གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་བཙུན་རྣམ་༢ ལུ་ གུས་བཏུད་ཞུ་ནིའི་དོན་ལས་ ཅེ་རི་ཤིང་གི་ལྕངམ་ཚུ་ ཕུལ་ཡོདཔ།

༡/༣/༢༠༡༣   ༉ ཇ་པཱན་གྱི་བྱང་ཕྱོགས་ ཕུ་ཀུ་ཤི་མ་མངའ་སྡེའི་ མི་ཧ་རུ་ཁྲོམ་སྡེ་ལས་ ཁྲོམ་སྡེའི་སྤྱི་ཁྱབ་ཀྱིས་ འགོ་ཁྲིད་འབད་དེ་ འཐུས་མི་༦ འབད་མི་ སྡེ་ཚན་ཅིག་གིས་ འབྲུག་ལུ་ ཉིན་གྲངས་༡༠ གྱི་རིང་ ལྟ་སྐོར་འབད་ནིའི་དོན་ལུ་ སྤྱི་ཟླ་༢ པའི་ཚེས་༢༤ ལུ་ ལྷོད་ཡོདཔ་ཨིན་པས།
མཛེས་ཆ་དང་ལྡན་པའི་ ཅེ་རི་ཤིང་།


འཐུས་མི་སྡེ་ཚན་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ གུས་བཏུད་ཞུ་ནིའི་དོན་ལས་ མཛེས་ཆ་ལྡན་པའི་ ཅེ་རི་ཤིང་གི་ལྕངམ་ཚུ་ ཕུལ་ཡོདཔ་ཨིན་པས།
སྡེ་ཚན་དེ་གི་འཐུས་མི་ ཡ་སུ་ཤི་ ཡུ་གི་གིས་ སླབ་མིའི་ནང་ ད་རེས་ ཇ་པཱན་གྱི་ ཕུ་ཀུ་ཤི་མ་མངའ་སྡེའི་ མི་སེར་ཚུ་གི་ཁ་ཐུག་ལས་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ དམིགས་བསལ་དུ་ ཅེ་རི་ཤིང་གི་ལྕངམ་ཚུ་ ཕུལ་དགོ་མི་དེ་ཡང་ སྤྱི་ལོ་༢༠༡༡ ལུ་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ ཁོང་སྡོད་སའི་ ས་གནས་ནང་ ཆིབས་བསྐྱོད་གནང་མི་དེ་ལུ་ གུས་བཏུད་ཞུ་ནིའི་དོན་ལས་ ཨིན་ཟེར་ཨིན་པས།
མི་དབང་རྒྱལ་བཙུན་རྣམ་༢ དང་ ཞལ་མཇལ་ནིའི་ གོ་སྐབས་ཐོབ་ནི་དེ་གིས་ སེམས་ཀྱི་གདིང་ལས་ར་ དགའ་བ་དང་ སྤྲོ་བ་ཚད་མེད་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཅེ་རི་ཤིང་གི་ལྕངམ་ཚུ་ བཀྲིས་ཆོས་རྫོང་གི་ ཉེ་འདབས་ལུ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གླང་རྒྱུག་ཕར་ཁ་རྗེས་དྲན་ལྡུམ་ར་ནང་ ཁ་ཙ་ བཙུགས་ཡོདཔ་ཨིན་པས།
སོ་ནམ་པ་ལས་ སྲིད་དོན་པ་ལུ་གྱུར་ཡོད་མི་ མི་ཧ་རུ་གི་ ཁྲོམ་སྡེའི་སྤྱི་ཁྱབ་ ཡོ་ཤི་ནོ་རི་ སུ་ཛུ་ཀི་གིས་ སླབ་མིའི་ནང་ མི་དབང་རྒྱལ་བཙུན་རྣམ་༢ ཀྱིས་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༡ པའི་ནང་ ས་ཡོམ་གྱི་ རྐྱེན་ངན་བྱུང་བའི་ཤུལ་ལས་ ཞབས་བཅགས་གནང་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ དགའ་སྤྲོ་སྦོམ་བྱུང་སྟེ་ ཡོད་ཟེར་ཨིན་པས།
ཁྲོམ་སྡེའི་སྤྱི་ཁྱབ་ སུ་ཛུ་ཀི་གིས་ སླབ་མིའི་ནང་ མཛའ་མཐུན་ལུ་དམིགས་ཏེ་ ཤིང་གི་ལྕངམ་ཕུལ་བའི་ ལས་འགུལ་དེ་གིས་ རྒྱལ་ཁབ་༢ ཀྱི་ མཐུན་ལམ་གོང་འཕེལ་ཐོག་ མི་སྡེ་དང་ མི་སྡེའི་བར་ན་ མཐུན་ལམ་རྒྱ་བསྐྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་ཧ་རུ་གི་ མཛེས་ཆ་ལྡན་པའི་ ཅེ་རིའི་ཤིང་དེ་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་ མི་སེར་ཚུ་གི་བར་ན་ མོས་མཐུན་གྱི་ གོང་འཕེལ་ལས་རིམ་ཚུ་ནང་ མཉམ་འབྲེལ་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ སྡེ་ཚན་དེ་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ བཀོད་ཡོདཔ་ཨིན་པས།
ལས་རིམ་དེ་ འཕྲལ་ཁམས་ལུ་འགོ་བཙུགས་ཡོད་མི་ ཕུ་ཀུ་ཤི་མ་ ཏཱ་ཀི་ས་ཀུ་རུ་ འབྲུག་གི་ལས་འགུལ་ཟེར་མི་དེ་གི་ཐོག་ལས་ཨིནམ་ད་ ལས་འགུལ་དེ་ ཕུ་ཀུ་ཤི་མ་གི་ ཁྲོམ་སྡེ་ཆུང་བ་ཅིག་ཨིན་མི་ མི་ཧ་རུ་གི་ མི་འབོར་༢༠,༠༠༠ དེ་ཅིག་ཡོད་མི་ཚུ་གིས་ མི་དབང་རྒྱལ་བཙུན་རྣམ་༢ ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ མ་འོངས་པ་ལུ་ མཉམ་འབྲེལ་གོང་འཕེལ་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་གི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment