གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནོར་ཨརཝ་རྐུ་མི་༢ འཛིན་བཟུང་འབད་ཡོདཔ།

༡༡/༡༠/༡༢། ༉ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ སྤ་རོ་ཟླ་བ་ཁའི་གཡུས་ཚན་ནང་ལས་ བ་དང་གླང་ཨར་རྐུན་འབད་མི་ཕོ་སྐྱེས་གཉིས་ བྱོལ་སོང་མི་དེ་ ཁ་ཙ་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ ཐིམ་ཕུ་རམ་ཏོག་ཏོ་དང་ བྱེ་མེད་ནང་ལས་ འཛིན་བཟུང་འབད་དེ་ སྤ་རོ་ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།སྤྱི་ཟླ་༡༠ པའི་ཚེས་༦ གི་ དྲོ་པ་ཁམས་ཅིག་ཁར་ ཐིམ་ཕུ་སྒྱིད་དར་གོངམ་ལས་ཨིན་ཟེར་མི་ ཕོ་སྐྱེས་གཉིས་ཀྱིས་ སྤ་རོ་ཟླ་བ་ཁའི་གཡུས་ཚན་ནང་ལས་ བ་དང་གླང་གཉིས་ཨརཝ་རྐུ་ཞིནམ་ལས་ བ་དེ་བསད་ཡོདཔ་ཨིན་པས།
རྡོ་གར་རྒེད་འོག་ལས་ སྐྱེས་ལོ་༥༠ ལང་མི་ ཨམ་དབང་མོ་གིས་འབད་བ་ཅིན་ མོ་གི་ནོར་ཚུ་ས་གནས་ག་ཏེ་ལས་བཟུང་སྟེ་ ཨརཝ་བརྐུ་བསད་ཡོདཔ་ཨིན་ན་ཏན་ཏན་མ་ཤེས་ཟེར་ཨིན་མས།
རྡོ་གར་རྒཔོ་ ལྷགཔ་ཚེ་རིང་གིས་སླབ་མིའི་ནང་ ཁོ་གི་རྒེད་འོག་གི་ གཡུས་ཚན་ཚུ་ནང་ བ་དང་གླང་ཚུ་བྱང་སྟོར་ཞུགས་པའི་སྐོར་ལས་ ཧེ་མ་ལས་ འུར་བྱེལཝ་འཐབ་སྟེ་ར་ཡོད་ཟེར་ཨིན་མས།
ད་ལྟོ་ཚུན་ཚོད་ མི་གིས་ ནོར་ཨརཝ་བརྐུ་བའི་དོགས་པ་མེད་མི་ལུ་བརྟེན་ གཡུས་ཁའི་མི་ཚུ་གིས་ ཉིནམ་དག་པ་རེ་ རི་བཤལ་རྐྱབ་སྟེ་འཚོལ་ནི་དང་ འཚོལ་མ་འཐོབ་སྟེ་འབད་རུང་ གཅན་གཟན་ཚུ་གིས་ བཟའ་བའི་མནོ་བསམ་མ་གཏོགས་ མི་གཞན་གྱིས་ཨརཝ་བརྐུ་བའི་དོགས་པ་ལུ་ སྙན་ཞུ་འབད་ནི་མེད་ཟེར་ཨིན་མས།
བ་དང་གླང་ཚུ་བྱང་ནི་དེ་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཡོད་པའི་ཁར་ ནོར་ཨརཝ་བརྐུ་མི་གཉིས་ འཛིན་བཟུང་འབད་ཞིནམ་ལས་ གཡུས་ཁའི་མི་ཚུ་གིས་ ཧེ་མ་བྱང་སྟོར་ཤོར་མི་ཚུ་ཡང་ ཁོང་གིས་ར་ ཨརཝ་བརྐུ་སྟེ་བསད་བསདཔ་འོང་ནི་མས་ཟེར་ཨིན་པས།
ཁ་ཙ་རྒཔོ་གི་ཡིག་ཚང་ནང་ ནོར་གྱི་ཇོ་བདག་༣ གྱིས་ ཧེ་མ་ ཁོང་གི་ བ་དང་གླང་བསྡོམས་ཏེ་ ནོར་༧ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ སྙན་ཞུ་བཙུགས་པའི་ཁར་ ཨརཝ་བརྐུ་མི་ཡང་ ཁ་ཙ་འཛིན་བཟུང་འབད་མིའི་མི་གཉིསཔོ་འདི་ལུ་ར་ དོགས་པ་ཆགསཔ་ཨིན་མས།
ཐིམ་ཕུའི་འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་འགོ་འཛིན་པ་ པར་ཀཤི་ཏ་མཱང་གིས་སླབ་མིའི་ནང་ མི་ཚུ་གིས་ ཤ་བཙོང་པ་འོངམ་ད་ ཤ་ཁང་ནང་སྡོད་མི་ཚུ་གིས་ ཤའི་སྐོར་ལས་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དགོ་ཟེར་ཨིན་མས།
ཤ་ཁང་གི་ཇོ་བདག་གིས་ དྲི་དཔྱད་མ་འབད་བར་ ཤ་ཉོ་ཡོདཔ་ལས་ ཁོང་ལུ་ཡང་ ཉེས་བྱ་ཕོག་འོང་ཟེར་ ཁོ་གིས་སླབ་ཨིན་མས།
ཤ་ཚུ་ཁ་ཙ་ལས་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ འཕྱོག་བཟུང་འབད་དེ་ མེ་མེ་ལ་ཁ་ བཀོ་བ་འབག་སོང་ཡོདཔ་ཨིན་པའི་གནས་ཚུལ། 

ནོར་འཛིན་ལྷ་མོ།

No comments:

Post a Comment