གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱིན་འགྲུལ་མ་ཐོབ་པའི་དཀའ་ངལ་ལུ་ ཐབས་ལམ་གྲོས་འཆར་སྙན་ཞུ།

༡༢/༡༠/༢༠༡༢   ༉ སྤྱི་ཟླ་༩ པའི་ཚེས་༥ ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ བློན་ཆེན་ངོ་ཚབ་ བློན་པོ་ཡེ་ཤེས་སྦྱིན་པ་དང་ཕྱད་ཐོག་ལས་ ད་རེས་ རྒྱལ་ཁབ་ནང་ སྐྱིན་འགྲུལ་མ་ཐོབ་པའི་དཀའ་ངལ་ལུ་ ཐབས་ལམ་གྱི་ གྲོས་འཆར་སྙན་ཞུ་ ཕུལ་ཡོདཔ་བཞིན་དུ་ དེ་ལུ་ གཞུང་གིས་ ངོས་ལེན་འབད་ནི་ཨིན་པས།



མ་གཞི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ སྐྱིན་འགྲུལ་མ་ཐོབ་པའི་ དཀའ་ངལ་དང་ དེ་ལུ་ གཞུང་གིས་ གློ་བུར་ཐབས་ལམ་བཏོན་མི་ཚུ་ལུ་བརྟེན་ སྒེར་སྡེ་ཚུ་ལུ་ གནོད་པ་ག་དེ་སྦེ་ར་ བྱུང་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་འཚོལ་ཅིག་འབད་ཡོདཔ་ལས་ ཁ་གསལ་གྱི་ ཐབས་ལམ་གྲོས་འཆར་ཅིག་ ཟླཝ་འདི་ནང་ གཞུང་ལུ་ཕུལ་ནི་ཨིན་པས།
ཞབས་ཏོག་ལྷན་ཁག་གི་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ གསུངས་མིའི་ནང་ ད་ལྟོ་ ཚོགས་སྡེ་གིས་ སྙན་ཞུ་ཚུ་ གཞུང་འབྲེལ་ཐོག་ གཞུང་ལུ་ བཙུགས་བཙུགསཔ་མེད་རུང་ དཀའ་ངལ་དེ་ ངེས་བདེན་སྦེ་ར་ བྱུང་སྟེ་ཡོདཔ་ལས་ གཞུང་གིས་ དེ་ལུ་ གཙོ་རིམ་བྱིན་ཐོག་ལས་ གསུང་གྲོས་གནང་ནི་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ལེན་ཐོག་ལས་ ཐབས་ལམ་བཏོན་ནིའི་ གཞི་རྩ་དེ་ལུ་ གཞུང་ལས་ ངོས་ལེན་སྦོམ་ཡོད་ཟེར་ཨིནམ་ད་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ཚུ་ ཧེ་མ་ཡང་ ལེན་ཏེ་ཡོདཔ་ལས་ གསརཔ་ཅིག་མེནམ་ད་ དཔེ་འབད་བ་ཅིན་ དར་ལ་གློག་མེ་ལས་འགུལ་གྱི་དོན་ལུ་ཡང་ ཕྱི་རྒྱལ་གྱི་སྐྱིན་འགྲུལ་ཚུ་ ལེན་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ དེ་བཟུམ་མའི་ཐབས་ལམ་ཚུ་ ག་དེ་སྦེ་ར་ བཏོན་ཚུགས་གའི་སྐོར་ལས་ དངུལ་རྩིས་ལྷན་ཁག་གིས་ ལེགས་ཤོམ་སྦེ་ ལྟ་བའི་བསྒང་ཡོད་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ གསུངས་ཡི།
ཨིན་རུང་ དཀའ་ངལ་དེ་ ད་རེས་ཁམས་ རྒྱལ་ཁབ་ནང་བྱུང་མི་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་དང་ ཅོག་འཐདཔ་ཨིནམ་ད་ དེ་བསྒང་ཡང་ རུ་པི་ཚུ་ སྒེར་སྡེ་རང་ར་སོ་སོ་གིས་ ཕྱིའི་རྒྱལ་ཁབ་ལས་ འཚོལ་མ་དགོ་པར་ གཞུང་གིས་ར་ འཚོལ་ཏེ་ ལོག་བཙུགས་དོ་བཟུམ་ཅིག་ཨིན་ཟེར་ བློན་པོ་གིས་ གསུངསམ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཁམས་ གཞུང་གིས་ ཅ་ཆས་ནང་འདྲེན་གྱི་དོན་ལུ་ ཁྲིམས་དོན་བསྒྱུར་བཅོས་འབད་མི་དང་འཁྲིལ་ ཅ་དམ་གྱི་ཁྱད་ཆོས་ཚང་མ་ཚུགསཔ་ལས་ ཕུན་ཚོགས་གླིང་ལུ་ ཅ་ཆས་འབག་མི་ སྣུམ་འཁོར་ཊཱག་དང་ ཌི་སི་ཨེམ་ ལེ་ཤ་ཅིག་ཐོགས་ལུས་མིའི་སྐོར་ལས་ཡང་ ལེགས་ཤོམ་སྦེ་ ལྟ་ནི་ཨིན་ཟེར་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ གསུངས་ཡི།
རེས་གཟའ་ལྷག་པ་ལུ་ སྣུམ་འཁོར་འགྲོ་འགྲུལ་འཐབ་ནི་ མེདཔ་བཟོ་མི་གིས་ སྒེར་སྡེའི་ཚོང་འབྲེལ་ལུ་ གནོད་པ་བྱུང་དོ་ཡོདཔ་སྦེ་ སྒེར་སྡེ་ཚུ་གིས་ ཉོགས་བཤད་བཀོད་མིའི་སྐོར་ལས་དྲིཝ་ད་ བློན་པོ་ཡེ་ཤེས་སྦྱིན་པ་གིས་ རྐང་འགྲུལ་པའི་ཉིནམ་དེ་ བྱ་སྟབས་བདེ་ཧིང་དང་འཁྲིལ་ བསྒྱུར་བཅོས་འབད་ཚུགས་ཟེར་ཨིན་པས།
འདས་པའི་རེས་གཟའ་སྤེན་པ་ལུ ཚོགས་སྡེ་གིས་ གཞུང་ལུ་་ཕུལ་མི་ སྙན་ཞུ་དེ་ནང་ གཙོ་བོ་ར་ སྒེར་སྡེ་ཚུ་གི་དོན་ལུ་ གཞུང་གིས་ ཕྱིའི་མ་དངུལ་སྐྱིན་འགྲུལ་ཚུ་འཚོལ་ཏེ་ དངུལ་ཁང་ཚུ་ནང་ བཙུགས་དགོ་པའི་སྐོར་ལས་ བཀོད་དེ་ཡོདཔ་ད་ དེ་ཡང་ སྒེར་སྡེ་དང་ དངུལ་ཁང་ཚུ་ ཁོང་ར་གིས་སྦེ་ ཕྱིའི་སྐྱིན་འགྲུལ་ཚུ་ ལེན་ཐབས་མེདཔ་ལས་ གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་བརྒྱུད་དེ་ སྐྱིན་འགྲུལ་ལེན་ནི་དེ་ ཐབས་ལམ་ཅིག་ཨིནམ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དེ་ནང་ འབྲུག་རྒྱུ་ནོར་གཞི་བཟུང་གི་ཁ་ཐུག་ལས་ ད་རེས་ གཞི་བཟུང་གིས་ འགོ་འདྲེན་འཐབ་དོ་ཡོད་མི་ ལས་འགུལ་སྦོམ་ཚུ་གི་དོན་ལུ་ གཞུང་གིས་ ཕྱི་རྒྱལ་གྱི་ སྐྱིན་འགྲུལ་ལེན་གནང་པ་ཅིན་ གཞི་བཟུང་གིས་ དངུལ་ཁང་ནང་ལས་ དངུལ་བཏོན་དགོཔ་མེདཔ་ལས་ ཏི་རུ་མ་ལང་པའི་ དཀའ་ངལ་བྱུང་དགོཔ་མེད་ཟེར་བཀོད་ནུག།
འབྲུག་རྒྱུ་ནོར་གཞི་བཟུང་གིས་ འགོ་འདྲེན་འཐབ་མི་ དར་དཀར་ཆུ་གློག་མེ་ལས་འགུལ་དང་ གདུང་བསམ་རྩི་ས་ལས་འགུལ་༢ ཀྱི་དོན་ལུ་ རྒྱལ་ཁབ་ཀྱི་དངུལ་ཁང་ཚུ་གིས་ ཟད་འགྲོ་སྦོམ་བཏང་མི་ལུ་བརྟེན་ དངུལ་གསོག་འཇོག་ཚུ་ རྒྱ་ཆེ་དྲགས་སྦེ་ མར་འབབས་སོང་ཡོདཔ་ཨིན་པས།
ད་རེས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ སྒེར་སྡེ་ཚུ་གིས་ ཕྱིའི་སྐྱིན་འགྲུལ་ལེན་ནིའི་དོན་ལུ་ གཞུང་གིས་ གན་ལེན་མི་འབད་དོ་ཡོདཔ་ལས་ གལ་སྲིད་གཞུང་གིས་ གན་ལེན་འབད་བ་ཅིན་ སྒེར་གྱི་ལས་སྡེ་ཆེ་བ་ཚུ་གིས་ ཕྱིའི་སྐྱིན་འགྲུལ་ ལེན་ཚུགས་ནི་ཨིནམ་བཞིན་དུ་ རྒྱལ་ཁབ་ཀྱི་དངུལ་ཁང་ནང་ཡོད་པའི་ཏི་རུ་ཚུ་ སྒེར་སྡེ་ཆུང་བ་ཚུ་གིས་ འཐོབ་ཚུགས་ནི་ཨིནམ་སྦེ་ སྙན་ཞུའི་ནང་ བཀོད་ནུག།
ད་རེས་ཀྱི་གནས་སྟངས་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ནང་ དངུལ་ཁང་ཐེབས་ གཞི་བཙུགས་འབད་ནི་ཚུ་ བཀག་ཆ་འབད་དེ་ཡོདཔ་ལས་ ག་དེམ་ཅིག་སྦེ་ བཀག་ཆ་མ་འབད་བ་ཅིན་ དངུལ་ཁང་མངམ་སྦེ་ཐོན་པའི་སྐབས་ གསོག་འཇོག་གི་དངུལ་ཚུ་ཡང་ མང་སུ་འཐོན་ནི་ཨིནམ་སྦེ་ སྒེར་སྡེ་ཚུ་གི་ སྙན་ཞུ་ནང་བཀོད་ནུག།
དེ་བཟུམ་སྦེ་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ཚུ་གིས་ དཔལ་འབྱོར་གྱི་ལས་སྣ་ཚུ་ དོན་སྨིན་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ སྣུམ་འཁོར་དང་ འཕྲུལ་ཆས་སྦོམ་ཉོ་ནི་ཚུ་ བཀག་ཆ་འབད་མི་དེ་ཡང་ སྒོ་ཡངས་དྲགས་བཟོ་དགོཔ་ད་ ད་རེས་ གཞུང་གིས་བཏོན་མི་ གློ་བུར་ཐབས་ལམ་ཚུ་ལུ་ཡང་ ལོག་གཟིགས་ཞིབ་གནང་དགོཔ་སྦེ་ བཀོད་ཡོད་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment