གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གངས་རི་ཡུན་བརྟན་གོང་འཕེལ་ཞལ་འཛོམས་ ད་རིས་ལས་ འཚོགས་ནི།

༡༥/༡༠/༢༠༡༢   ༉ འགྱུར་བཅོས་འགྱོ་བའི་བསྒང་ཡོད་པའི་ འཛམ་གླིང་འདི་ནང་ ཕོ་མོ་དང་ གངས་རི་ཡུན་བརྟན་གོང་འཕེལ་ བུ་ཊཱན+༡༠ ཟེར་མི་ཞལ་འཛོམས་དེ་ ཐིམ་ཕུ་ལུ་ ད་རིས་ལས་ འཚོགས་ནི་ཨིན་པས།
རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བ་དང་ འབྲུག་གི་སོ་ནམ་ལྷན་ཁག་ དེ་ལས་ རྒྱལ་ཡོངས་ཨ་ལུ་དང་ཨམ་སྲུའི་ཚོགས་སྡེ་༣ གྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་མི་ཞལ་འཛོམས་དེ་ ཟླཝ་༤ དེ་ཅིག་གི་ཧེ་མར་ འཛམ་གླིང་སྤྱི་ཚོགས་ཀྱི་ བ་ར་ཟིལ་ལུ་སྦེ་ རིའོ་ ཌི་ ཇ་ནེའི་རོ་ནང་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ ཞལ་འཛོམས་ཅིག་འཚོགས་མིའི་ འཕྲོ་མཐུད་ཨིན་པས།



ཉིན་གྲངས་༥ འབད་མི་ ཞལ་འཛོམས་སྐབས་ གཙོ་བོ་ར་ གངས་ལྗོངས་ཚུ་ནང་ གོང་འཕེལ་གྱི་ལས་སྣའི་དོན་ལུ་ སྲིད་བྱུས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
རྒྱལ་སྤྱི་གཅིག་སྒྲིལ་གངས་རི་གོང་འཕེལ་ལྟེ་བའི་ བརྡ་དོན་འགོ་དཔོན་ ནི་ར་གུ་རུང་གིས་ བཤད་མིའི་ནང་ ཞལ་འཛོམས་ནང་ ཁག་ཆེ་བའི་གནད་དོན་ ལེ་ཤ་ཅིག་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་རུང་ ཆེ་མཐོ་ཅན་གྱི་ཞལ་འཛོམས་ཡང་ ཁག་༢ དེ་ཅིག་ འཚོགས་ནི་ཨིནམ་ལས་ དེ་གིས་ རྒྱལ་ཡོངས་དང་ ལུགས་ཕྱོགས་ དེ་ལས་ རྒྱལ་སྤྱིའི་ནང་ སྲིད་བྱུས་ཀྱི་བསྒྱུར་བ་ཚུ་ འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གནས་ཚད་ཅན་གྱི་ ཞལ་འཛོམས་༢ ཀྱི་གྲས་ལས་༡ བློན་པོའི་གནས་ཚད་ཅན་དང་ གཞན་མི་དེ་ རིའོ་+༢༠ འི་ གནས་ཚད་ཅན་གྱི་ ཞལ་འཛོམས་དེ་ཨིན་པས།
ནི་ར་ གུ་རུང་གིས་འབད་བ་ཅིན་ ཞལ་འཛོམས་ཀྱི་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ ད་རེས་ བྱུང་བཞིན་དུ་ཡོད་པའི་ གནད་དོན་ཚུ་གི་སྐོར་ལས་ གསལ་བཤད་འབད་ནི་དང་ གངས་རིའི་ས་ཁོངས་ཚུ་ནང་སྡོད་མི་ ཨམ་སྲུ་ཚུ་དང་ ཕོ་སྐྱེས་ དེ་ལས་ ཨ་ལུ་ཚུ་གི་ འཚོ་བའི་གནས་སྟངས་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ འདས་པའི་ལོ་༡༠ གྱི་རིང་ལུ་ གངས་རི་གོང་འཕེལ་གྱི་དོན་ལུ་ ཡུན་བརྟན་དང་ འདྲ་མཉམ་གྱི་ལཱ་འབད་ནིའི་ནང་ གྲུབ་འབྲས་ག་ཅི་ར་ བྱུང་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ནི་ཨིན་པས།
ཞལ་འཛོམས་ནང་ ཧིན་དུ་ཀུཤ་ ཧི་མ་ལ་ཡཱན་ལུང་ཕྱོགས་ རྐྱངམ་གཅིག་ལས་མེན་པར་ གཞན་མི་ལུང་ཕྱོགས་ཚུ་ནང་ལས་ཡང་ བཅའ་མར་གཏོགས་ཡོདཔ་མ་ཚད་ རྒྱལ་སྤྱིའི་གནས་ཚུལ་བསྡུ་ལེན་པ་ཚུ་གིས་ཡང་ འབྲེལ་གཏོགས་འབད་དོ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment