གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནམ་ཐང་ལུ་བརྟེན་ སྒྲིང་ཁྱིམ་གྱི་ཐོག་ཚད་ལུ་ ཐོ་ཕོག་ཡོདཔ།

༡༦/༡༠/༢༠༡༢   ༉ ལྕང་ཇི་ཇི་གནམ་གྲུ་ཧེ་ལི་ཀོབ་ཊར་ཆགས་ཐང་གི་ཉེ་འདབས་ལུ་ཡོད་པའི་ ས་ཆའི་ཇོ་བདག་དག་པ་ཅིག་གི་ས་ཆ་ཚུ་ དོན་མེད་ཀྱི་གནས་སྟངས་ལུ་ལྷོད་དོ་ཡོདཔ་ཨིན་པས།
ཐང་དེ་གི་ སྦོ་ལོགས་ཁ་ལས་ཕར་ཡོད་པའི་སའི་ཇོ་བདག་ཚུ་གིས་ སྒྲིང་ཁྱིམ་ཐོག་ཚད་བཞི་ལས་ལྷག་སྟེ་རྐྱབ་པའི་སྐབས་ལུ་ ཁོང་གི་ས་ཆ་ཚུ་ ཧེ་མའི་ཐོག་ཚད་ལུ་ར་གནས་སྡོད་དགོཔ་བྱུང་ཡོདཔ་ཨིན་པས།

ཧེ་ལི་ཀོབ་ཊར་ ཆགས་ཐང་གི་མཐོང་སྣང་།


ས་མཚམས་ཁར་ཡོད་པའི་ས་ཚན་ཁག་༧ ནང་ སྒྲིང་ཁྱིམ་གྱི་ཐོག་ཚད་ཀྱི་ཚད་གཞི་དེ་ ཐོག་༣ ལས་ གཅིག་གི་བར་ན་རྐྱབ་དགོཔ་སྦེ་དམ་འཛིན་འབད་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་ལུ་ གནམ་ཐང་གི་སྦོ་ལོགས་བཅར་སུ་འོང་བའི་སྐབས་སྒྲིང་ཁྱིམ་གྱི་ཐོག་དེ་ དམའ་སུ་སྦེ་རྐྱབ་དགོ་པའི་ལམ་ལུགས་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
དམག་སྡེའི་ཁ་ཐུག་ལས་ འཇིགས་སྣང་གི་གྲོས་གཞི་བྱུང་མི་དང་ དབང་འཛིན་ཚུ་ལུ་སེམས་ཕམ་གྱི་ཚ་གྱང་བྱུང་མི་དེ་ཡང་ སའི་ཇོ་བདག་ཚུ་ལུ་ ལམ་ལུགས་དེ་གིས་ གནོད་དོ་ཡོདཔ་ཨིན་པས།
ས་ཚན་གྱི་ཇོ་བདག་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་འབད་བ་ཅིན་ ཁོ་གི་ས་ཆ་དེ་ ཁྲོམ་གྱི་སྦོ་ལོགས་བཅར་སུ་སྦེ་ཐོབ་མི་ལུ་ ཁོ་ར་ཁ་རྗེ་བཟང་ནུག་ཟེར་བའི་རེ་འདོད་ཡོད་ཟེར་ཨིན་པས།
ས་ཚན་ཚུ་ ཁྲོམ་གྱི་སྦོ་ལོགས་བཅར་སུ་འབད་མི་གིས་ ང་བཅས་ལུ་ སྒྲིང་ཁྱིམ་ཐོག་ཚད་གསུམ་ལས་བརྒལ་རྐྱབ་མ་ཆོགཔ་སྦེ་ཡོད་ཟེར་ཨིན་པས།
སའི་ཇོ་བདག་གཞན་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་ལུ་ ཁོང་རའི་བློ་འདོད་དང་བསྟུན་པའི་སྒྲིང་ཁྱིམ་རྐྱབ་ནི་ལས་བཀག་དམ་འབད་བཞག་ནི་མིན་པར་ གནམ་གྲུའི་ཐང་དེ་ ཉེན་སྲུང་གི་དོན་ལུ་ ས་གནས་གཞན་ཁར་སྤོ་བཤུད་འབད་བ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས།
དྲག་པོའི་དམག་སྡེ་གིས་ ས་ཆ་ཚུ་རྒྱ་སྦོམ་སྦེ་ར་ བདག་དབང་འབད་དེ་ཡོདཔ་ལས་ དེ་ཁར་སྤོ་བཤུད་འབད་ནིའི་ས་གོ་ཡོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ང་བཅས་ལུ་ བདག་དབང་གི་ས་ཆ་ཆུང་ཀུ་ཅིག་ལས་བརྒལ་མེད་མི་ལུ་ ག་ཅི་སྦེ་ མར་གནོན་འབད་བཞགཔ་སྨོ་ཟེར་ཨིན་པས།
གལ་སྲིད་སྒྲིང་ཁྱིམ་ཚུ་གིས་སྦེ་ གནམ་གྲུ་ཆགས་ནི་ལུ་བྱ་སྟབས་མ་བདེཝ་བྱུང་པ་ཅིན་ གནམ་གྲུ་ཚུ་ ཕྱོགས་གཞན་མིའི་ཁ་ཐུག་ལས་སྦེ་ ད་ལྟོ་རྐྱབ་ཡོད་པའི་གཞུང་ཁྱིམ་ལས་ཚུར་ཆགས་ཏེ་འབད་བ་ཅིན་ སྒྲིང་ཁྱིམ་ཚུ་ ཐོག་ཚད་ཡང་ དམའ་སུ་སྦེ་ཡོད་པའི་ཁར་ ས་གོ་ཡང་ སྒོ་ཡངས་དྲགས་སྦེ་འདུག་ཟེར་ཨིན་པས།
ཁོང་གིས་སླབ་དོ་བཟུམ་འབད་བ་ཅིན་ གནམ་ཐང་གི་ཉེ་འདབས་ལུ་ཡོད་པའི་སྒྲིང་ཁྱིམ་དང་ གནམ་ཐང་གཉིས་ཀྱི་བར་ན་ གནམ་གྲུ་སྦོམ་ཚུ་འོང་སྟེ་འབད་རུང་ ཆགས་ཚུགས་པའི་ས་གོ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་རྒྱང་མཐོང་ནང་མཐོང་མི་དང་ རྣམ་ཅོག་གིས་གོ་དོ་བཟུམ་འབད་བ་ཅིན་ གནམ་གྲུ་ཧེ་ལི་ཀོབ་ཊར་ཟེར་མི་དེ་ སྤོག་ཏོག་གུ་ལུ་ཡང་ཆགས་དོ་ཡོདཔ་ལས་ ས་གནས་དེ་ཁར་ གནམ་གྲུ་སྦོམ་ཚུ་ཆགས་ས་མེན་ཟེར་ ས་གནས་ནང་སྡོད་མི་ཚུ་གིས་ སླབ་ཨིན་པས།
སྒྲིང་ཁྱིམ་རྐྱབ་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ ཐང་དེ་ཁར་ གནམ་གྲུ་ལེ་ཤ་སྦེ་ཆགས་དགོཔ་ཡོད་པ་ཅིན་ དེ་གིས་ རྒྱུ་མཚན་ཅིག་གསལ་སྟོན་འབད་ཚུགས་ནི་ཨིན་རུང་ ད་ལྟོ་ཡོད་པའི་གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ཐང་ནང་ལས་ ཟླཝ་གཅིག་ལུ་ གནམ་གྲུ་༡ ཡང་འཕུར་འགྲུལ་འབད་དགོཔ་མི་ཐོན་པས་ཟེར་ཨིན་མས།
ད་ལྟོ་བཟུམ་གྱི་བྱ་སྟབས་མ་བདེཝ་ཡོད་པའི་སྐོར་ལས་ དཀའ་ངལ་གྱི་གནད་དོན་ཚུ་ག་ར་ ང་བཅས་སའི་ཇོ་བདག་ཚུ་ལུ་བཀལ་བཞག་ནི་མིན་པར་ འབྲེལ་ཡོད་དབང་འཛིན་དང་ དམག་སྡེ་ ཁྲོམ་སྡེའི་འཐུས་མི་འགོ་དཔོན་ཚུ་གྲོས་བསྟུན་འབད་ཐོག་ལས་ ཐབས་ལམ་གྱི་གྲོས་བཅུད་བཏོན་དགོཔ་འདུག་ཟེར་ཨིན་པས།
ང་བཅས་ཀྱིས་ ཁྱིམ་ཐོག་རེ་བཀལ་བའི་སྐབས་སུ་ དམག་སྡེའི་ཁ་ཐུག་ལས་ ཉོགས་བཤད་རེ་བཀོད་དེ་ ཁྲོམ་སྡེ་གིས་ ས་ཁོངས་ནང་ཞིབ་དཔྱད་འབད་དེ་ དཀའ་རྙོགས་ཚུ་སླབ་མས་ཟེར་ཨིན་པས།
ང་གིས་ བསྐྱིན་འགྲུལ་སྦོམ་སྦེ་ལེན་ཐོག་ལས་སྒྲིང་ཁྱིམ་གྱི་འགྱམ་ཚུ་ ཁྱིམ་ཐོག་ཚད་མངམ་སྦེ་བཀལ་ནིའི་དོན་ལུ་བཙུགས་ཡོདཔ་ལས་ ད་རེས་འདི་བཟུམ་གྱི་དམ་འཛིན་འབད་མི་གིས་ ཁྱིམ་ཐོག་ཚད་༣ འབད་མི་རྐྱབ་སྟེ་ ངེ་གི་བསྐྱིན་འགྲུལ་ཚུ་སྤྲོད་ནི་ལུ་ བྱ་སྟབས་མ་བདེཝ་སྦོམ་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱིས་ སའི་ཇོ་བདག་གིས་སླབ་མི་ལུ་ ངོས་ལེན་འབད་ཡོདཔ་ཨིན་རུང་ མི་སེར་ གནམ་ཐང་གི་སྦོ་ལོགས་ཁར་སྡོད་མི་ཚུ་གི་ མི་ཚེའི་ཉེན་སྲུང་གི་གནས་སྟངས་ལུ་ཡང་ བལྟ་དགོཔ་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་འགོ་དཔོན་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ གནམ་ཐང་དེ་ ཉེན་སྲུང་གི་དོན་ལུ་ ས་གནས་ནང་ལས་སྤོ་བཤུད་འབད་དགོཔ་འདུག་ཟེར་ཨིན་པས།
མ་གཞི་ཐིམ་ཕུ་ཁྲོམ་སྡེའི་འཆར་གཞི་དང་འཁྲིལ་པ་ཅིན་ བསྟན་སྲུང་དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཨིན་ཊཌ་གི་ས་ཁོངས་ཚུ་ཡང་སྤོ་བཤུད་འབད་དགོཔ་སྦེ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ དམག་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་འདི་གི་སྐོར་ལས་ ཁོང་གིས་ ལོ་རྒྱུས་ག་ནི་ཡང་སླབ་མི་ཚུགས་ཟེར་བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment