| འབྲུག་དང་ བང་ལ་དེཤ་གི་བར་ན་ རྩེད་འགྲན་འབད་བའི་བསྒང་། |
དྲོ་པའི་རྩེད་འགྲན་ནང་ འབྲུག་པའི་སྡེ་ཚན་གྱིས་ རྒྱ་གར་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ རྒྱ་གར་གྱིས་ གཱོལ་༣ བཙུགས་ཡོདཔ་མ་ཚད་ བར་མཚམས་ལས་ ད་རུང་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
དེ་བཟུམ་སྦེ་ ཉིན་མའི་ལྟོ་ཟ་ཞིནམ་ལས་ འབྲུག་དང་ བང་ལ་དེཤི་གི་བར་ན་ རྩེད་འགྲན་འབདཝ་ད་ བང་ལ་དེཤ་གིས་ གཱོལ་༥ བཙུགས་ཏེ་ ཕམ་བཏངམ་ད་ འབྲུག་གིས་ གཱོལ་༡ ཡང་ བཙུགས་མ་ཚུགས།
འབྲུག་པའི་སྡེ་ཚན་གྱི་ སློབ་སྟོན་པ་ ཨོ་ཧ་ར་ ཀ་ཟུ་མནོ་རི་གིས་ སླབ་མི་དང་འཁྲིལཝ་ད་ འབྲུག་པའི་སྡེ་ཚན་ ཕམ་བཏང་མི་དེ་ལུ་ སེམས་ཕམ་དགོཔ་མེད་མི་དེ་ཡང་ འབྲུག་པའི་ ན་གཞོན་ཚུ་ ཕུཊ་བཱོལ་རྩེད་ནིའི་ཁྱད་རིག་དང་ རིག་རྩལ་ ལྕོགས་གྲུབ་ དེ་ལས་ ཡོན་ཏན་ཚུ་ ལེགས་ཤོམ་ཡོད་རུང་ གཞན་དང་ཕྱདཔ་ད་ གཟུགས་སྟོབས་མེད་ནི་དེ་གིས་ དོ་འགྲན་འབད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ད་རིས་ ཇ་པཱན་ཏོ་ཀི་ནོ་སུ་མི་ཀའི་ ཕུཊ་བཱོལ་རྩེད་ཐང་ནང རྩེད་འགྲན་མཇུག་དེ་ འབྲུག་དང་ ཨཱཕ་ག་ནིསི་ཊཱན་ བང་ལ་དེཤ་དང་ རྒྱ་གར་ མལ་དིབསི་དང་ པ་ཀིསི་ཊཱན་ དེ་ལས་ ནེ་པཱལ་དང་ ཤྲི་ལངྐའི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།
ཇ་པཱན་ལས་ བཀྲིས་ཕུན་ཚོགས།
No comments:
Post a Comment