གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌོ་ཡ་གཡུས་ཚན་ནང་ ཚལ་ལུའི་ནད་གཞི་གིས་ དངུལ་ཐོག་འོང་འབབ་ལུ་ ཐོ་ཕོག་ཡོདཔ།

༡༥/༡༠/༢༠༡༢  ༉ འདས་པའི་ལོ་༡༥ དེ་ཅིག་གི་ཧེ་མར་ ཡོངས་གྲགས་ལུ་ ཌོ་ཡ་ཟེར་ སླབ་སྲོལ་ཡོད་མི་ ལོ་ཏོ་ཀུ་ཅུའི་གཡུས་ཚན་ནང་ ཚལ་ལུའི་ནད་གཞི་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ད་རེས་ འོང་འབབ་བཟོ་ནིའི་ དངུལ་ཐོག་ག་ཅི་ཡང་ མེད་མི་ལུ་གྱུར་སོཔ་ཨིན་པས།


ད་རེས་ཀྱི་གནས་སྟངས་ནང་ ཌོ་ཡཔ་ཚུ་གིས་ ཁོང་རའི་བཟའ་སྤྱོད་ཀྱི་དོན་ལུ་ ཚོད་བསྲེ་དང་ གེ་ཟ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ མི་སེར་ཚུ་གིས་འབད་བ་ཅིན་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ཚུགས་པའི་ འོས་འབབ་མིན་འདུག་ཟེར་ཨིན་པས།
ས་གནས་ལུ་ ལོ་ཏོ་ཀུ་ཅུ་འཇིགས་མེད་དང་ ལོ་ཏོ་ཀུ་ཅུ་སེངྒེ་ དེ་ལས་ ལོ་ཏོ་ཀུ་ཅུ་དབང་ཕྱུག་འབདཝ་ད་ གཡུས་ཚན་༣ ཡོདཔ་ད་ རྡོ་རོ་ཁ་དྲུང་ཁག་འོག་གི་ གཡུས་སྒོའི་ས་གནས་དེ་ནང་ལྷོད་ནི་ལུ་ བསམ་རྩེ་ལས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་ཨིན་པས།
མ་གཞི་ མི་སེར་ཚུ་གིས་ གེ་ཟ་འཛུགས་སྐྱོང་འབད་ཐོག་ལས་ འོང་འབབ་དུམ་གྲ་རེ་ བཟོ་ཚུགསཔ་ཨིན་རུང་ དེ་གིས་ སོ་ནམ་ཞིང་མི་ཚུ་ལུ་ ཕན་ཐོགས་སྦོམ་ཅིག་ བྱུང་མི་ཚུགསཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ འོང་འབབ་བཟོ་ནིའི་དོན་ལུ་ ཨ་ལེན་ཇི་དང་ ཚལ་ལུ་ ས་སྒ་ གཡུང་རྡོ་ དེ་ལས་ ཨེ་མ་ཚུ་འཛུགས་འབད་དེ་ ཐབས་ལམ་ག་དེ་དྲག་དྲག་ བཏོན་ཡོདཔ་ཨིན་རུང་ མཐར་འཁྱོལ་སྦོམ་ཅིག་བྱུང་མ་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༧༠ ལང་མི་ ཌ་མསི་གིས་བཤད་མིའི་ནང་ དེ་བསྒང་ས་གནས་ནང་ འཁོར་ལམ་མེད་ནི་དེ་གིས་ སོ་ནམ་ཐོན་སྐྱེད་ཚུ་ བསམ་རྩེ་ལུ་ འབག་འགྱོ་དགོ་པའི་ཁར་ ཚལ་ལུའི་དོས་འབག་སྟེ་ བསམ་རྩེ་དང་ ཕུན་ཚོགས་གླིང་ལུ་འགྱོ་བའི་ དྲན་སྣང་ཤརཝ་ཨིན་རུང་ ད་རེས་ནངས་པ་འབདཝ་ད་ ནད་རིགས་ལུ་བརྟེན་ ཚལ་ལུ་དོས་༡ ཡང་ ཐོན་སྐྱེད་འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལོ་༡༥ དེ་ཅིག་གི་ཧེ་མ་ ཚལ་ལུ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཐོན་སྐྱེད་བྱུང་མི་ལུ་བརྟེན་ ཚལ་ལུ་ཚུ་ འབག་མ་ཐེག་པར་ ལམ་བདའ་སྟེ་ བཀོག་བཞག་དོ་ཡོདཔ་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ཚལ་ལུ་ཐོབ་མ་ཚུགས་པའི་ གནས་སྟངས་ལུ་ ལྷོད་དེ་ཡོད་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ ཚལ་ལུ་ལྡུམ་ར་ རེ་རེ་ནང་ལས་ ཚལ་ལུ་ པཱོན་༢༠༠ དང་༣༠༠ རེ་གི་ ཐོན་སྐྱེད་འབད་ཚུགས་པའི་ཁར་ ཚལ་ལུ་པཱོན་རེ་ལུ་ དངུལ་ཀྲམ་༣༠༠ རེ་སྦེ་ བཙོངམ་ཨིན་པས།
ཚལ་ལུ་ལྡུམ་ར་ཡོད་མི་ཚུ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ཚལ་ལུ་ པཱོན་༢༠ དང་༤༠ དེ་རེ་ཡང་ ཐོན་སྐྱེད་འབད་མི་ཚུགས་པས་ཟེར་ཨིནམ་ད་ པཱོན་རེ་ནང་ ཚལ་ལུ་༨༠ རེ་ཡོདཔ་ཨིན་པས།
སྐྱེས་ལོ་༥༠ འབད་མི་ བསོད་ནམས་དབང་མོ་གིས་ འབད་བ་ཅིན་ ཧེ་མ་ ཚོང་འབྲེལ་འཐབ་སའི་ ས་ཁོངས་མེད་པའི་སྐབས་ གཡུས་ཚན་ནང་ ཚལ་ལུའི་ཐོན་སྐྱེད་ ལེགས་ཤོམ་ཡོདཔ་ཨིན་རུང་ ད་རེས་ ཚོང་ལམ་ལེགས་ཤོམ་ཡོད་པའི་བསྒང་ལས་ ཐོན་སྐྱེད་མེད་མི་དེ་གིས་ ལམ་འགྲོ་ཕྱི་གྱུར་གྱི་གཞི་རྩ་ཅིག་ ཨིན་མས་ཟེར་བཤདཔ་ཨིན་པས།
གཡུས་ཚན་གྱི་ཚོགས་པ་ སྤྱཔ་ཅུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་ཏོ་ཀུ་ཅུ་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ སྣུམ་འཁོར་ནང་ འགྱོ་དགོ་པའི་ས་གནས་ སེང་ལྡན་གཡུས་ཚན་ལུ་ ཚོད་བསྲེ་བཙོང་ཁང་ཅིག་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ནི་ཨིན་མི་དེ་གིས་ མི་སེར་ཚུ་ལུ་ ཕན་སྦོམ་སྦེ་ར་ཐོགས་ཚུགས་པའི་ གོ་སྐབས་འདུག་ཟེར་ཨིན་པས།
དེ་བསྒང་ལས་ མི་སེར་ཚུ་གིས་ ཚོད་བསྲེ་ཚུ་འཛུགས་སྐྱོང་འབད་དེ་ རྫོང་ཁག་ཚུ་ནང་ལས་ཕར་ ཚོག་བསྲེ་བགོ་བཀྲམ་འབད་ཚུགས་ནི་ཨིན་མས་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།


རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment