གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ལས་མིའི་གླ་ཆ་ ཡར་སེང་འབད་ནི་ལུ་ དུས་ཚོད་འགོར་ནི།

༡/༣/༢༠༡༣   ༉ ལས་གཡོག་ལྷན་ཁག་གིས་ རྒྱལ་ཡོངས་ལས་མིའི་གླ་ཆ་ བརྒྱ་ཆ་༢༠ ཡར་སེང་འབད་ནི་ཨིན་ཟེར་མིའི་ གནད་དོན་ཐོག་ལུ་ གྲོས་བསྡུར་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཡོངས་ལས་མི་ གླ་ཆ་ཡར་སེང་འབད་ནི་དེ་ ད་ལྟོ་ལྷན་རྒྱས་གཞུང་ཚོགས་ནང་ བཙུགས་ཏེ་ཡོདཔ་ལས་ ད་ལྟོའི་གཞུང་གི་སྐབས་ལུ་ ཡར་སེང་འབད་མི་ཚུགསཔ་འོང་ཟེར་ཨིན་པས།



རྒྱལ་ཡོངས་ལས་མི་གི་ གླ་ཆའི་ཐད་ཁར་ བརྟག་ཞིབ་འབད་ནིའི་དོན་ལུ་ ཚོགས་ཆུང་ཅིག་བཟོ་ཡོདཔ་བཞིན་དུ་ དེ་ནང་ གཞུང་དང་ ལཱ་གཡོག་སྤྲོད་མི་ དེ་ལས་ ལཱ་གཡོག་འཚོལ་མི་༣ ཚུད་དེ་ཡོད་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཡོངས་ལས་མི་གླ་ཆ་དེ་ ཉིནམ་རེ་ལུ་ དངུལ་ཀྲམ་༡༦༥ ཨིནམ་ད་ ལས་མིའི་གླ་ཆ་ཉུང་ཤོས་དེ་ དངུལ་ཀྲམ་༡༠༠ སྦེ་བཞག་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་འཁོད་ཀྱི་ རིག་རྩལ་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མཐར་འཁྱོལ་ཏེ་ རྒྱལ་ཡོངས་ལག་ཁྱེར་འཆང་མི་ཚུ་གི་དོན་ལུ་ གླ་ཆ་དེ་ཅིག་ཨིན་ཟེར་ བཟོ་སྟེ་མེདཔ་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷན་ཁག་གིས་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཉུང་ཤོས་ཀྱི་ཚད་གཞི་ བཟོ་ཚར་བའི་ཤུལ་ལུ་ ལས་མི་ཚུ་ལུ་ དེ་ལས་ཉུངམ་སྦེ་ སྤྲོད་མ་ཆོགཔ་མ་གཏོགས་ མཐོ་དྲགས་པ་ཁྱད་མེད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ལས་མིའི་གླ་ཆ་ བསྐྱར་བཟོ་འབད་བའི་སྐབས་ རྒྱལ་ཁབ་ཀྱི་ དབུལ་ཕོངས་ཀྱི་དཀའ་ངལ་དང་ སྐྱ་ནམ་གྱི་གོང་ཚད་ཚུ་དང་འཁྲིལ་ཏེ་ བཟོཝ་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ལས་མིའི་གླ་ཆ་ ཡར་སེང་འབད་ནི་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཐོ་ཕོག་ནི་ཨིནམ་ལས་ བསྐྱར་བཟོ་འབད་བའི་སྐབས་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་ཞིནམ་ལས་འབད་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ལས་གཡོག་དྲུང་ཆེན་ པདྨ་དབང་དྲགས་ཀྱིས་འབད་བ་ཅིན་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཡར་སེང་འབད་ནི་དེ་ དུས་ཚོད་དུམ་གྲ་ཅིག་འགོར་ནི་མས་ཟེར་ སླབ་ཨིན་པས།
དེ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ནང་ སྤྱན་འབུལ་འབད་བའི་ཤུལ་ལུ་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཚོགས་ཆུང་འཚོགས་ཏེ་ ཡོད་མི་དེ་གིས་ རྒྱལ་ཡོངས་ལས་མི་གླ་ཆ་ ཡར་སེང་འབད་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཐོ་ཕོག་མི་ཕོག་ དབྱེ་བ་དཔྱད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ལས་མིའི་ གླ་ཆ་ཉུང་པ་ཅིན་ ལས་བྱེདཔ་མ་ཐོབ་པའི་ དཀའ་ངལ་སྦོམ་ཐོན་འོང་ཟེར་ཨིན་པས།
རིག་རྩལ་མེད་མི་ ལས་བྱེདཔ་ཚུ་ལུ་ ཉིནམ་རེ་ལུ་ དངུལ་ཀྲམ་༡༠༠ དང་ རིག་རྩལ་ཅན་གྱི་ ལས་བྱེདཔ་ཚུ་ལུ་ དངུལ་ཀྲམ་༡༦༥ བྱིན་པའི་བསྒང་ལས་ ལས་བྱེདཔ་མང་ཤོས་ཅིག་གིས་ གླ་ཆ་ག་མཐོ་སར་ འཛུལ་འགྱོཝ་མས་ཟེར་ གཞུང་གི་འགོ་དཔོན་ཚུ་གིས་བཤདཔ་ཨིན་པས།
ད་རེས་ནངས་པ་ གློག་མེ་ལས་འགུལ་དང་ སྒེར་སྡེ་ཚུ་ནང་ རྒྱལ་ཡོངས་ལས་མིའི་ གླ་ཆ་དང་ཕྱདཔ་ད་ ལོག་ལྟབ་བྱིན་པའི་བསྒང་ལས་ མི་མང་ཤོས་ཅིག་གིས་ དེ་ནང་ ལཱ་འབད་བར་འགྱོཝ་མས་ཟེར་ཨིན་པས།
རྫོང་ཁག་ཅིག་གི་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ ལས་བྱེདཔ་མང་ཤོས་ཅིག་གིས་ འཁོར་ལམ་བདའ་སྟེ་ ལཱ་འབད་ནི་བཀོག་བཞག་སྟེ་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ གླ་ཆ་མཐོ་ནི་དེ་གིས་ དེ་ནང་ ཡར་སོ་ཡི་ཟེར་ཨིན་པས།
ཤུལ་ལས་ ཁོ་གིས་ གླ་ཆ་ཡར་སེང་འབད་ནི་ཨིན་ཟེར་ སླབ་སྟེ་འབད་རུང་ གཞུང་གི་ཁ་ཐུག་ལས་ འབད་ནི་མེདཔ་ལས་བརྟེན་ དེ་ཅིག་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པས།
སྒེར་དང་ ལས་འཛིན་ཚུ་ནང་ རིག་རྩལ་ཅན་གྱི་ ལས་བྱེདཔ་ཚུ་ལུ་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་༨ ལཱ་འབད་བའི་ཤུལ་ལུ་ གླ་ཆ་དངུལ་ཀྲམ་༣༠༠ དང་ རིག་རྩལ་མེད་མི་ཚུ་གིས་ ཉིནམ་རེ་ནང་ དངུལ་ཀྲམ་༡༥༠ རེ་ཐོབ་དོ་ཡོདཔ་མ་ཚད་ ད་རུང་ དུས་ཚོད་ཐེབས་ ལཱ་འབད་བའི་སྐབས་ལུ་ དུས་ཐེབས་ཀྱི་ གླ་ཆ་ཚུ་ཡང་ རྩིས་རྐྱབ་སྟེ་ བྱིན་དོ་ཡོདཔ་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གི་ ལས་བྱེདཔ་ཚུ་ཡང་ སྒེར་སྡེ་ཚུ་ནང་ ཤོར་སོ་ཡི་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༠ ལས་ འགོ་བཙུགས་ཏེ་ ཁོ་གི་ ལྷན་ཁག་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ ལཱ་གི་གནས་སྟངས་དང་འཁྲིལ་ཏེ་ ཁག་འབག་གི་ཐོག་ལས་ གླ་ཆ་ཚུ་ རྩིས་རྐྱབ་སྟེ་ སྤྲོདཔ་ཨིན་ཟེར་ སླབ་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment