གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩལ་རྐྱབ་ནི་ལུ་ སྤྲོ་བ་བསྐྱེད་མི་ ལེ་ཤ་ཐོན་དོ་ཡོདཔ།

༡༥/༡༠/༢༠༡༢   ༉ གནམ་དགུན་གྱི་ དུས་ཚོད་རན་རུང་ སྤུ་ན་ཁ་དེ་ ཚ་དྲོད་ལྡན་པའི་རྫོང་ཁག་ཅིག་ཨིནམ་ལས་ རྩལ་རྐྱབ་ནི་ལུ་ སྤྲོ་བ་བསྐྱེད་མི་ཚུ་གིས་ རྫོང་ཁག་ནང་ ཆུ་རྩལ་ཁང་ ཕུད་རྡོག་༡ ལས་བརྒལ་མེད་མི་དེ་ སྒོ་བསྡམས་ཏེ་ བདུན་ཕྲག་༢ དེ་ཅིག་ལང་རུང་ མི་ཚུ་གིས་ རྩལ་རྐྱབ་ནི་ལུ་ སྤྲོ་བ་བསྐྱེད་མི་ ཐོན་དོ་ཡོདཔ་ཨིན་པས།

གནམ་དགུན་གྱི་དུས་ཚོད་རན་རུང་ སྤུ་ན་ཁ་ ཟངས་མདོག་དཔལ་རི་བཟའ་ཁང་གི་ ས་ཁོངས་ནང་ཡོད་པའི་ ཆུ་རྩལ་ཁང་ནང་ རྩལ་རྐྱབ་མི་ ལེ་ཤ་ཐོན་དོ་ཡོད་པའི་མཐོང་སྣང་།

ཁུ་རུ་ཐང་ཁྲོམ་ལས་ རྟ་ལོག་དགོན་པའི་ལམ་བདའ་སྟེ་ ཀི་ལོ་མི་ཊར་༧ དེ་ཅིག་ལུ་ ཟངས་མདོག་དཔལ་རི་བཟའ་ཁང་ནང་ཡོད་པའི་ ཆུ་རྩལ་ཁང་དེ་ གནམ་བྱཱར་ལུ་འབད་བ་ཅིན་ རྩལ་རྐྱབ་མི་ཚུ་གིས་ ལྟེམ་ལྟེམ་གང་སར་ མཐོངམ་ཨིན་རུང་ ད་རེས་ ཆུ་རྩལ་ཁང་ སྒོ་བསྡམས་ནི་དེ་གིས་ རྩལ་རྐྱབ་མི་ཚུ་ ལོག་འགྱོ་དགོཔ་ཐོནམ་ཨིན་པས།
མ་གཞི་ ཆུ་རྩལ་ཁང་དེ་ མི་མང་གི་དོན་ལུ་མིན་པར་ བཟང་ཁང་ནང་འོང་མི་ མགྱོནམ་ཚུ་གི་དོན་ལུ་ཨིན་རུང་ རྫོང་ཁག་ནང་ ཆུ་རྩལ་ཁང་མེདཔ་ལས་བརྟེན་ མི་ཚུ་གིས་ སྤྱོད་དོ་ཡོདཔ་ད་ དེའི་གྲས་ལས་ མང་ཤོས་ར་ སློབ་ཕྲུག་དང་ ཡིག་ཚང་ནང་ལཱ་འབད་མི་ དེ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཚུ་ཨིན་པས།
དབང་འདུས་བ་འཇོ་ཁྲོམ་ལས་ར་ རྩལ་རྐྱབ་མི་ཚུ་ འོང་དོ་ཡོདཔ་ད་ དེའི་གྲས་ལས་ཅིག་ སྐྱེས་ལོ་༡༠ ལང་མི་ ཤེས་རབ་ཨིནམ་ད་ མོ་གིས་ བདུན་མཐའི་ངལ་གསོ་ནང་ རྩལ་རྐྱབ་པར་འགྱོ་ནི་ཡོད་རུང་ ད་རེས་ ཆུ་རྩལ་ཁང་དེ་ སྒོ་བསྡམས་བཞག་ནི་དེ་གིས་ མི་འགྱོ་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ རྩལ་རྐྱབ་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ འཕྲོད་བསྟེན་བདེ་ཏོག་ཏོ་ བཞག་ཚུགས་ནི་ལུ་ ཕན་ཁྱད་འདུག་ཟེར་ཨིན་པས།
ཆུ་རྩལ་ཁང་དེ་ རིང་ཚད་མི་ཊར་༡༢ དང་ གཏིང་ཚད་ཕིཊ་༣ དེ་ཅིག་ལས་བརྒལ་མེདཔ་ལས་ ཆུ་རྩལ་ཁང་གི་ གནས་ཚད་དང་མ་ལྡན་རུང་ མི་ག་བཟུམ་ཡང་ འོང་ནི་ཡོད་ཟེར་ ཆུ་རྩལ་ཁང་བདག་འཛིན་འཐབ་མི་ གང་གཱ་དེཤི་གིས་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཞབས་ཏོག་མ་བྱིན་པ་ཅིན་ མི་ཚུ་གིས་ ཉན་མ་བཏུབ་ལས་ ཐབས་མེད་པར་ བྱིན་དགོཔ་ཐོནམ་མས་ཟེར་ཨིནམ་ད་ འཐུས་ཀྱི་ཐད་ཁར་ དུས་ཡུན་ཆུ་ཚོད་༡ ལུ་ དངུལ་ཀྲམ་༡༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
གང་གཱ་དེཤི་གིས་འབད་བ་ཅིན་ ཆུ་རྩལ་ཁང་དེ་ ཕྱི་ཁར་འབད་ནི་དེ་གིས་ ཕྱི་རུ་ཁམས་ཅིག་ལས་ རླུང་མ་འཕུ་བའི་སྐབས་ ཐལཝ་ཚུ་ཆུ་ནང་འཛུལ་ཏེ་ ཆུ་ཁམས་ལོག་སི་སི་ བཟོཝ་མས་ཟེར་ཨིནམ་ད་ ཨིན་རུང་ སང་ཕོད་ལས་ རྩལ་ཁང་དེ་ རྒྱ་བསྐྱེད་འབད་དེ་ ལེགས་ཤོམ་བཟོ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཕྱི་རུ་ཡང་ རྩལ་རྐྱབ་ནིའི་སྤྲོ་བ་ལེན་རུང་ གོ་སྐབས་བྱིན་ནི་མེད་ཟེར་ཨིནམ་ད་ དེ་ཡང་ ས་གོ་ནང་ གློག་མེའི་ཞབས་ཏོག་མེདཔ་ལས་ གལ་སྲིད་ཆུ་ནང་འཐིམ་སོ་པ་ཅིན་ ཉེན་ཁ་འདུག་ཟེར་ཨིནམ་ད་ ཨིན་རུང་ ཞབས་ཏོག་རྒྱ་བསྐྱེད་འབད་བའི་སྐབས་ གློག་མེ་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རྩལ་རྐྱབ་ནིའི་དུས་ཚོད་དེ་ དྲོ་པའི་ཆུ་ཚད་༩ དང་ཕྱེད་ལས་ འགོ་བཙུགས་མི་དེ་གིས་ ཉིན་མའི་ཆུ་ཚོད་༡ ཚུན་ བཞག་དོ་ཡོདཔ་ད་ དེ་ལས་ ཕྱི་རུའི་ཆུ་ཚོད་༡ དང་ཕྱེད་ལས་ ལོག་འགོ་བཙུགས་མི་དེ་གིས་༤ དང་ཕྱེད་ཚུན་ བཞག་དོ་ཡོདཔ་ཨིན་པས།
ཆུ་རྩལ་ཁང་དེ་ སྤྱི་ལོ་༡༩༩༦ ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment