གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ཨིསི་ཊར་གྱིས་ མཐའ་བཅད་འོག་མའི་ནང་ལྷོད་ཡོདཔ།

༢༠/༠༣/༢༠༡༣  ཁ་ཙ་ འབྲུག་ཨིསི་ཊར་གྱིས་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ ཕམ་བཏང་ཐོག་ལས་ མཐའ་བཅད་འོག་མའི་ནང་ ལྷོད་ཚུགས་ནི་དེ་གིས་ རྩེད་འགྲན་པ་ཚུ་ལུ་ སྤྲོ་བ་བྱུང་ཡོདཔ་ཨིན་པས།
འབྲུག་ཨིསི་ཊར་གྱི་ རྩེད་འགྲན་པ་ རྟ་མགྲིན་རྡོ་རྗེ་གིས་ དུས་ཡུན་སྐར་མ་༧, , ༡༦, ༣༣ ལུ་ གཱོལ་རེ་རེ་བཙུགས་མི་གིས་ བསྡོམས་ཀྱིས་ གཱོལ་༤ བཙུགས་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་གཅིག་ཡང་ བཙུགས་མ་ཚུགསཔ་ཨིན་པས།
བར་མཚམས་ངལ་གསོ་ལས་ འབྲུག་ཨིསི་ཊར་སྡེ་ཚན་གྱིས་ ད་རུང་ གཱོལ་༦ ཐེབས་བཙུགས་ཏེ་ ཡོངས་བསྡོམས་གཱོལ་༡༠ བཙུགས་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ རྩེད་འགྲན་འབད་བའི་བསྒང་།
མཐའ་བཅད་འོག་མའི་རྩེད་འགྲན་འདི་ ནངས་པ་འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ རྩེད་འགྲན་དང་པའི་ནང་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་དང་ གཟིམ་སྒྲ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ འབྲུག་ཨིསི་ཊར་དང་ གཟི་ལུང་ཁ་འབྲིང་རིམ་སློབ་གྲྭ་འོག་མ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་གིས་ དྲག་ཤོས་ཐོན་ཡོདཔ་ད་ འབྲུག་ཨིསི་ཊར་སྡེ་ཚན་ཨང་༢ པ་ ཐོན་ཡོདཔ་ཨིན་པས།
འབྲུག་ཨིསི་ཊར་ལས་ སྡེ་ཚན་འགོ་ཁྲིདཔ་ པདྨ་གིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་གི་ རྩེད་འགྲན་ལས་ འབྲུག་ཨིསི་ཊར་སྡེ་ཚན་གྱིས་ དྲག་ཤོས་ཐོན་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
སྡེ་ཚན་ ག་པའི་ཕུཊ་བཱོལ་གྱི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༢༣ རེས་གཟའ་ཟླ་བ་ལུ་ འགོ་འདྲེན་འཐབ་ནི་ ཨིན་པའི་གནས་ཚུལ།
                                                                                  བཀྲིས་ཕུན་ཚོགས།

No comments:

Post a Comment