གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མིང་མེད་པའི་ཡི་གུ་ སྒྲུབ་བྱེད་གསརཔ་སྦེ་ ཕུལ་མི་ལུ་ ངོས་ལེན་མེདཔ།

༡/༣/༢༠༡༣   མངོན་མཐོ་ཁྲིམས་འདུན་ནང་ཡང་ དྲང་དཔོན་ཚུ་གི་ ནང་འཁོད་ལུ་ བསམ་འཆར་ཐ་དད་སོང་བའི་ ལོ་རྒྱུས་ཡོདཔ།
༉ ཐིམ་ཕུ་གླ་འཁོར་བཞག་སའི་ ས་ཁོངས་བདག་དབང་གི་སྐོར་ལས་ མ་འགྲིགས་པར་ གཞུང་དང་སྒེར་གྱི་ཚོང་སྡེའི་བར་ན་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ ལྷོད་མི་དེ་ནང་ སྒྲུབ་བྱེད་གསརཔ་ཅིག་ ཕུལ་མི་དེ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་མ་བཏུབ་ཨིན་པས།


དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ མིང་མེད་པའི་ ཡི་གུ་ཅིག་ སྒྲུབ་བྱེད་སྦེ་ ཕུལ་ཡོདཔ་བཞིན་དུ་ ཡི་གུ་དེ་ནང་ བཀྲིས་ཚོང་འབྲེལ་ལས་སྡེ་ལུ་ ཚུལ་མིན་གྱི་སྒོ་ལས་ ས་ཐེབས་ཁྲམ་མར་བཀོད་བྱིན་མི་ ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཅིག་ལུ་ དངུལ་ཀྲམ་ས་ཡ་༣.༢ ནང་གསུག་རྐྱབ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་པས།
ཨིན་རུང་ ཡི་གུ་དེ་ མིང་མེད་མི་ཅིག་གིས་ འགོ་དཔོན་ལུ་ ཁ་ཉེས་བཀལ་ཏེ་ བྲིས་ཡོདཔ་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ ཁྲིམས་མཐུན་ཨིན་པའི་ ངོས་ལེན་འབད་ཐབས་མ་བྱུང་ཟེར་ དྲང་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་མ་ཚད་ ཁྲིམས་འདུན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༥ འི་འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་དང་འཁྲིལ་རུང་ མཐོ་གཏུགས་ཁྲིམས་འདུན་ལུ་ སྒྲུབ་བྱེད་གསརཔ་ངོས་ལེན་འབད་མ་ཆོགཔ་སྦེ་ཡོད་ཟེར་ཨིན་པས།
མིང་མེད་ཁ་ཉེས་ཡི་གུ་དེ་ ཐིམ་ཕུའི་ཁྲོམ་དཔོན་གྱི་ ཁ་བྱང་ཐོག་ལུ་ བསྐྱལ་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་ལུ་ གཞུང་གི་ཧོངས་ལས་ སྒྲུབ་བྱེད་སྦེ་ བཙུགས་ནིའི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ སྤྱི་ཟླ་༣ པའི་བདུན་ཕྲག་དང་པའི་ནང་ གཞུང་འབྲེལ་ལྟ་སྐོར་ལུ་ ཨཱསི་ཊེ་ལི་ཡ་ལུ་ འགྱོ་དོ་ཡོདཔ་ལས་ རྩོད་དོན་དེ་གི་ རྩོད་བཤེར་བྱ་རིམ་དེ་ དུམ་གྲ་ཅིག་ ཕྱིས་འོང་ཟེར་ཨིན་པས།
འདི་འབདཝ་ད་ ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ མངོན་མཐོ་ཁྲིམས་འདུན་ནང་ཡང་ ཆེ་མཐོ་ཁྲིམས་འདུན་གྱི དྲང་དཔོན་ཚུ་བཟུམ་སྦེ་ མངོན་མཐོ་ཁྲིམས་ཀྱི་ དྲང་དཔོན་ཚུ་གི་ ནང་འཁོད་ལུ་ཡང་ རྩོད་དོན་དེ་གི་སྐོར་ འཁོན་འཆམ་མ་ཚུགས་པར་ བསམ་འཆར་ཐ་དད་སོང་ནུག་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་བདག་དབང་དེ་ བཀྲིས་ཚོང་འབྲེལ་ལས་སྡེ་ལུ་ཡོད་པའི་ གྲོས་ཆོད་བཏོན་མི་ལུ་ ཁེ་རྒུད་མ་བཏུབ་པར་ གཞུང་གི་ཁ་ཐུག་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཞབས་ཏོག་ལྷན་ཁག་ དེ་ལས་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་༣ གྱིས་ མཉམ་འབྲེལ་ཐོག་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་༤ གི་བར་ན་ འཁོན་འཆམ་མ་ཚུགས་པར་ དྲང་དཔོན་གཉིས་རེ་སྦེ་ ཁག་དབྱེ་སོང་པའི་མཐའ་མར་ འཁྲུན་ཆོད་ཐ་དད་སོང་མི་ལུ་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ ཧེ་མའི་ འཁྲུན་ཆོད་གུ་ ཆ་གནས་འབད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པའི་དྲང་དཔོན་ ནོར་བུ་ཚེ་རིང་དང་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་༢ ཀྱིས་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༤ པ་དང་ སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་གཉིས་ཀྱིས་གནང་མི་ འཁྲུན་ཆོད་ཚུ་ལུ་ གཞི་འཛིན་ཐོག་ བསྒྱུར་བཅོས་མེད་པར་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོད་པའི་ ངོས་ལེན་འབད་ཡོད་རུང་ ཁྲིམས་ཁྲི་དང་པའི་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་དང་ དྲང་དཔོན་ཚེ་རིང་རྣམ་རྒྱལ་༢ ལས་ ངོས་ལེན་མེད་པར་ གདོང་ལེན་ཐོག་ ཕྱིར་འབུད་ཀྱི་ འཁྲུན་ཆོད་བཏོན་ནུག།
གཞུང་གིས་ མཐོ་གཏུགས་འབད་དགོ་པའི་ གནད་དོན་ཅིག་ བཀྲིས་ཚོང་འབྲེལ་གྱི་ མིང་ཐོག་ཁར་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་དང་ དེ་གི་རྒྱབ་ཁར་ སྡོད་གནས་ས་ཁོངས་ནང་ཡོད་པའི་ ས་ཚན་ཨང་ཨའི་-༢༢ དང་ ཨེལ་-༡ དེ་ སྤྱི་ལོ་༡༩༨༤ ལུ་ ཚུལ་མིན་གྱི་སྒོ་ལས་ གཅིག་ཁར་བསྡབས་ཡོད་རུང་ བཀྲིས་ཀྱིས་ ས་ཚན་ཁག་གཉིས་ སོ་སོར་ཡོད་པའི་ ཐོབ་བརྗོད་བཀོད་མི་ལུ་ ཁྲིམས་འདུན་གྱིས་ ངོས་ལེན་འབད་མི་ལུ་བརྟེན་ཨིན་པས།
ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ ས་ཚན་ཨང་ཨའི་-༢༢ འབད་མི་དེ་ ད་ལྟོ་ མར་ཁུ་བཀྲམ་སྤེལ་ཁང་གི་ རྒྱབ་ཁར་རྐྱབ་ཡོད་མི་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་ ཡིག་ཚང་དང་ སྡོད་གནས་ཁང་གི་ ས་ཁོངས་ཨིནམ་སྦེ་ སླབ་ཨིན་རུང་ བཀྲིས་ཀྱིས་འབད་བ་ཅིན་ ད་ལྟོའི་ གླ་འཁོར་བཞག་སའི་ ས་ཁོངས་དེ་ ས་ཚན་ཨང་ཨའི་-༢༢ ནང་ཚུདཔ་ཨིན་ཟེར་ཨིན་པས།
དེ་འབདཝ་ད་ གྲངས་མང་ཁྲིའི་འཁྲུན་ཆོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༡༩༧༣ ཟླཝ་༨ པའི་ཚེས་༡༠ ལུ་ ཁྲོམ་དཔོན་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ ཆ་གནས་ཅན་གྱི་ ཡིག་ཐོག་གན་རྒྱ་བཟོ་ཐོག་ལས་ ས་ཚན་ཨང་ཨའི་-༢༢ འོག་ལུ་ ས་ཆ་གྲུ་བཞི་ཕིཊ་༢༡,༧༥༠ ཉོ་བཙོང་འཐབ་ཡོདཔ་བཞིན་དུ་ ས་ཚན་ཨང་ཨེལ་-༡ པའི་ནང་ ས་ཆ་ཕིཊ་གྲུ་བཞི་༥༣,༧༠༨ དང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ བཅས་ ས་ཁག་གཉིསཔོ་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱིས་ བདག་དབང་འཛིན་ཆོག་པའི་ ལག་ཁྲམ་སོ་སོར་ སྤྲོད་མི་དང་འཁྲིལ་  ས་ཁྲལ་ཚུ་ ཕུལ་ནུག་ཟེར་ཨིན་པས།
ས་ཚན་ཨང་ཨེལ་-༡ དང་ཨའི་-༢༢ ཅན་མ་ ས་ཁག་གཉིསཔོ་དེ་ ས་ཁྲམ་སོ་སོར་བཀོད་དེ་ བཀྲིས་ཚོང་འབྲེལ་ལུ་ སྤྲོད་ཡོད་པའི་ཁར་ ས་ཚན་ཨང་ཨེལ་-༡ ཅན་མའི་ནང་ སའི་རྒྱ་ཚད་ཕིཊ་གྲུ་བཞི་༡༦,༨༠༠+༣༦,༩༠༨ འབདཝ་ད་ ཕིཊ་གྲུ་བཞི་༥༣,༧༠༨ འབད་མི་ ཁག་༡ དང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ འབད་མི་ཁག་༡ འབདཝ་ད་ ས་ཁག་གཉིས་ལུ་ ཌིསི་ཁ་གྲངས་དང་བསྟུན་པའི་ ས་ཁྲལ་ཚུ་ཡང་ སྤྱི་ལོ་༢༠༠༦ ཚུན་ གཞུང་རྩིས་ནང་ ཕུལ་ཡོད་པའི་ དངོས་འབྲེལ་གྱི་ སྒྲུབ་བྱེད་མངོན་གསལ་བྱུང་ཡི་ཟེར་ གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ནང་བཀོད་ནུག།
ཨིན་རུང་ ཕྱིར་འབུད་ཀྱི་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ སྤྱི་ལོ་༡༩༧༣ གྱི་ ས་ཆའི་བདག་དབང་དང་འཁྲིལཝ་ད་ ས་ཚན་ཨང་ཨེལ་-༡ དང་ཨའི་-༢༢ ཅན་མ་གཉིས་བསྡོམས་ཏེ་ ས་ཆ་ཡོངས་བསྡོམས་ཕིཊ་གྲུ་བཞི་༣༨,༥༥༠ འམ་ ཌིསི་༨༩.༤༩༨ ལས་བརྒལ་མེདཔ་ལས་ ས་ཚན་ཨང་ཨེལ་-༡ རྐྱངམ་གཅིག་གི་ ས་རྒྱ་ཕིཊ་གྲུ་བཞི་༥༣,༧༠༨ འབདཝ་ད་ ཨེ་ཀར་༡.༢༢ ཡར་སེང་སོང་མི་དེ་ སྤྱི་ལོ་༡༩༨༤ ལུ་ ས་ཆ་བསྐྱར་འཇལ་སྐབས་ ཁྲོམ་གྱི་འཆར་གཞི་ཚོགས་ཆུང་གིས་ སའི་བཅའ་ཁྲིམས་དང་མ་འཁྲིལ་བར་ ས་ཐེབས་སྤྲོད་པའི་ཁར་ ས་མཚམས་རྡོ་མཚམས་མེད་པའི་ ས་ཆ་ལས་ཡང་ ས་ཐེབས་བཏོན་ཏེ་ ཚུལ་མིན་ཐོག་ ཁྲ་མར་བཀོད་མི་དེ་ སྤྱི་ལོ་ ༡༩༩༢ ལུ་ ཚོགས་ཆུང་གི་ཁྲི་འཛིན་བགྲེསཔ་ ལྷ་ཕྲུག་དབང་ཕྱུག་གིས་ སའི་བདག་དབང་གི་ ལག་ཁྲམ་/ལག་ཁྱེར་སྤྲོད་ནུག་ཟེར་བཀོད་ནུག།
བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་མིང་ཐོག་ ཁྲིམས་དང་མ་མཐུན་པར་བཀོད་པའི་ ས་ཐེབས་དང་ གཞུང་ས་ལས་ ཐོབ་བརྗོད་བཀོད་མི་དེ་ སྤྱི་ལོ་༡༩༧༣ ལས་ ས་ཚན་ཨང་ཨེལ་-༡ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༡༦,༨༠༠ དང་ ས་ཚན་ཨང་ཨའི་-༢༢ ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ ཅན་མ་དེ་ རང་དབང་བདག་ཏུ་བཟུང་སྟེ་ རང་སོའི་བདག་དབང་སྤྱོད་པའི་ གཏན་འཇགས་ཀྱི་ས་མཚམས་ རྩིག་རྡོ་དང་ལྕགས་ཀྱི་ར་བ་བསྒོར་ཏེ་ ལག་ལེན་འཐབ་མི་དེ་ མི་རྣམས་ཀུན་གྱི་ མཐོང་ས་ཡོད་པའི་ཁར་ ད་ལྟོ་ཡོད་མི་ མི་མང་གླ་འཁོར་བཞག་སའི་ ས་ཁོངས་འདི་ གཞུང་ས་ངེས་ཏིག་ཨིན་པའི་ སྒྲུབ་བྱེད་བྱུངམ་ལས་ ལག་ཁྲམ་ཡང་ ཁྲིམས་མཐུན་ཨིན་པའི་ ཆ་བཞག་འབད་ཐབས་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁྱུ་འབུད་འཁྲུན་ཆོད་ནང་བཀོད་ནུག།
སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ ཀྱིས་ཡང་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཟུང་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་དེ་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོདཔ་སྦེ་ གྲོས་ཆོད་བཏོན་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ སྤྱི་ཟླ་༨ ཚེས་༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ རྩོད་དོན་དེ་ བསྐྱར་ཞིབ་ཐོག་ འཁྲུན་ཆོད་གནང་ནིའི་དོན་ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་བརྒྱུད་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment