གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཁྲམ་མེད་པར་ ལོ་ངོ་བཅུ་ཕྲག་༣ ལྷགཔ་ཅིག་ ལག་ལེན་འཐབ་ཡོདཔ།

༡༢/༡༠/༡༢། ༉ དགེ་ལེགས་ཕུག་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱི་ ས་སྣུམ་བཀྲམ་སྤེལ་ཁང་དེ་ སྤྱི་ལོ་༡༩༧༢ ལས་ འགོ་བཙུགས་ཏེ་ ད་ཚུན་གྱི་རིང་ གཞུང་ས་ ཨེ་ཀར་༧ དེ་ཅིག་ནང་ རང་དབང་ཁྲམ་མེད་པའི་ཁར་ གླར་སྤྱོད་ཀྱི་ གན་རྒྱ་ཡང་མ་བཟོ་བར་ ལག་ལེན་འཐབ་ཡོདཔ་ཨིན་པས།
ད་ལྟོ་ཚུན་ ཁྲམ་མ་བཀོད་པའི་ཁར་ གླར་སྤྱོད་ལམ་ལུགས་ཐོག་ གླ་འཐུས་ཚུ་ ག་ནི་ཡང་མེད་པར་ ལུས་མི་དེ་ གཞུང་དང་ ལས་སྡེ་ག་གི་ འཐུས་ཤོར་ཨིནམ་མ་ཤེས་རུང་ ལས་སྡེའི་ ཆེ་རིམ་འགོ་དཔོན་ པ་སངས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༧༢ དེ་ཅིག་ལུ་ གཞུང་གི་ ས་སྣུམ་བཀྲམ་སྤེལ་ལས་འཛིན་དེ་ སྒེར་སྡེ་ལུ་སྤྲོད་དེ་ བཀྲིས་ཚོང་ལས་སྡེ་ཚན་གྱིས་ ལེན་པའི་སྐབས་ ས་སྣུམ་བཀྲམ་སྤེལ་ཁང་དང་ ས་ཆ་སྦྲགས་སྟེ་ ལས་སྡེའི་ བདག་དབང་ལུ་ ཐོབ་ཡོདཔ་ཨིན་ཟེར་ཨིན་པས།

དེ་ཡང་ ས་སྣུམ་བཀྲམ་སྤེལ་ཁང་དེ་གི་ རིན་གོང་བཏོན་ཐོག་ལས་ ལས་སྡེ་གིས་ གཞུང་ལུ་ རིན་གོང་དེ་ སྤྲོད་དགོཔ་སྦེ་ བཟོ་ཡོད་པའི་ཁར་ ཡིག་ཆ་དང་འཁྲིལཝ་ད་ རིན་གོང་དེ་ཡང་ ལས་སྡེ་གིས་ གཞུང་ལུ་ཕུལ་ནུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ ས་ཆ་དེ་ ལས་སྡེའི་ མིང་ཐོག་ཁར་ ཁྲོམ་བཀོད་ནི་འབདཝ་ད་ དབང་འཛིན་གཅིག་ལས་གཅིག་ལུ་ བཏང་ཐོག་ལས་ ལས་སྡེ་གིས་ ས་ཆ་ཁྲམ་བཀོད་ནིའི་དོན་ལུ་ འགོ་དང་པ་ སྤྱི་ལོ་༡༩༨༠ ལོ་གྲངས་ལུ་ རྫོང་བདག་བརྒྱུད་དེ་ ཞུ་ཡིག་བཙུགས་ཡོདཔ་ཨིན་རུང་ ད་ལྟོ་ཡང་ ཐོ་བཀོད་འབད་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ ཁྲོམ་དཔོན་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་དེ་ ལས་སྡེའི་མིང་ཐོག་ཁར་ ཁྲམ་མེད་པའི་ཁར་ ད་ལྟོ་ཚུན་ ས་ཁྲལ་དང་ གླ་འཐུས་ཚུ་ ལས་སྡེ་གིས་ གཞུང་ལུ་ བཏབ་བཏབ་མིན་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་གི་ ས་ཆ་དེ་ ལས་སྡེའི་མིང་ཐོག་ཁར་ ཁྲམ་ཡོདཔ་སྦེ་མནོ་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ས་ཆ་བསྐྱར་མཇལ་འབད་བའི་སྐབས་ ལྟ་ཞིབ་འབདཝ་ད་ ས་ཆ་དེ་ ལས་སྡེ་གིས་ སྤྱི་ལོ་༡༩༧༠ དོན་གྲངས་ལས་ར་ ལག་ལེན་འཐབ་ཡོད་རུང་ ཁྲམ་མེད་པར་ གཞུང་ས་སྦེ་ར་ སྡོད་ནུག་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ལས་སྡེ་ལུ་ ས་སྣུམ་བཀྲམ་སྤེལ་ཁང་དང་ ས་ཆ་དེ་ རིན་གོང་བཏོན་ཡོད་པའི་ རིན་དངུལ་སྤྲོད་དགོ་པའི་གནད་དོན་ཐོག་ གཞུང་གིས་གནང་ཡོད་པའི་ཁར་ རིན་གོང་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་ ཐོན་ཡོད་མི་དེ་ཡང་ ལས་སྡེ་གིས་ གཞུང་ལུ་ཕུལ་ཡོད་པའི་ ཡིག་ཆ་བཏོན་ནི་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་ཚུན་ ཁྲམ་མ་བཀོད་པར་ལུས་ཡོདཔ་ད་ ལས་སྡེ་གིས་ འགོ་དང་པ་ སྤྱི་ལོ་༡༩༨༠ དོན་གྲངས་ལུ་ ཁྲོམ་བཀོད་ནིའི་དོན་ལུ་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
སྙན་ཞུ་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ བཏང་ཡོདཔ་ད་ ལྷན་ཚོགས་ལས་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་སྡེ་གིས་ ས་ཆ་དེ་ ཁྲམ་བཀོད་དགོ་པ་ཅིན་ ཁྲིམས་ལུགས་དང་འཁྲིལ་ ས་ཁྲམ་མ་བཀོད་པའི་ཉེས་བྱ་དང་ ས་ཁྲལ་མ་བཏབ་པའི་ཉེས་བྱ་ཚུ་ ལས་སྡེ་ལུ་ ཕོག་དགོཔ་འོང་ཟེར་ཨིན་པས།
སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༣༠༠ དང་འཁྲིལ་བ་ཅིན་ ས་ཁྲམ་མ་བཀོད་པར་བཞག་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་དུ་ ཁྲིམས་ལས་འགལ་བའི་ ཉེས་བྱ་ཕོག་ཟེར་ཨིན་པས།
ས་འཇལ་སྤྱི་ཁྱབ་ ཨོ་རྒྱན་སྟག་ཆུ་གིས་ སླབ་མིའི་ནང་ ལས་སྡེ་དེ་གིས་ སྤྱི་ལོ་༡༩༨༥ དང་༡༩༨༦ དེ་ཅིག་ལུ་ རྫོང་ཁག་བརྒྱུད་དེ་ ས་ཁྲམ་བཀོད་ནིའི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ཡོད་རུང་ དེ་བསྒང་ ས་ཆ་ཉོ་བཙོང་དང་འབྲེལ་བའི་ ལམ་ལུགས་ཁ་གསལ་ཅིག་མེད་པར་ ལུས་སོ་ནུག་ཟེར་ཨིན་པས།
དེ་ལས་ སྤྱི་ལོ་༡༩༩༡ དང་༡༩༩༢ དེ་ཅིག་ལུ་ ས་ཆ་བསྐྱར་འཇལ་ལས་རིམ་ཅིག་ འགོ་བཙུགས་ཡོད་རུང་ དེ་བསྒང་ ལྷོ་མཚམས་ལས་ཕར་ ཉེན་སྲུང་གི་ གནས་སྟངས་ཐོན་མི་ལུ་བརྟེན་ ས་ཆ་བསྐྱར་འཇམ་འབད་ནི་དང་ ས་ཁྲམ་བཀོད་ནི་ཚུ་ མཚམས་འཇོག་འབད་དེ་ བཞག་དགོཔ་ཐོན་ནུག་ཟེར་ཨིན་པས།
དེ་འབདཝ་ད་ ད་རུང་ སྤྱི་ལོ་༡༩༩༥ དང་༡༩༩༦ དེ་ཅིག་ལུ་ ས་ཆ་བསྐྱར་འཇལ་ཚར་ཅིག་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༢ དེ་ཅིག་ལུ་ཡང་ ས་ཆ་བསྐྱར་འཇལ་ཅིག་ འབད་ནུག་ཟེར་ཨིནམ་ད་ ད་རུང་ ད་རེས་འཕྲལ་ཁམས་ རྒྱལ་ཡོངས་ཁྲོམ་སྡེའི་ས་ཆ་བསྐྱར་མཇལ་འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ དེ་སྐབས་ ལྷན་ཚོགས་ཀྱིས་ར་ ལས་སྡེ་དེ་ལུ་ ས་ཆ་དེ་དང་འབྲེལ་བའི་གནད་དོན་ཐོག་ སྙན་ཞུ་འབད་འོང་ཟེར་ཨིན་པས།
ས་ཆ་དེ་ དགེ་ལེགས་ཕུག་ཁྲོམ་གྱི་ ས་གནས་ཀྱི་འཆར་གཞི་ དང་པའི་ནང་ ཚུད་དོ་ཡོད་པའི་ཁར་ ལས་སྡེ་དེ་གིས་ ས་ཆ་དེ་ ཁྲམ་བཀོད་འབད་ནི་ཨིན་པ་ཅིན་ ད་ཚུན་ ས་ཁྲམ་མ་བཀོད་པར་བཞག་ཡོད་པའི་ ཉེས་བྱ་དང་ ཁྲལ་མ་བཏབ་པའི་ཉེས་བྱ་ཚུ་ ལམ་ལུགས་བསྟར་དུ་ ཕོག་ནི་ཨིནམ་ལས་ བཏབ་དགོཔ་འོང་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ས་ཆ་དེ་ གཞུང་བཞེས་འབད་ནི་འོང་ཟེར་བཤད་ཅི།
དེ་འབདཝ་ད་ ལས་སྡེ་གི་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆ་དེ་ ས་ཁྲམ་བཀོད་ནིའི་དོན་ལུ་ ལས་སྡེ་གིས་ བརྩོན་ཤུགས་བསྐྱེད་ཡོད་རུང་ ཁྲམ་བཀོད་འབད་མ་ཚུགསཔ་ལས་ ཁྲམ་མེད་པར་ ཁྲལ་བཏབ་རུང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་ལེན་པས་ཟེར་ བཤད་པའི་ཁར་ ས་ཁྲལ་མ་བཏབ་རུང་ ས་ཆ་དེ་དང་འབྲེལ་བའི་ ཞབས་ཏོག་གི་ཁྲལ་ཚུ་ ཁྲོམ་སྡེའི་ལམ་ལུགས་ལྟར་དུ་ ལོ་གྲངས་བཞིན་དུ་ བཏབ་ཅི་ཟེར་ཨིན་པས།
སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༡༡༨ དང་འཁྲིལཝ་ད་ ས་ཁྲམ་བཀོད་ཞིནམ་ལས་ཚུར་ སའི་ཇོ་བདག་གིས་ གཞུང་ལུ་ ས་ཁྲལ་ཕུལ་དགོཔ་ཨིན་པའི་ཁར་ དོན་ཚན་༢༢༤ དང་འཁྲིལཝ་ད་ སའི་ཇོ་བདག་གིས་ ལོ་༣ གྱི་རིང་ ས་ཁྲལ་མ་བཏབ་པ་ཅིན་ འབྲེལ་ཡོད་དབང་འཛིན་གྱིས་ ཇོ་བདག་དེ་ལུ་ ཁྲལ་ཚུ་ཚངམ་སྦེ་ བཏབ་དགོ་པའི་ ཉེན་བརྡ་འབད་དགོ་པའི་ཁར་ ཁྲལ་མ་བཏབ་པའི་ ཉེས་ཆད་ཡང་ བཀལ་ཆོག་ཟེར་ཨིན་པས།
དེ་སྦེ་ ཉེན་བརྡ་འབད་མི་དེ་ཡང་ ཁྲལ་མ་བཏབ་པ་ཅིན་ ས་ཆ་ལྷན་ཚོགས་ཀྱིས་ ས་ཆ་དེ་གི་ཁྲམ་ཆ་མེད་བཏང་ཐོག་ལས་ ས་གཞུང་བཞེས་འབད་ཆོག་པའི་ དབང་ཆ་ཡོདཔ་སྦེ་ བཅའ་ཁྲིམས་དེ་ནང་ བཀོད་ནུག།
སྤྱི་ལོ་༡༩༧༠ ལུ་ གཞུང་གིས་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་དེ་ སྒེར་སྡེ་ལུ་སྤྲོད་དེ་ བཀྲིས་ཚོང་ལས་སྡེ་ཚན་གྱིས་ ལེན་པའི་སྐབས་ དགེ་ལེགས་ཕུག་དང་གཅིག་ཁར་ གསར་སྤང་དང་ བསམ་གྲུབ་ལྗོངས་མཁར་གྱི་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ཡང་ ལེན་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་གྱི་ ས་སྣུམ་བཀྲམ་སྤེལ་ཁང་ཡོད་པའི་ས་ཆ་དེ་ ལས་སྡེའི་ མིང་ཐོག་ཁར་ ཁྲམ་བཀོད་ནུག་ཟེར་ཨིན་པས།
གསར་སྤང་གི་ གཞུང་ས་ནང་ཡོད་པའི་ ཧེ་མའི་ ས་སྣུམ་བཀྲམ་སྤེལ་ཁང་དེ་ ཉེན་སྲུང་དང་འབྲེལ་བའི་ གནད་དོན་རེ་ཐོན་མི་ལུ་བརྟེན་ ས་གནས་སྤོ་ཏེ་ ད་ལྟོ་ཡོད་སར་ གཞི་བཙུགས་འབད་ཡོདཔ་ད་ ད་ལྟོའི་ས་ཆ་དེ་ ལས་སྡེ་གི་ སྒེར་དབང་ས་ཆ་ཨིན་ཟེར་ པ་སངས་རྡོ་རྗེ་གིས་ སླབ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment