གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨམ་སྲུ་༢ ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༣ རེ་ བཀལ་ཡོདཔ།

༡༢/༡༠/༡༢། ༉ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ འདས་པའི་བདུན་ཕྲག་ནང་ ཨམ་སྲུ་༢ ཀྱིས་ ཁ་རུབ་རྐྱབ་སྟེ་ ཨ་ལུ་སྐྱེ་ནི་ཡོད་པའི་ ཨམ་སྲུ་༡ བརྡུང་རྫོབ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༣ རེ་ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ རྩ་ཕན་༣ གྱི་བར་ན་ རྒུད་འཐུས་ཀྱི་སྐོར་ལས་ ནང་འགྲིག་འབད་ཡོད་རུང་ ཨམ་སྲུ་༢ ཀྱིས་ བྱ་ངན་འབད་མི་ལུ་བརྟེན་ གསོ་བའི་སྙན་ཞུ་ནང་ ཉམས་རྒུདཔ་ཨམ་སྲུ་དང་ མོ་རའི་ ཕོཝ་ནང་ཡོད་མི་ ཨ་ལུ་༢ ཀྱི་ཚེ་སྲོག་ལུ་ ཉེན་ཁ་བཀལ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ངོས་ལེན་འབད་ཐབས་མིན་འདུག་ཟེར་ཨིན་པས།
ཨམ་སྲུ་༢ ལུ་ ཉེས་ཕྲའི་ཉེས་ཁྲིམས་ཕོག་ཡོད་རུང་ ཁྲིམས་འཐུས་བཏབ་ཆོག་པའི་ གནང་བ་དང་འཁྲིལ་ཏེ་ བདུན་ཕྲག་༡ གི་རིང་ དོ་དམ་ནང་ སྡོད་པའི་ལྷག་ལུས་ དངུལ་ཀྲམ་༤༤,༤༠༠ རེ་ བཀལ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ལྕམ་མཁར་ཁྲོམ་ཁར་ སྐྱ་བཟོ་ཁང་ཅིག་ནང་བྱུང་ཡོདཔ་ད་ ཉེས་འཛུགས་ཕོག་མི་༢ ཨ་ཞེམོ་དང་ནུམོ་ཨིན་པས།
ཉེས་ཅན་ཨམ་སྲུ་༢ དང་ ཉམས་རྒུདཔ་ཚུ་ ཧེ་མ་ ཆ་རོགས་ཨིན་རུང་ ཟླ་ངོ་དག་པ་ཅིག་གི་ཧེ་མར་ སྐྱེས་ལོ་༢༩ ལང་མི་ ཉེས་འཛུགས་ཅན་ ཨམ་སྲུ་དེ་ ཉམས་རྒུད་པའི་ རྨགཔ་དང་གཅིག་ཁར་ གསང་བའི་འབྲེལ་བ་ཡོདཔ་ལས་ བར་ན་ འཐབ་འཛིང་བྱུང་སྟེ་ ཁ་མ་སླབ་པར་ སྡོད་ཡོདཔ་ཨིན་པས།
རྐྱེན་ངན་མ་བྱུང་བའི་ ཉིནམ་ཅིག་གི་ཧེ་མར་ ཨམ་སྲུ་༢ ཀྱིས་ སྐྱ་བཏོག་ཁང་གི་ ཇོ་བདག་ལུ་ ཉམས་རྒུདཔ་གིས་ ཏི་རུ་བསྐྱི་འབག་ཡོད་མི་དེ་ ལོག་སྤྲོད་དགོ་པའི་ ཁ་ཐེན་སླབ་དགོཔ་སྦེ་ སླབ་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་དེ་ སློབ་དཔོན་ཅིག་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ ཨ་ལུ་ཆགས་ཏེ་ ཟླཝ་༥ དེ་ཅིག་ ལང་ཡོདཔ་ཨིན་པས།
ཉེས་ཅན་༢ ཀྱིས་ བྱ་ངན་དེ་གི་སྐོར་ལས་ ཁ་བཟེད་མ་བཏུབ་རུང་ མཐོང་མི་ཅིག་གིས་འབད་བ་ཅིན་ སོ་བཀྲུ་ལག་ལེན་འཐབ་སྟེ་ ཉམས་རྒུདཔ་ལུ་ བླུགས་བྱིན་ཡི་ཟེར་ སླབ་ཡོདཔ་ཨིན་པའི་གནས་ཚུལ།


བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment