབ་སྡེ་ལས་ ནང་རིག་ནང་ གཙུག་ལག་གཞི་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
ཀརྨ་དབང་ཕྱུག་གིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ དོ་འགྲན་འབད་དགོ་མིའི་ གནད་དོན་གཙོ་བོ་ར་ ཁོ་གིས་ གཞུང་དང་མི་སེར་གཉིས་ཀྱི་བར་ན་ ཟམ་བཟུམ་སྦེ་ ཕྱག་ཞུ་ནིའི་སྤྲོ་བ་སྦོམ་ཡོད་ནི་དེ་གིས་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཁྲིམས་བསྐྱར་ཞིབ་འབད་ནིའི་ འགན་ཁུར་ཕོག་ཡོདཔ་ལས་ ཁོ་གིས་ གཞུང་དང་མི་སེར་གཉིས་ཀྱི་བར་ན་ དཀའ་ངལ་དང་ སྟབས་མ་བདེཝ་བསལ་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་དེ་ འབད་ནི་ཟེར་ཨིན་པས།
ཁོ་གིས་ དོ་འགྲན་འབད་དགོ་པའི་གནད་དོན་གཅིགཔོ་དེ་  རྫོང་ཁག་གཅིག་ནང་ལས་ འཐུས་མི་ལེ་ཤ་ཐོན་ཞིནམ་ལས་ མི་སེར་ལུ་ གདམ་ཁ་རྐྱབ་ནིའི་ གོ་སྐབས་བྱིན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
མི་སེར་ལུ་ གདམ་ཁའི་གོ་སྐབས་ཡོདཔ་འདྲཝ་ཅིག་འབ་དབ་ཅིན་ ཁོང་གིས་དགའ་མི་དང་ ལྕོགས་གྲུབ་ཅན་གྱི་ འཐུས་མི་ གདམ་ཁ་རྐྱབ་ཚུགས་ཐབས་ལུ་ ཕན་ཁྱད་སྦོམ་ཡོད་ཟེར་ཨིན་པས།
ཀརྨ་དབང་ཕྱུག་གིས་འབད་བ་ཅིན་ ཁོ་གི་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ དྲང་བདེན་གྱི་ཐོག་ལས་ བཙག་འཐུ་འབད་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཁོ་བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ དང་ མི་སེར་གྱི་ ཞབས་ཏོག་གང་དྲག་ཞུ་ནི་ཟེར་ ཨིན་པས།
དམངས་གཙོའི་རིང་ལུགས་ནང་ ཁག་ཆེ་ཤོས་ཅིག་ དྲང་བདེན་གྱི་གཅིག་བསྒྲིལ་འབད་ནི་དེ་ཨིནམ་ལས་ མི་མང་གིས་ ཤེས་རྟོགས་བྱུང་ཐོག་ལས་ ཚོགས་རྒྱན་བཙུགས་དགོ་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment