གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཅིག་གིས་ ཨེ་མི་རི་ཀ་ལུ་ རྐང་འཁོར་རྒྱུག་འགྲན་ནང་ དྲག་ཤོས་ཐོན་ཡོདཔ།

ལ་བཤལ་རྐང་འཁོར་རྒྱུག་འགྲན་ནང་ 
ཨང་༡༡ པ་ཐོན་མི་ བསོད་ནམས་ཚེ་རིང་།
 ༡༢/༡༠/༡༢། ༉ ཨེ་མི་རི་ཀ་ལུ་ ལ་བཤལ་རྐང་འཁོར་རྒྱུག་འགྲན་ནང་ བཅའ་མར་གཏོགས་མི་༡,༤༠༠ དེ་ཅིག་ ཡོད་མི་ཚུ་གི་གྲས་ཁར་ འབྲུག་ལས་ རྐང་འཁོར་གཏང་མི་ དྲག་ཤོས་ཅིག་ཨིན་མི་ བསོད་ནམས་ཚེ་རིང་གིས་ ཨང་༡༡ པ་ ཐོན་ཡོདཔ་ཨིན་པས།

ན་ཧིང་ ཊོར་ཨོཕ་ཌའི་གཱོན་ཟེར་མི་ རྐང་འཁོར་རྒྱུག་འགྲན་ནང་ ཨང་དང་པ་ཐོན་མི་ བསོད་ནམས་ཚེ་རིང་གིས་ དུས་ཡུན་ཆུ་ཚོད་༢༤ གི་དོན་ལུ་ འཐུས་མི་༤ འབད་མི་ སྡེ་ཚན་ཐོག་གི་ ལ་བཤལ་རྐང་འཁོར་རྒྱུག་འགྲན་ནང་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྡེ་ཚན་རྒྱུག་འགྲན་ནང་ བཅའ་མར་གཏོགས་མི་༡༨༠ དེ་ཅིག་ཡོད་པའི་གྲས་ལས་ ཁོ་གི་སྡེ་ཚན་གྱིས་ ཨང་༣ པ་ ཐོན་ཡོདཔ་ཨིན་པས།
བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ཁོ་གིས་ དེ་བཟུམ་སྦེ་ རྒྱལ་སྤྱིའི་གནས་ཚད་ཐོག་གི་ འགྲན་བསྡུར་ནང་ དྲག་ཤོས་ཐོན་ཚུགས་མི་དེ་ལུ་ ངལ་རངས་དང་ དགའ་སྤྲོ་སྦོམ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ སྡེ་ཚན་གྱི་འཐུས་མི་ ཆ་མཉམ་གྱི་ མཉམ་འབྲེལ་ལུ་བརྟེན་ཨིན་པའི་ཁར་ ག་ར་གིས་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ངལ་མ་འཚོ་བར་ བརྩོན་ཤུགས་བསྐྱེད་དེ་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིན་ཟེར་ ཁོ་རའི་སྡེ་ཚན་གྱི་ འཐུས་མི་ཚུ་ལུ་ཡང་ ངལ་རངས་བསྐྱེདཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ ངོ་རྐྱང་གི་རྒྱུག་འགྲན་ནང་ ཨང་༡༡ པ་ཐོན་མི་དེ་ ཨ་རྟག་ར་ རྐང་འཁོར་སྦྱང་བ་འབད་དེ་ རྐང་འཁོར་གྱི་ལུས་སྦྱོང་ལུ་ སྤྲོ་བ་བསྐྱེད་དེ་ བརྩོད་ཤུགས་བསྐྱེད་པའི་ཁར་ ཁོ་རའི་ རྐང་འཁོར་གཏང་ནིའི་ རིག་རྩལ་ལུ་ ཡིད་ཆེས་ཡོད་མི་ལུ་བརྟེན་ གྲུབ་འབྲས་ཡང་ ལེགས་ཤོམ་བྱུང་ཡི་ཟེར་ཨིན་པས།
བསོད་ནམས་ཚེ་རིང་གིས་ འབྲུག་ལུ་ཡང་ ན་ཧིང་གི་ ཊོར་ཨོཕ་ཌའི་གཱོན་ཟེར་མི་ རྐང་འཁོར་རྒྱུག་འགྲན་ནང་ ཨང་དང་པ་ ཐོན་ཡོདཔ་མ་ཚད་ ཧཱ་ལུ་ གནམ་བྱཱར་གྱི་ དུས་སྟོན་སྐབས་ རྐང་འཁོར་རྒྱུག་འགྲན་ནང་ཡང་ ཨང་དང་པ་ཐོན་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་ལུ་ རྐང་འཁོར་རྒྱུག་འགྲན་འབད་མི་དང་ཕྱདཔ་ད་ ཨེ་མི་རི་ཀ་གི་ མཱོབ་ལུ་ འགོ་འདྲེན་འཐབ་མི་ ལ་བཤལ་རྐང་འཁོར་དེ་ནང་ དོ་འགྲན་སྦོམ་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ འབྲུག་ལུ་རྒྱུག་འགྲན་འབད་མི་དེ་ སྣུམ་འཁོར་ལམ་བདའ་སྟེ་ ས་ཁ་མཐོ་ས་ལས་ཕར་ཨིན་རུང་ མཱོབ་ལུ་ བྱེམ་གི་གངས་དང་ གཤོང་ཚུ་ནང་ལས་ཕར་ ཚ་དྲོད་ནང་ རྒྱུག་འགྲན་འབད་དགོཔ་ལས་ དོ་འགྲན་སྦོམ་བྱུང་ཡི་ཟེར་ཨིན་པས།
བསོད་ནམས་ཚེ་རིང་གིས་ འབྲུག་ལུ་ རྐང་འཁོར་ཚོང་ཁང་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ ཁོ་གིས་ ཨེ་མི་རི་ཀ་ལུ་ རྒྱུག་འགྲན་ནང་ བཅའ་མར་གཏོགས་མི་དེ་ འབྲུག་ལུ་ རྐང་འཁོར་ལྟ་བཤལ་པ་༢ འོང་མི་ཚུ་གིས་ རྒྱུག་འགྲན་དེ་ནང་ བཅའ་མར་གཏོགས་པར་ འོང་དགོ་པའི་ མགྲོན་བརྡ་འབད་མི་ལུ་བརྟེན་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
དེ་མ་ཚད་ ཨེ་མི་རི་ཀ་ལུ་ ཁོ་གིས་ ན་གཞོན་སྐྱེལ་ལོ་༩ དང་༡༥ འི་བར་ན་འབད་མི་ཚུ་ལུ་ ལ་བཤལ་རྐང་འཁོར་སློབ་སྟོན་པ་འབད་ཡོདཔ་ད་ ཁོ་གིས་ འབྲུག་ལུ་ཡང་ དེ་བཟུམ་མའི་ རྐང་འཁོར་སློབ་སྟོན་གྱི་ལས་རིམ་ཚུ་ གཞི་བཙུགས་འབད་ནིའི་ རེ་བ་ཡོདཔ་ཨིན་རུང་ ཟད་འགྲོ་སྦོམ་གནས་ནི་ཨིནམ་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཐོག་ལས་ བརྩོན་ཤུགས་བསྐྱེད་ནི་ཟེར་ སླབ་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment