གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ ལོ་བསྟར་ཕུར་པའི་སྒྲུབ་ཆེན་ ཁ་ཙ་གྲོལ་ཡོདཔ།

རྗེས་དྲན་མཆོད་རྟེན་ནང་ དད་ཅན་ཚུ་གིས་ དབང་ཞུ་བའི་བསྒང་།
 ༡༡/༡༠/༡༢། ༉ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྗེས་དྲན་མཆོད་རྟེན་ནང་སྦེ་ ཉིན་གྲངས་༩ འི་རིང་ བསགས་གནང་མི་ ཕུར་པའི་སྒྲུབ་ཆེན་དེ་ ཁ་ཙ་གྲོལ་ཡོདཔ་ཨིན་པས།
ཕུར་པའི་སྒྲུབ་ཆེན་དེ་ བར་མཚམས་ལས་སྒོམ་ཆེན་ཚུ་གིས་སྦེ་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོདཔ་བཞིན་དུ་ དུས་ཅི་ སྒྲུབ་ཆེན་དེ་ བཀྲིས་སྒང་བར་མཚམས་ལས་ སྒོམ་ཆེན་ཞལ་གྲངས་༧༦ དང་ ཐར་བྲག་དགོན་པའི་དགེ་སློང་ དེ་ལས་ སེམས་རྟོགས་ཁའི་ བཤད་གྲྭ་ནང་ལས་ དགེ་སློང་ཞལ་གྲངས་༤༧ གིས་ བསགས་གནང་ཡོདཔ་ཨིན་པས།

ཁ་ཙ་ སྒྲུབ་ཆེན་མཇུག་བསྡུཝ་དང་འབྲེལ་ ཞི་བའི་བྱིན་བསྲེག་དང་ དབང་གི་བྱིན་བསྲེག་གནང་ཡོདཔ་མ་ཚད་ ཕུར་པའི་དབང་ཡང་གནང་ཡོདཔ་ལས་ དེའི་སྐབས་ དད་ཅན་མི་སེར་བརྒྱ་ལས་བཅད་མི་ཚུ་གིས་ དབང་ཞུ་བའི་ཁར་ རང་སོའི་དད་པ་དང་ མོས་གུས་སྦོམ་བསྐྱེད་དེ་ ཕྱག་འཚལ་ སྐོར་ར་རྐྱབ་མི་ཚུ་ ལེ་ཤ་འཛོམས་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ ཁམས་མདངས་ལས་ཨིན་མི་ ཐར་བྲག་དགོན་པའི་མཚམས་པ་ ཚེ་རིང་གིས་སླབ་མི་ནང་ ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་མི་ ཕུར་པའི་སྒྲུབ་ཆེན་དེ་ བྱིན་རླབས་ཅན་ཅིག་ཨིན་ཟེར་ཨིན་པས།
སེམས་རྟོགས་ཁ་བཤད་གྲྭ་གིས་ འགོ་འདྲེན་འཐབ་མི་ ཕུར་པའི་སྒྲུབ་ཆེན་དེ་ གྲྭ་ཚང་ལྷན་ཚོགས་ཀྱི་རྒྱབ་སྐྱོར་མ་དངུལ་ཐོག་ལས་ གནང་ཡོདཔ་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment